(མཚན་ཉིད་དང་རྡོ་རྗེ་ཐེག་པའི་ཁྱད་པར།)
མཚན་ཉིད་དང་རྡོ་རྗེ་ཐེགས་པའི་ཁྱད་པར་ནི། རང་གི་ལུས་ངག་ཡིད་གསུམ་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་པ་ར་མ་ཏ་དྲུག་ལམ་ཏུ་བྱས་ཏེ་རྒྱུ་དེ་ལ་རྟེན་ནས། འབྲས་བུ་སྐལ་པ་གྲངས་མེད་པ་གསུམ་མམ་སོ་དྲུག་འདོད་པ་མཚན་ཉིད། དེ་ལ་ཅིའི་ཕྱིར་མཚན་ཉིད་ཞེས་ན། ཆོས་སྤྱི་དང་རང་གི་མཚན་ཉིད་ཐམས་ཅད་རྣམ་པར་འབྱེད་པ་སྟེ། འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་པའོ་ཞེས་པའི་ཚུལ་དུའོ། །ཡང་རང་གི་བྱང་ཆུབ་སེམས་ལུས་ངག་ཡིད་གསུམ་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་ཀ་པ་རྩར་(སྐུ་གསུང་ཐུགས་)བྱས་ནས། དེ་ལ་དག་པ་གསུམ་མམ་བྱང་ཆུབ་པ་ལྔ་འམ་སྐད་ཅིག་དྲན་རྫོགས་ཀྱིས་བསྒོམས་ཞིང་སྒྲུབས་པས་འབྲས་བུ་ཚེ་འདི་འམ་བར་མ་དོ་འམ་བཅུ་དྲུག་ཚུན་ཆད་ཀྱིས་སངས་རྒྱས་བ་དེ་རྡོ་རྗེའི་ཐེགས་པ་ཞེས་བྱའོ། །དེ་སྐད་དུ་ཡང་གསར་སྙིང་ལས་
༄༅། །ངེས་དོན་གྱི་ཐེགས་པ་འདི་འབྲས་བུ་ལམ་དུ་བྱེད་པ་ཡིན་ཞེས་པ་དང་། ཅིའི་ཕྱིར་ཐེགས་པ་ཞེས་བྱ་ཞེས་ན་རྡོ་རྗེ་འཆང་གིས་གསུང་པ་དེ་ཐོབ་པར་བྱེད་པའི་རྒྱུ་སྟེ། འབྲས་བུའི་མིང་རྒྱུ་ལ་བཏགས་པའོ། །འཚངས་རྒྱ་བའི་དུས་ཀྱང་དཔལ་མཆོག་ལས། སྐྱེ་བ་འདི་དང་བར་མ་དོར། །རབ་དགའ་སྒྲུབས་པར་བྱེད་པའི་མཆོག །གཞན་ཚེ་བཅུ་དྲུག་དག་གིས་ཀྱང་། །རྡོ་རྗེ་མཛིན་པ་ཆེན་པོ་ཐོབ། །ཞེས་སོ། །