(བཀའ་ཡི་བསྡུ་བ་དང་པོ་བསྟན་པ།)
དེ་ལྟར་འབུད་དྷ་འདས་པའི་རྗེས་ལ་མི་རྣམས་དང་ལྷ་ཚེ་རིངས་པོ་རྣམས་ན་རེ། འབུད་དྷའི་སྟན་པ་ནི་གུད་པར་གྱུར་རོ། །འབུད་དྷ་འདས་པའི་དུས་སུ་འཁོར་བཟང་པོ་མང་པོ་ཡང་འདས། དགེ་སློང་ཚེ་ལ་དབང་ཐོབ་པ་མང་པོ་
ཡང་བཟླས་པས། ད་ནི་འབུད་དྷའི་སྟན་པའི་མ་མོ་མདོ་སྡེ་སུས་སྒྲོགས་ཞེས་དབྱེ་ཞིང་གླེང་ངོ་། །དེ་སྐད་དུ་གླེང་པ་དེ་འོད་སྲུངས་བགྲེས་པོས་ཐོས་ནས། དེ་ལ་ཆོས་ཀྱིས་བསྡུ་བ་བྱེད་པར་དགོངས་ཏེ། དགེ་སློང་དག་ཐམས་ཅད་འདིར་འདུག་ཅིག་ཞེས་སྨྲས་པས། དེ་མ་འགག་པས་ཐོས་ནས་མ་འགག་པས་གྷན་དྷེ་གདུང་པས་དེར་དགེ་སློང་ཀུན་འདུས་ཏེ། དགེ་སློང་ལྔ་བརྒྱས་དགྲ་བཅོམ་པ་ཐོབ་ནས་ཡོད་པས་གཅིག་མ་ཚངས་ནས། ཁོ་ག་ན་འདུག་བལྟས་པས་དེ་ནི་སྔར་ཚུལ་ཁྲིམས་ཉམས་པས། སྐྱེ་བ་ལྔ་བརྒྱར་བ་གླང་དུ་སྐྱེས་ནས། དུས་འདིར་མི་ལུས་ཐོབ་པ་ཡང་མེད་པ་གཉིས་པ་ལས། ལུས་བ་གླང་གི་སྤུ་ཅན་ཤིན་དུ་མི་མཛེས་པ་གཅིག་དུ་སྐྱེས། དེས་དགྲ་བཅོམ་པ་ཐོབ་ཀྱང་དགེ་སློང་གཞན་རྣམས་ཀྱིས། བཅས་འདོགས་པས་སྡིག་པ་སོགས་པར་འདུག་པས། བུད་དྷས་སུམ་བཅུ་རྩ་གསུམ་གྱི་ཤ་རི་ཤ་ཀའི་གཙུགས་ལགས་ཁང་དུ་བསྒོམ་དུ་བཅུག་པས། དེ་ན་འདུག་གོ །དེ་ནས་མ་འགག་པ་ལ་འོད་སྲུངས་ཀྱིས་སྨྲས་པ། བུ་རྣ་ཀི་ནད་པར་གྱུར་ཅིག །ཁྱོད་སོང་ལ་བ་གླང་བདག་བོས་ལ་ཤོག་ཅེས་སྨྲས་པ་དང་། གང་པོས་རྫུ་འཕྲུལ་གྱིས་ཕྱིན་ཏེ་བ་གླང་བདག་དང་ཕྲད་པས། ཁོ་འདོད་ཆགས་དང་བྲལ་བ་ཡིན་པས། འབུད་དྷ་འདས་པར་ཤེས་ཀྱང་རེ་ཤིག་དྲིས་པས། བུ་རྣ་ཀི་ནད་མེད་པར་གྱུར་ཅིག །བུད་དྷ་བ་ག་བན་ལོ་ག་གཞན་དུ་མ་གཤེགས་སམ། དགེ་སློང་གི་དགེ་འདུན་རྣམས་བརྩོད་པ་མེད་དམ། འགྲོ་བའི་
༄༅། །གྲུའི་སྐྱ་བ་མཛིན་པ་མེད་པས་ཆོས་ཀྱི་འཁོར་ལོ་མུ་སྟེགས་ཀྱིས་མ་ཟློག་གམ། གྲོགས་ཚངས་པ་ཚུངས་པར་སྤྱོད་པ་ཀུན། ཁ་ཐོན་བཞག་ནས་བྲེ་མོ་གཏན་གྱིས་དུས་འདའ་བར་མ་བྱས་སམ། སད་པར་བྱེད་པའི་མགོན་པོ་མ་གཟིགས་སམ། ཞེས་སྨྲས་པ་དང་། གང་པོས་ཚིགས་སུ་བཅད་དེ་སྨྲས་པ། བློ་ལྡན་སྟན་པ་གནས་པའི་ཕྱིར། །ཉན་ཐོས་དགེ་འདུན་ཀྱང་འདུས། །བསྡུས་པ་ཀུན་ཀྱང་བློ་མཐུན་ཏེ། །ཁྱོད་ལ་རིང་དུ་བསྡོད་ཅིང་མཁོད། །བདག་འདིར་ཕོ་ཉར་མཆིས་པ་འང་། །རྒྱུ་མེད་པར་ནི་འོངས་པ་མིན། །དེ་བས་ཁྱོད་ནི་བཞུད་པར་རིགས་ཞེས་པ་དང་། བ་གླང་བདག་གི་སྨྲས་པ། ཆོག་གོ་ཆོག་གོ་སྤུརྣ་ཀི། །དེ་སྐད་དག་ནི་མ་ཟེར་ཅིག །འགྲོ་བའི་འགྲོན་པོ་སྒྲོན་མ་བཞུགས་ས་དེར། །བདག་ལ་འགྲོ་བར་བྱ་བའི་བློ་ཡོད་ཀྱང་། །དེ་དག་ཕ་རོལ་གཤེགས་གྱུར་ན། །བློ་ལྡན་གང་ཞིག་འཇིག་རྟེན་དེང་བདག་འགྲོ། །ལྷུང་བཟེད་ཆོས་གོས་རྣམ་གསུམ་འདི་ཁྱེར་ལ། །ཁྱོད་ཀྱིས་དགེ་འདུན་རྣམས་ལ་འབུལ་བར་གྱིས། །བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོ། །བདག་གིས་ནོང་འཕགས་ལ་བཟོད་པར་གསོལ། །ཞེས་སྨྲས་ནས་མྱ་ངན་ལས་འདས་སོ། །དེ་ནས་གང་པོས་དེའི་དབུ་སྐྲ་ལ་མཆོད་གནས་བྱས་སོ། །ལྷུང་བཟེད་དང་ཆོས་གོས་ཁྱེར་ནས་རྩ་མཆོག་དུ་འོངས་ཏེ། རྒན་རིམས་རྣམས་ལ་སྨྲས་པ། མགོན་པོ་སྐུ་མེད་པར་ནི་ཐོས་ནས་སུ། །དེར་ནི་རང་གི་རྣམ་སྨིན་ཞིང་། །ཆོས་གོས་
ལྷུང་བཟེད་འདི་དག་ཡིན། །དེ་ཡིས་དགེ་འདུན་རྣམས་ལ་བཟོད་གསོལ་བྱས། །ཅེས་སྨྲས་པ་དང་། ཡང་འོད་བསྲུངས་ཀྱིས་དགེ་འདུན་རྣམས་ལ་སྨྲས་པ། ཇི་ལྟར་དེ་ནི་འཕགས་པའི་ཚུལ་གྱིས་འདུས། །གཞན་གྱིས་དེ་བཞིན་རབ་ཞིར་འཇུག་མི་བྱ། །དེ་བས་ཇི་སྲིད་དགོས་པའི་དོན་བྱ་ཞིང་། །གཞན་ཕན་འཚོགས་ནས་དེ་སྲིད་འགྲོ་བར་བྱ། །ཞེས་བརྗོད་ནས་ཐམས་ཅད་ཀྱིས་མྱ་ངན་ལས་མི་འདའ་བར་དམ་བཅའ་བྱས་སོ། །ཡང་འོད་སྲུངས་ཀྱིས་སྨྲས་པ། ཇི་ལྟར་བསོད་ནམས་ལས་ཀྱི་ཞིང་གྱུར་པ། །ཤ་ཤི་ར་ཀ་སེམས་ཅན་བ་གླང་བདག །དེ་ལྟ་དེ་ལྟར་ཁྱེད་ཀྱིས་མི་བསམ་དེ། །འགྲོ་དོན་དགོངས་ཕྱིར་འཚོགས་ན་བློ་གྲོས་བྱ། །ཞེས་སྨྲས་སོ། །དེ་ནས་གཉིས་པ་གང་དུ་བསྡུ་བའི་གནས་ནི། གནས་གང་དུ་འཚོགས་ཅེས་གྲོས་པ་ལས། དེར་ཁ་ཅིག་ན་རེ་རྩ་མཆོག་དུ་བྱ་ཞེས་ཟེར་བ་ལས། དེར་སྔོན་འབུད་དྷ་འདས་པའི་ཤུལ་ཡིན་ཏེ། འདས་པ་རྒྱུས་མེད་པ་ཀུན་གྱིས་དེའི་ལོ་རྒྱུས་ཐོས་ན་དེ་དག་མྱ་ངན་བྱེད་པ་དང་། སེམས་གཡེའ་བ་དང་སྙིང་མི་དགའ་ཟེར། ཡང་ཁ་ཅིག་ན་རེ་རྡོ་རྗེ་གདན་གྱི་རྩ་ན་ཡུལ་མཉམ་དགའ་བྱ་བ་ཡོད་དེ། དེ་ན་སྟོན་པ་ཆོས་ཀྱི་སྐུ་མཉེས་པ་དང་བཀྲ་ཤིས་པའི་གནས་ཡིན་པས་དེར་བྱ་འམ། རུང་པ་དག་རྒྱལ་པོའི་གསང་པའི་བྲག་ཕུག་དུ་རུང་བ་ཡིན་ཏེ། དེ་ན་ཡོན་བདག་མེད་བྱས་པས། འོ་ན་ཡུལ་མ་ག་ཏའི་ཐུབ་པ་ལུས་འཕགས་མོའི་གླིང་ན། འབུད་དྷའི་སྟན་པ་ལ་
༄༅། །དད་པའི་ར་རྩ་མ་སྐྱེས་དགྲ་བྱ་བ་ཡོད་པས། དེ་ལ་ཡོན་བདག་བཅོལ་ལ་བཀའ་བསྡུ་བ་བྱའོ་ཞེས་ནས། ཀུན་དགའ་བོས་ལྗོང་རྒྱུ་ཞིང་བཞུད། འོད་སྲུངས་ཀྱིས་ལམ་དྲངས་པོར་བཞུད་པས། ར་རྩ་མ་སྐྱེས་དགྲ་དང་ཕྲད་ནས་གར་འགྲོ་དྲིས་པ་དང་། འབུད་དྷ་ནི་འདས་ད་ཆོས་ཀྱི་བསྡུ་བ་བྱེད་པ་ཡིན་སྨྲས་པས་དེར་ར་རྩ་དགྱེལ་ལོ། །དེ་ནས་བརྒྱལ་སངས་པ་དང་མ་འགག་པས་སེམས་གསོས་ནས། འབུད་དྷ་ལ་མྱ་ངན་འདས་བྱ་བ་མེད་དེ། ཉན་ཐོས་ལ་སོགས་པའི་སྣང་པ་ལ་འདའ་བའི་ཚུལ་སྟན་པ་ཡིན་བྱས་པས། འོ་ན་འོ་སྐོལ་རྣམས་ལ་མཆོད་པའི་གནས་སམ་རྟེན་མེད་པས་ཇི་ལྟར་བྱ་ཞེས་དྲིས་པ་དང་། ད་དེའི་བཀའ་གྲོས་བསྡུ་བ་རྩམ་ཅིག་བྱེད་པ་ཡིན་པས། དེ་ལ་རྩ་མཆོག་དུ་ཡང་མ་རུང་། འོད་མའི་ཚལ་དུ་བྱ་སྙམས་པས་ཀྱང་སྔོན་སྟོན་པས་ཆོས་གསུང་པའི་གནས་ཡིན་པས་དེར་ཡང་སྙིང་མ་དགའ། རུང་པ་དག་ནི་ཉ་ཏྲོ་ཏ་ཞེས་པ་རྒྱལ་པོའི་ཁབ་གསང་པའི་བྲག་ཀྱང་ཟེར་ལ་ལྷ་མ་ཡིན་གྱི་ཕུག་ཀྱང་ཟེར་བ་དེར་འོས་ལ་རུང་བ་ཡིན་ཏེ། དབེན་པ་ཡིན་ཏེ་དེ་ན་ཚུལ་སྦྱོར་མཁན་ཡང་མེད་པས། ད་ཡུལ་མཉམ་ཀར་འགྲོ་འམ་སྙེན་བྱས་པས། མ་སྐྱེས་དགྲ་ན་རེ་འོ་ན་གསང་པའི་བྲག་ཕུག་དུ་འདེང་ངོ་། །ཚུལ་སྦྱོར་བའི་ཡོན་བདག་བདག་གི་བྱས་ལ། དབྱར་ཟླ་བ་གསུམ་གྱི་འཚོ་བ་དང་གནས་མལ་སྦྱར་གྱིས་དེར་གཤེགས་པར་ཞུའོ། །
འབུད་དྷ་དང་ཤ་རིའི་བུས་ཀྱང་ང་ལ་མ་དྲིས་པར་མྱ་ངན་ལས་འདས། འཕགས་པ་འོད་སྲུངས་ལ་སོགས་པ་ཁྱེད་རྣམས་ཀྱང་། མྱ་ངན་ལས་མི་འདའ་བའི་དབང་ཡོད་པ་ཡིན་པས། རྒྱ་ལ་ན་འདའ་ན་ཡང་ང་ལ་མ་དྲིས་པར་མི་འདའ་བར་ཞུའོ། །ཞེས་པ་དང་། འོད་སྲུངས་ཀྱིས་དེ་ལྟར་ཞལ་གྱིས་བཞེས་ཏེ། ད་རུང་དུ་སྐུ་མ་འདས་པར་རི་བོ་བཞིའི་བར་ན་ས་མ་ཏི་ལ་བཞུགས་ཏེ། ལན་གཅིག་བྱམས་པ་བྱོན་རྩ་ན་ཆོས་གོས་ལ་སོགས་པ་གསོལ་ནས་སྔར་གྱི་ཚུལ་བཞིན་དུ་བཞེངས་ནས་སེམས་ཅན་གྱི་དོན་ཀྱང་བྱེད་པ་ཡིན་སྐད། དེ་ནས་བ་གླང་བདག་གྲོངས་པས་དགྲ་བཅོམ་པ་ལྔ་བརྒྱ་ཡང་མ་ཐེམ་ནས། ཡང་གྲོས་པས་འབུད་དྷ་ཞལ་བཞུགས་རྩ་ན་ཀུན་དགའ་བོ་ལ་བསྡུད་པ་པོ་གཏད་པས་ཀུན་དགའ་འོས་སམ་ཞེས་གྲོས་པ་དང་། ཀུན་དགའ་བོ་ནི་སླབ་མ་རྒྱུན་དུ་ཞུགས་པ་ཡིན་པས་དགྲ་བཅོམ་པ་མ་ཐོབ་བམ་སྙམས་ཡོད་རྩམ་ན། མ་འགགས་པ་གཟིགས་པས་འབྲས་བུ་མ་ཐོབ་པར་འདུག་ནས། ཁོ་ནི་འདིར་འོང་ཡང་མི་འོང་ལ་བྱུང་ཡང་ཆོས་ཀྱི་བསྡུ་བ་མི་མཛད་པར་གཟིགས་ཏེ། ད་ཐབས་གང་གིས་འབྲས་བུ་ཐོབ་དུ་བཞུགས་སྙམས་ནས། མངོན་ཤེས་ཀྱི་གཟིགས་པས། ཁོ་ལ་གསོལ་བ་བཏབ་པས་མི་ཕན་དེ་བརྒྱད་བཀག་བྱས་པས་ཕན་པར་གཟིགས་ནས། འོད་སྲུངས་ལ་དེ་སྐད་དུ་གསུངས་པ་དང་། ཞེས་སྨྲས་པ་དང་། འོད་སྲུངས་ཀྱིས་མ་འགག་པ་ལ་གཟིགས་ཏེ། སྨྲས་པ། དགེ་སློང་
༄༅། །འདི་དག་གི་ནང་ན་དགེ་སློང་ཉོན་མོངས་པ་མ་སྤང་པ་ཡོད་དམ་ཞེས་སྨྲས་པ་དང་། མ་འགག་པ་ན་རེ་དེ་ནི་ཀུན་དགའ་བོར་གདའོ་ཞེས་པ་དང་། འོད་སྲུངས་ཀྱི་ཀུན་དགའ་བོ་ལ་སྨྲས་པ། ཉོན་མོངས་པ་ཅུང་ཟད་ཀྱང་མ་སྤངས་པའི་ཀུན་དགའ་བོ་ཁྱོད། རང་མཆོག་འདུས་པའི་གནས་འདིར་མ་འདུག་ཅིག །ངེད་རྣམས་དང་ལྷན་ཅིག་གནས་པར་མི་རུང་ངོ་ཞེས་སྨྲས་པ་དང་། ཀུན་དགའ་བོ་དྲེད་པའི་ངག་གི་སྨྲས་པས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་བདག་གིས་ནི་ཚུལ་ཁྲིམས་ཉམས་པར་ཡང་མ་བྱས། སྤྱོད་ལམ་དང་ལྟ་བ་དང་འཚོ་བ་དང་། བཙོན་འགྲུས་ཉམས་པར་ཡང་མ་བྱས། དགེ་འདུན་ལ་ཉེས་པ་ཅུང་ཟད་ཀྱང་མ་བགྱིས་ན། བཙུན་པ་འོད་སྲུངས་ཆེན་པོ་དེ་སྐད་དུ་ཅི་ལ་གསུང་། འོན་ཀྱང་ཉེས་པ་དག་གདའ་ན་གསུང་ཤིག །བདག་གིས་བཟོད་པར་བགྱིའོ་ཞེས་སྨྲས་པ་དང་། དེ་ལ་འོད་སྲུངས་ཀྱིས་སྤྱོ་བ་བརྒྱད་གསུང་པས། ཆུ་རྙོག་ཅན་བླུད་དང་ནམ་བཟའ་རྡོག་གིས་རྫིས། །ལན་ལོགས་བཏབ་དང་སྐུ་སྟན་དང་། །གསང་བ་སྟན་དང་བསྙེན་རྫོགས་ཞུས། །བཞུགས་ཞེས་གསོལ་བ་མ་བཏབ་དང་། །བག་ཡངས་མ་ཞུས་སྤྱོ་བ་བརྒྱད་ཞེས་པའི་དོན་སྟེ། འོད་སྲུངས་ན་རེ་ཀུན་དགའ་བོ། ཁྱོད་ཀྱི་སངས་རྒྱས་ཀྱི་དྲུང་དུ་དུས་རྟགས་དུ་འདུག་ནས་ཉེ་གནས་བྱེད་པ་ལ། ཚུལ་ཁྲིམས་ལ་སོགས་པ་ཉམས་པར་མ་བྱས་པ་ངོ་མཚར་ཅི་ཆེ། ལོངས་ལ་ཚུལ་ཤིང་དག་ཟུང་ཤིག །ཁྱོད་ཀྱི་ཉེས་པ་དག་བསྟན་པར་བྱའོ་ཞེས་པ་དང་། ཀུན་དགའ་བོ་
སྟན་ལས་ལངས་སོ། །དེ་མ་ཐག་ཏུ་སྟོང་གསུམ་གྱིས་འཇིག་རྟེན་ཁམས་འདི་ལྡེག་པར་གྱུར་ཏེ་འགུལ་ཞིང་ལྡེག་གོ །ལྷའི་བུ་རྣམས་ཀྱང་ཨེ་མ་ཨ་ལ་ཞེས་ངོ་མཚར་གྱི་ཚིག་སྨྲ་ཞིང་། འཕགས་པ་འོད་སྲུངས་ནི་བདེ་བར་སྨྲ་བའི་གོ་ནས་ལུས་འཕགས་ཀྱི་གླིང་འདི་ན་འཕགས་པ་འོད་སྲུངས་ཀྱི་འཕགས་པ་དང་འདྲ་བའི་ཀུན་དགའ་བོ་ལ། རབ་ཏུ་དྲག་པོའི་སྤྱོ་བ་བྱེད་ཞེས་ཟེར་རོ། །དེ་ནས་འོད་སྲུངས་ན་རེ་བུད་དྷ་ཤིང་ས་ལ་ཟུང་གི་ཚལ་ན་སྐུ་སྙུངས་ནས་བཞུགས་པ་ལ། ཀུན་དགའ་བོ་ཆུ་གྲོངས་དང་གསུངས་པས། ཁྱོད་ཀྱིས་ཆུ་རྙོགས་མ་ཅན་གྲངས་སྟེ། དེས་ལན་ནས་འབུད་དྷ་གྲོངས་པ་ཡིན་ཞེས་སྨྲས་པ་དང་། ཀུན་དགའ་བོ་ན་རེ་དེའི་དུས་སུ། རྒྱལ་པོ་གཟུགས་ཅན་སྙིང་པོས་ཆུ་བོ་ན་ར་ཛ་ར་ལ་གླང་པོ་ཆེ་ལྔ་བརྒྱ་བསྒྲལ་བས་ཆབ་དངས་པ་མ་རྙེད་ཞེས་སྨྲས་པས། ཡང་འོད་སྲུངས་ཀྱིས་ཞལ་ནས་རིན་པོ་ཆེ་མཛེས་པའི་སྣོད། ནམ་མཁའ་ལ་བཟེད་པས་མོད་ལ་དེར་ལྷའི་བུ་རྣམས་ཀྱིས་བདུད་རྩིའི་ཆབ་ཀྱིས་འགེངས་པ་ཡིན་ཏེ། ཞེས་སྨྲས་པ་དང་། ཁོ་ན་རེ་འོ་ན་དེ་སྤོང་པ་མ་འཚལ་པས་འོད་སྲུངས་ཆེན་པོའི་སྐུ་ལ་བཟོད་པར་གསོལ། ཞེས་སྟེ་ཉེས་པ་དང་པོའོ། །གཞན་ཡང་ཉེས་པ་དག་ཡོད་དེ་འབུད་དྷའི་ཆོས་གོས་སྒྲུབས་པའི་དུས་སུ། ཁྱོད་ཀྱིས་རྡོག་པས་མནན་ནས་རྩེམས་ཞེས་བྱས་པས། ཁོ་ན་རེ་དེའི་མཛིན་མཁན་མ་རྙེད་ཟེར། འོད་སྲུངས་ན་རེ་དེའི་སྣ་དེ་ནམ་མཁའ་ལ་བོར་བས་ལྷའི་
༄༅། །བུ་རྣམས་ཀྱིས་དེའི་སྣ་མཛིན་པ་ཡིན་ཏེ་ཟེར། དེ་ཡང་ཁྱོད་ཀྱིས་ཉེས་ཟེར། འོད་སྲུང་ཆེན་པོའི་སྐུ་ལ་བཟོད་པར་གསོལ། ཞེས་ཏེ་ཉེས་པ་གཉིས་པའོ། །གཞན་ཡང་འབུད་དྷས་ཁྱོད་ལ་བཀའ་རྩལ་པ། ཀུན་དགའ་བོ་ངས་སྐབས་ཁ་ཅིག་དུ་དོན་གཞན་དུ་སྨྲས་པ་ལ། ཁྱོད་ལན་གཞན་དུ་འདེབས་སོ་ཞེས་བཀའ་སྐྱོན་གསུངས་ཏེ་ཉེས་པ་གསུམ་པའོ། །གཞན་ཡང་ཉེས་པ་ཡོད་དེ། འབུད་དྷ་སྐུ་གསེར་བཙོ་མ་ལྟ་བུའི་སྐུ། བུད་མེད་ལ་སྟན་ལ་སྟན་པས་དེ་ལ་བུད་མེད་ཀྱིས་མཆིལ་མ་ཕོག་པས་ཉེས་ཞེས་པ་དང་། དེ་ལ་ཌི་འདི་ལྟར་བསམས་སྟེ། འབུད་དྷའི་སྐུ་འདི་ལྟ་བུ་མཐོང་ན་མཆིལ་སྣབས་ཕོག་ཀྱང་ད་ལྟ་མགོན་སྐྱབས་དང་བྲལ་སྙམས་ནས་ཐུགས་ལ་འདོགས་སུ་རེ་བ་དང་། སེམས་ཅན་ཁ་དོགས་ངན་པ་རྣམས་དེ་ལྟ་བུའི་ཁ་དོགས་གྲུབ་པར་འགྱུར་དུ་རེ་ཞེས་པ་དང་། ཁྱོད་ལ་དེ་ལྟ་བུའི་བསམ་པ་ཡོད་སྲིད་ཀྱང་། གཞན་གྱིས་བསམ་པ་ཁྱོད་ཀྱིས་མི་རིགས་པས་ཉེས་ཏེ་ཉེས་པ་བཞི་པའོ། །གཞན་ཡང་ཁྱོད་ཀྱིས་འབུད་དྷའི་འཁོར་དང་བུད་མེད་སྤྱོད་པ་ངན་པ་རྣམས་ལ། འབུད་དྷའི་མཚན་མདོམས་ཀྱི་སྦ་བ་སྦུགས་སུ་ནུབ་པ་སྟན་པས། ཉེས་ཞེས་པ་དང་། ཁོ་ན་རེ་བདག་གིས་འདི་ལྟར་བསམས་ཏེ། མདོ་ལས་འབུད་དྷ་ནི་རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ཡིན་པས། འདོམས་ཀྱི་སྦ་བ་དེ་མཐོང་ན་བུད་མེད་རྣམས་མོ་མཚན་དང་བྲལ་ནས། སྐྱེས་པའི་ལུས་ཐོབ་བོ་
ཞེས་གསུངས་པས། དེའི་དོན་དུ་སྟན་པ་ཡིན་ཞེས་པ་དང་། འོད་སྲུངས་ཀྱིས་དེ་ལྟ་བུའི་ཡེ་ཤེས་ཕུན་སུམ་འཚོགས་པ་གང་ནས་བྱུང་། དགེ་བ་གཞན་གྱིས་སྐྱེས་པའི་ལུས་མ་ཐོབ་ན། འདོམས་ཀྱིས་སྦ་བ་སྟན་པས་ག་ན་ཐོབ་ཏེ། ཉེས་པ་ལྔ་པའོ། །གཞན་ཡང་ཀུན་དགའ་བོ་ཁྱོད་ན་རེ། ངས་དགེ་འདུན་ལ་ཉེས་པ་ནི་མ་བྱས་ཟེར་ཏེ་ཉེས་པ་ཇི་ལྟར་མ་བྱས། འབུད་དྷའི་ཞལ་ནས་བུད་མེད་རབ་ཏུ་བྱུང་པ་དང་བསྙེན་པར་རྫོགས་པར་བྱེད་པ་ང་ལ་མ་ཞུ་དང་ཞེས་པ་དང་། གསུངས་ནས་བུད་མེད་འཁོར་དུ་མི་བཞེད་ན། ཁྱོད་ཀྱིས་སྲུ་ཀྱི་ཀུའི་བདག་མོ་རབ་ཏུ་འབྱུན་པའི་ངོ་ཆེན་བྱས་པས། འབུད་དྷའི་སྟན་པ་ལོ་ལྔ་སྟོང་དང་ལྔ་བརྒྱར་གནས་པ་ལས་ལྔ་བརྒྱ་དེས་ནུབ་ཞེས་སྨྲས་པ་དང་། ཁོ་ན་རེ་བདག་གི་བསམས་པ་ལས་འདས་པའི་འབུད་དྷ་སརྦ་ལ་ཡང་འཁོར་རྣམ་བཞི་ཡོད་པ་དང་། ད་ལྟར་གྱིས་འབུད་དྷ་ལ་ཡང་འཁོར་རྣམ་བཞི་དགོས་པས་དགེ་སློང་མ་དེ་ཁ་སྐངས་པའི་ཕྱིར་དང་། གཞན་ཡང་འབུད་དྷ་ལ་ནུ་མ་བླུན་པའི་མ་མ་ཡིན་པའི་ཕྱིར་དང་། དེའི་ཕྱིར་བྱས་པ་དྲིན་དུ་གཟོ་བར་འདོད་ནས་ཉེ་དུ་དང་མཉེན་གྱི་ཕྱིར་བྱས་པ་ཡིན་ཞེས་པ་དང་། འོད་སྲུངས་ན་རེ་དེས་ན་སྟན་པ་མཉེན་གྱི་ཕྱིར་འཚོང་ངམ་ཞེས་པ་དང་། ཡང་ཁྱོད་ན་རེ་འཁོར་རྣམ་བཞི་ཟེར་ཏེ། དེ་རྩ་ནའི་འཁོར་རྣམས་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་ཆུང་པ་ཡིན་པས། བུད་མེད་འཁོར་དུ་ཡོད་ཀྱང་མི་ལྟོ་ཏེ། ད་
༄༅། །ལྟའི་མི་རྣམས་ཉོན་མོངས་པ་ཤས་ཆེ་བས་དེས་ན། གཞན་གྱིས་སེམས་ལ་མི་སེམས་སྟེ་ཉེས་པས་ཉེས་པ་དྲུག་པའོ། །གཞན་ཡང་ཉེས་པ་ཡོད་དེ། འབུད་དྷ་ལ་བདུད་ཀྱིས་ཞུས་པ་ཁྱོད་སེམས་ཅན་ཐམས་ཅད་ཀྱིས་དོན་བྱེད་པ་ཡིན་ནམ་ཞེས་དྲིས་ནས། ངའི་དོན་དུ་འདའ་བར་ཞུས་པས། འབུད་དྷས་ཁོའི་དོན་དུ་ཞལ་གྱིས་བཞེས་དགོས་ནས་ཁྱོད་ལ་བོས་སྟེ། ཀུན་དགའ་བོ་ང་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པར་འདོད་ན། སྐལ་པ་གྲངས་མེད་པར་ཡང་མི་འདའ་བའི་དབང་ཡོད་ན། ད་མྱ་ངན་ལས་འདའ་འམ་སྡད་ཞེས་དྲིས་པས། ལན་མི་སྟེར་བ་ཁྱོད་མིན་ནམ། དེ་ནས་འབུད་དྷས་བདུད་ལ་ཅིའང་མི་གསུངས་པས། ཞལ་གྱིས་བཞེས་པས་འབུད་དྷ་འདས་པ་ཡིན། དེའི་ཚེ་ཁྱོད་ཀྱི་བདུད་ཁྱོད་གཅིག་བུའི་ཆེད་པས། སེམས་ཅན་འགྲོ་བ་མཐའ་དག་གི་དོན་དུ། བཞུགས་དགོས་ཟེར་བ་ཡིན་མོད་ཞེས་སྨྲས་པས། ཁོ་ན་རེ་དེའི་ཚེ་བདག་བདུད་ཀྱིས་བྱིན་གྱིས་བརླབས་ཀྱིས་ཉོག་ཉོག་པོར་གྱུར་ནས། རྣ་བ་ཡང་འཐིབས་པས་བདག་གིས་དེ་སྐད་དུ་གསུངས་པ་མ་ཐོས་ཟེར། དེས་ན་མ་རུངས་ཁྱོད་ནི་འབུད་དྷ་དྲུང་ན་རྟག་དུ་འདུག་ན། འབུད་དྷ་ནི་དྲི་མ་ངན་པ་ཐམས་ཅད་སྤངས་ཏེ། བདུད་ཀྱི་སྟོབས་ལ་སོགས་པའི་སྟོབས་ཐམས་ཅད་ཟིལ་གྱི་མནོན་པ་ཡིན་ན། ཇི་ལྟར་བདུད་ཀྱིས་བྱིན་གྱིས་རླབས་ཞེས་པ་དང་། དེ་ཡང་བདག་གིས་མ་འཚལ་བས། འོད་སྲུངས་ཆེན་པོའི་སྐུ་ལ་བཟོད་པར་གསོལ་ཞེས་པ་དང་། ཉེས་པ་བདུན་པའོ། །གཞན་ཡང་འབུད་དྷས་
དུས་ཁ་གཅིག་ན། སོ་སོ་ཐར་པའི་མདོ་འདོན་པའི་ཚེ། ཚུལ་ཁྲིམས་ཕྲ་མོ་དང་ཕྲན་ཚེགས་དག་འདོན་ན། དགེ་སློང་གི་དགེ་འདུན་རྣམས་ཀྱིས་གློད་ལ་བདེ་བའི་རིགས་པ་ལ་སྣོས་ཤིང་། སླབ་པའི་བཞི་ཕྲ་མོ་དང་ཕྲན་ཚེགས་རྣམས་བག་ཡངས་སུ་བྱར་ཡོད་དོ་ཞེས་གསུང་པ་ལ། དེའི་ཚེ་ཁྱོད་ཀྱིས་ཚུལ་ཁྲིམས་ཀྱིས་སླབ་པ། ཕྲ་མོ་དང་ཕྲན་ཚེགས་རྣམས་གང་ལགས་ཞེས་དྲི་དགོས་པ་ལས། དེའི་ཚེ་ཁྱོད་ཀྱིས་མ་དྲིས་པས། ད་ལྟ་སོ་སོ་རང་རང་དུ་ཁྱེར་ཏེ། དེའང་ཁ་ཅིག་ན་རེ་སོ་སོར་བཤགས་པའི་ཆོས་བཞི་དང་། དེ་ལས་ལྷག་པའི་རྣམས་ནི་ཕྲ་མོ་དང་ཕྲན་ཚེགས་སོ་ཞེས་ཟེར། ཡང་ཁ་ཅིག་ན་རེ་ལྟུང་བྱེད་ཀྱི་ཆོས་རྒྱ་རྩ་དང་དེ་ལས་ལྷག་པའི་ཆོས་རྣམས་ནི་ཕྲན་ཚེགས་སོ་ཞེས་ཟེར། དེ་ལ་སོགས་པ་ཕྲ་མོ་དང་ཕྲན་ཚེགས་བག་ཡངས་སུ་སྤྱོད་པ་མི་མཐུན་པ་མངས་པས་ད་ལྟ། དགེ་སློང་གི་ཁོངས་སུ་ཆུད་པ་ཁ་གཅིག །ཕས་ཕམ་པའི་ཆོས་བཞི་ལ་གནས། ཁ་གཅིག་ལྷག་མ་བཅུ་གསུམ་ལ། གནས་ཟེར་ནས་མ་མཐུན་པས། དེའི་ཚེ་མུ་སྟེགས་པ་དང་སོ་སོ་སྐྱེ་བོ་དང་། འབུད་དྷ་ལ་མ་དད་པ་རྣམས་ན་རེ། དགེ་སློང་གོའུ་ཏ་མའི་སྟན་པ་ནི་གུད་པར་གྱུར་ཏོ། །གོའུ་ཏ་མ་བཞུགས་པའི་དུས་ན་ནི་ཉན་ཐོས་ལ་སོགས་པ་སླབ་པ་དམ་འཆའ་སྟེ། ད་ནི་ལྡོག་པར་གྱུར་པས་ལེགས་སོ་ཞེས་སྨྲ་ཏེ། དེ་མ་ཞུས་པ་དེ་ལྟར་ཉེས་སོ་ཞེས་སྨྲས་པས། ཁོ་ན་རེ་དེ་རྩ་ན་བདག་འབུད་དྷ་དང་འབྲལ་བའི་མྱ་ངན་གྱིས། དྲི་
༄༅། །བའི་སྤོབས་པ་མ་བྱུང་ཟེར། འོད་སྲུངས་ཀྱིས་ཁྱོད་བུད་དྷའི་ཉེར་གནས་ལོ་ཉེར་གཉིས་བྱས་པ་ལ། འབུད་དྷས་རྟགས་དུ་ཆོས་ཐམས་ཅད་ནི་མི་རྟགས་པ་ཡིན་ནོ་ཞེས་གསུངས་ན། དེས་ན་འབུད་དྷ་འདའ་བ་ཡང་མི་རྟགས་པར་བསྟན་པ་ཡིན་མོད། དེ་བས་ན་མྱ་ངན་ཇི་ལྟར་བྱེད་དེ་ཉེས་པ་བརྒྱད་པའོ། །ཀུན་དགའ་བོ་ན་རེ་དེ་ཡང་བདག་གིས་མ་འཚལ་བས། འོད་སྲུངས་ཆེན་པོའི་སྐུ་ལ་བཟོད་གསོལ་ཞེས་སྨྲས་སོ། །དེ་ནས་འོད་སྲུངས་ཀྱིས་གཞན་ཡང་འདི་སྐད་དུ་སྨྲས་སྟེ། དེ་ལྟར་ན་ཚེ་དང་ལྡན་པ་ཁྱོད་ནི་སློབ་པ་རྒྱུན་དུ་ཞུགས་པ། འཕགས་པའི་ལམ་མ་ཐོབ་པ་ཡིན་པས། བདག་ལྕགས་རྣམས་དང་ལྷན་ཅིག་དུ་མི་རུང་པས། མཆོག་འདུས་པའི་གནས་འདིའི་ནང་དུ་མ་འདུག་ཅིག་ཅེས་སྨྲས་པའོ། །དེར་ཀུན་དགའ་བོ་འདི་སྙམས་དུ་སེམས་ཏེ། ཀྱེ་མ་ངའི་དུས་ནི་འདི་འདྲ་ཏེ། འབུད་དྷ་བཞུགས་རྩ་ན་བདག་ཀྱང་འབུད་དྷ་དང་འདྲ་བར་ཀུན་གྱིས་བསྐུར་ལ། ཀུན་ལ་དགོས་སམ་ཅེས་ན། འབུད་དྷ་འདས་པའི་དུས་སུ་བདག་ལ་འདི་འདྲ་བའི་སྤྱོ་བ་ངན་པ་བྱུང་པ་སྙམས་ནས་མ་རངས་པར་གྱུར་ཏེ། འོད་སྲུངས་ལ་སྨྲས་པ། འོད་སྲུངས་ཆེན་པོ་འབུད་དྷས་ནི་ཀུན་དགའ་བོ་ཁྱོད་ཡིད་སློང་པར་མ་བྱེད་ཅིག །ངས་ཁྱོད་འཕགས་པ་འོད་སྲུང་ལ་གཏད་དོ་ཞེས་ཁྱེད་ལ་བདག་གཏད་ན། ད་ཁྱོད་ཉེས་པ་ཆུང་ངུ་ལ་ཡང་བཟོད་པར་མི་མཛད་ན། ཉེས་པ་ཆེན་པོ་བྱུང་ན་ཅི་ལ་བཟོད། བདག་ལ་དེ་རྩམ་གྱི་བརྒྱད་ངག་སྨྲ་འམ་ཞེས་པས།
འོད་སྲུངས་ཀྱིས་སྨྲས་པ་ཀུན་དགའ་བོ་སློབ་པ་མ་རུང་པ། འདོད་ཆགས་ཅན་ཁྱོད་ཀྱི་དགེ་བའི་ཆོས་འཕེལ་བ། བདག་གིས་ཕྲོགས་པ་ནི་མ་ཡིན། ངས་ནི་ཁྱོད་སངས་རྒྱས་ཀྱི་སྟན་པ་ལ་བཙོན་པར་བྱ་བའི་ཕྱིར་སྨྲས་པ་ཡིན་ན། དེའི་ཕྱིར་ཁྱོད་མཆོག་འདུས་པའི་ནང་དུ་མ་འདུག་པར་ལོངས་ཤིག །ཅེས་དྲགས་དུ་སླར་ལ་སྨྲས་པས། ནམ་མཁའི་ལྷ་རྣམས་ཀྱིས་ཀྱང་ཐོས་ནས་ངོ་མཚར་དུ་མཛིན་ཏེ། སྟོན་པ་དང་འདྲ་བའི་ཉན་ཐོས་ལ་སྟོན་པ་དང་འདྲ་བའི་ཉན་ཐོས་ཆེན་པོས་སྤྱོ་བ་བརྒྱད་བྱས་སོ་ཞེས་གླེང་སྐད། དེ་ནས་མ་འགག་པས་འོད་སྲུངས་ལ་སྨྲས་པ། ཀུན་དགའ་བོ་མེད་ན་བདག་ལྕགས་ཀྱིས་མདོའི་དོན་ཡང་ཇི་ལྟར་གདོན་པར་བགྱི། འོད་སྲུངས་ཀྱིས་སྨྲས་པ། འདིས་བརྒྱ་ལ་མདོའི་དོན་ཤེས་པའི་ཡོན་ཏན་དང་ལྡན་དུ་ཟིན་ཡང་། འདི་ནི་འདོད་ཆགས་མ་སྤང་པས་སློབ་པ་རྒྱུན་དུ་ཞུགས་པས་ཏེ། སྲིད་པར་མི་འོས་སོ་ཞེས་སྨྲས་པ་དང་། དེ་ནས་ཀུན་དགའ་བོ་དགེ་འདུན་གྱིས་གསེབ་ནས་མི་དགའ་བཞིན་ཕྱིར་འགྲོ་བ་ལ། མ་འགག་པས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་ཅི་ནས་ཀྱང་ཉོན་མོངས་སྤོངས་དང་། ཕྱིས་འབྲས་བུ་ཐོབ་ནས་བདག་ཅགས་ཀྱིས་དཔོན་དུ་བྱའོ་ཞེས་སྤྲོ་བ་བསྐྱེད་ནས་བཏང་ངོ་། །དེ་ནས་ཀུན་དགའ་བོས་ཡུལ་བྷྲི་ཛི་ཞེས་པའི་ས་ཕྱོགས་སུ་ཕྱིན་ཏེ། ཁྱིམས་བདག་སྤོང་བྱེད་ཕ་སྤད་ལ་ཆོས་སྟན་ནས། རབ་ཏུ་བྱུང་པས་སྤོང་
༄༅། །བྱེད་ཀྱིས་ཀྱང་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དང་། སྤོང་བྱེད་ཀྱང་མཁན་པོ་ལ་རྟོགས་པ་ཞུགས་སྟེ། བདག་ཅག་གི་སྟོན་པ་འདིས་ཉོན་མོངས་པ་སྤངས་ཏེ་ཆོས་བསྟན་ནམ། འོན་ཏེ་མ་སྤངས་པར་ཆོས་བསྟན་སྙམས་ནས། ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བལྟས་པས། ཉོན་མོངས་པ་མ་སྤང་པར་འདུག་ནས། མཁན་པོ་ལ་ཞལ་ཏ་སྨྲས་པ། མཁན་པོ་ཁྱོད་ཀྱང་བག་མེད་མ་མཛད་པར། །ཤིང་འབྲུ་ཐིབས་པོ་བསྟན་ན་མྱ་ངན་འདའ། །ཐུགས་ལ་ཞོག་ལ་བསམ་ཏན་མཛོད་ཅིག་དང་། །ཡུན་མི་རིང་པར་ཞི་བའི་གནས་ཐོབ་འགྱུར་ཞེས་སྨྲས་པ་དང་། དེར་འགྱོད་དེ་ད་ནི་རང་གི་སློབ་མ་ཚུན་ཆོད་འདི་སྐད་དུ་སྨྲ་བ་དེ་བས་ན། འོད་སྲུངས་ཟེར་བ་དེ་ཡང་ཤིན་དུ་མེད་སྙམས་ནས། སྤོང་ཁང་དུ་ཞུགས་སྤོང་ཐགས་བཅིངས་ནས། ཞག་བདུན་དུ་བསམ་གཏན་མཛད་པས། དེ་ཉིད་དུ་འབྲས་བུ་ཐོབ་སྐད། དེའང་སྔོན་དུ་སྟོན་པའི་ཞབས་འབྲིང་ཡུན་རིང་པོ་བྱས་པ་དང་། ཐོས་པ་མང་པོས་རྒྱུད་གྲོལ་བ་དང་། མཆེད་གྲོགས་རྣམས་ཀྱི་གཡོས་པས་དུས་དེར་འགྱོད་པ་དྲགས་པོ་སྐྱེས་པ་དང་། བསམ་གཏན་དྲགས་པོ་རྩེ་གཅིག་དུ་བསྒོམས་པ་རྣམས་ཀྱིས། ཞག་བདུན་ལ་འབྲས་བུ་ཐོབ་པའོ། །དེར་འོད་སྲུངས་འདི་བདག་དགེ་འདུན་གྱི་ནང་ནས་འབྱིན་པ་དེ། སྡང་སེམས་སམ་འོན་ཏེ་བྱམས་པའི་སེམས་ཀྱིས་ཕྱུང་སྙམས་ནས། ས་མ་ཏིས་བལྟས་པས་བརྩེ་སེམས་སུ་འདུག་ནས། འོད་སྲུངས་ལ་ཡང་དད་འདུན་སྐྱེས་སོ། །
དེ་ལྟར་འབྲས་བུ་ཐོབ་ནས་གསང་པའི་བྲག་ཕུག་དུ་ཕྱིན་ནས་སྒོ་ཕྱེ་ཞེས་སྨྲས་པས། ནང་དུ་འོང་པའི་རྫུ་འཕྲུལ་ཅན་ཡིན་ན་ནང་དུ་ཤོག་གསུང་སྒོ་དབྱེ་ཅི་འཚལ། རྫུ་འཕྲུལ་ཅན་མ་ཡིན་པ་ན་ནང་དུ་མི་སྟོང་ཞེས་པ་དང་། དེར་རྫུ་འཕྲུལ་གྱིས་ནང་དུ་འོངས་པས་ཐམས་ཅད་ཀྱིས་ཀུན་དགའ་བོ་ཡིན་པའི་ཁོངས་སུ་མ་བཅུག་པས་ངོ་མ་ཤེས་ཏེ་རྟོགས་པ་གསུམ་ཞུགས་སྐད། དེ་ཡང་སྟོན་པ་སུ་ཡིན་སྙམས་པ་དང་། བདུད་ལ་སོགས་པའི་བར་ཆོད་པ་མ་ཡིན་ནམ་སྙམས་པ་དང་། གལ་ལྟེ་ཀུན་དགའ་བོ་རང་ཡིན་ནམ་སྙམས་པ་དང་གསུམ་སྐྱེས་པ་དང་། དར་བར་སྣང་གི་ལྷ་རྣམས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། གང་ལ་ཆོས་རྣམས་ཡང་དག་གནས། །འཇིག་རྟེན་གསུམ་པོས་རྟགས་དུ་མཆོད། །འཕགས་པ་འདི་ནི་དགོས་མེད་པར། །སེང་གེ་བཞིན་དུ་ཆོས་རྣམས་སྒྲོག །ཀྱེ་མ་ཞི་བ་དེ་བཤད་པས། །ཁྱེད་རྣམས་བདེ་བར་འདོད་པའི། །ངེས་པའི་སྙིང་པོ་སྙིང་པོའི་མཆོག །དེ་ཉིད་ལ་ནི་གུས་པས་ཉོན། །ཞེས་པ་དང་། དགེ་སློང་རྣམས་ཀྱིས་སེང་གེ་ཡི་ཁྲི་ལ་བླ་གོས་ལྔ་བརྒྱ་གཡོག་ནས་བཞག་པ་དང་། དེའི་སྟེང་དུ་བྱོན་ཏེ་འདི་སྐད་བདག་གི་ཐོས་པ་ཞེས་པ་ནས་གང་ཟག་གཅིག་མ་རྟགས་པ་ནི་བདག་ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་པ་དང་ང་ཤེས་ཏེ། དེ་ནས་བསྲུངས་ལ་སོགས་པས་གསོལ་བ་སྟབ་ནས་ཆོས་རྣམས་བསྡུས་པའོ། །དེ་ལྟར་ན་བསྡུ་བའི་གནས་གང་དུ་བསྡུས་ན་གསང་
༄༅། །པའི་བྲག་ཕུག་ཏུ་བསྡུས་པའོ། །བསྡུད་པ་པོ་ནི་ཉེ་བ་འཁོར་དང་ཀུན་དགའ་བོ་ལ་འོད་སྲུངས་ཀྱི་གསོལ་བ་བཏབ་པ། སྟོན་པ་འཇིག་རྟེན་ཕན་བཞེད་པས། །རྒྱལ་བས་གསུང་པའི་ཆོས་རྣམས་ཀྱི། །རྣམ་པ་མཆོག་ནི་གང་བསྟན་པ། །ཚེ་དང་ལྡན་པ་འདུལ་བ་གསུངས། །ཞེས་ཞུས་སོ། །དེ་བཞིན་དུ་ཀུན་དགའ་བོ་ལ་མདོ་སྡེ་གསུངས་ཞེས་ཞུས་སོ། །ཆོས་སྡེ་སྣོད་གསུམ་གང་ཟག་གི་བློ་ལ་བསྡུས་སྟེ་གཞུང་དུ་མ་བཀོད་དོ། །ཡོན་བདག་རྒྱལ་པོ་མ་སྐྱེས་དགྲས་བྱས་སོ། །འདུས་པ་དགྲ་བཅོམ་པ་ལྔ་བརྒྱའོ། །