ལྡེའུ་ཆོས་འབྱུང་།
ཚད་མའི་བསྟན་བཅོས་བྱུང་ཚུལ།
Previous Chapter
Next Chapter

(ཚད་མའི་བསྟན་བཅོས་ཀྱི་བྱུང་ཚུལ།)

དེ་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོས་དམིགས་པ་ལ་རྟགས་པ་ལ་སོགས་པ་རབ་དུ་བྱེད་པ་རྒྱ་ཐམས་པ་སྔར་རྩམས་པས། བག་རྩམ་འཐོར་དེ་མ་འདུས་པར་མཁྱེན་ནས། ཆོས་སྐྱོབས་ཀྱི་ལུང་ལ་རྟེན་ནས་ལུགས་བརྒྱ་དང་ལྡན་པའི་ཚད་མ་ཀུན་ལས་བསྡུས་པ་རྩམས། དེས་དབང་ཕྱུག་ལྡེ་ལ་གོང་མ་བཤད་དེ། དབང་ཕྱུག་སྡེས་དོན་དེ་དྷར་མ་ཀི་ཏི་ལ་བཤད། དྷར་མ་ཀིརྟིས་གདམས་པ་དེ་ལ་རྟེན་ནས། ཚད་མ་སྡེ་བདུན་རྩམས་ཏེ། རྩ་བའི་རབ་ཏུ་བྱེད་པ་གསུམ་དང་། ཡན་ལག་གི་རབ་དུ་བྱེད་པ་བཞི་མཛད། དེ་ལ་རྩ་བ་གསུམ་

97a

༄༅།       །ནི་དབང་པོ་རབ་ཀྱི་དོན་དུ། རིགས་ཐིགས་ལེའུ་གསུམ་གྱི་བདག་ཉིད་ཅན་རྩམས། འདིའི་འབྲེལ་པ་རུ་སློབ་དཔོན་ཆོས་མཆོག་གིས་ཆོས་མཆོག་ཆེན་པོ་མཛད། འབྲིང་གི་དོན་དུ་རྣམ་ངེས་ལེའུ་གསུམ་གྱི་བདག་ཉིད་རྩམས། འདིའི་འབྲེལ་པ་རུ་ཤེས་རབ་འབྱུང་གནས་སྦས་པས་བརྒྱན་མཛད། དབང་པོ་ཐ་མའི་དོན་དུ་རྣམ་འབྲེལ་ལེའུ་བཞི་པ་རྩམས་སོ། །ཡན་ལགས་གི་བཞི་ལ། གཏན་ཚིགས་དཀའ་བར་དགོངས་ནས། གཏན་ཚིགས་ཀྱི་ཐིགས་པ། འབྲེལ་པ་དཀའ་བར་དགོངས་ནས་འབྲེལ་པ་བརྟགས་པ། རིགས་བྱེད་གསང་པར་སྨྲ་བ་སུན་འབྱིན་པ་ལ་རྒྱུད་གཞན་སྒྲུབས་པ། བརྩོད་པ་དཀའ་བར་དགོངས་ནས། བརྩོད་པའི་རིགས་པ་མཛད། ཕྱིས་དབྱིག་གཉེན་གྱིས་ཚད་མ་སྨྲ་མ་སྒྲོན་མ་མཛད། དེ་ཚད་མའི་སྟན་ཆོས་རྩམས་ཚུལ་ལོ། །