ལྡེའུ་ཆོས་འབྱུང་།
ལམ་སྒྲུབ་པའི་དུས་ཀྱི་ཁྱད་པར།
Previous Chapter
Next Chapter

(ལམ་སྒྲུབ་པའི་དུས་ཀྱི་ཁྱད་པར།)

ལམ་སྒྲུབས་པའི་དུས་ཀྱི་ཁྱད་པར་ནི། གསང་སྔགས་བདེ་བ་ལམ་དུ་བྱེད་པ་ལ་གང་ཟག་གཅིག་གི་ལུས་ལ་རྩ་སྟོང་

81b

ཕྲག་ཕྱེད་དང་ལྔ་ཡོད་པས། བདེ་བ་རྩ་ལས་འབྱུང་པས། རྩའི་གདམས་ངག་ལ་བརྟེན་ནས་འབྲས་བུ་འདོད་པ་མ་རྒྱུད་དོ། །དེ་ལྟར་ཡིན་པ་བདེ་བ་ལ་སྟོང་པས་རྒྱས་འདེབས་དགོས་པ་དང་། རྩ་དཀྲུག་པ་ལ་རླུང་དགོས་པས། གང་ཟག་གཅིག་གི་ལུས་ལ་རླུང་སྟོང་ཕྲག་སུམ་བཅུ་རྩ་གསུམ་ཡོད་པས། སྟོང་པ་རླུང་ལས་འཚོལ་བས། རླུང་ལས་འབྲས་བུ་འཚོལ་བས་ན་ཕ་རྒྱུད་དོ། །དེ་ལྟར་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས། རླུང་གི་དེ་ཉིད་རྟོགས་གྱུར་པ། །དེ་ནི་རྣལ་འབྱོར་ཕའི་རྒྱུད་ཡིན་ཏེ། །རྩའི་དེ་ཉིད་རྟོགས་པ་ནི། །དེ་ནི་རྣལ་འབྱོར་མའི་རྒྱུད་ཞེས་སོ། །ཡང་ན་བྱམས་པ་སྔོན་དུ་སྒོམས་པ་མ་རྒྱུད། སྙིང་རྗེ་སྔོན་དུ་སྒོམས་པ་ཕ་རྒྱུད་དོ། །ཡབ་ཡུམ་ལྕང་ལོ་འཁྱིལ་བ་ལས། བྱམས་པའི་རླན་གྱིས་འགྲོ་བ་སྒྲོལ། །རྣལ་མ་ཡིས་ནི་སྔོན་ལ་སྒོམས། །སྙིང་རྗེའི་ཆུ་ཡིས་སེམས་ཅན་རླན། །རྣལ་འབྱོར་པའི་སྔོན་ལ་བསྒོམས་ཞེས་སོ། །