ལྡེའུ་ཆོས་འབྱུང་།
འདུལ་བའི་བསྟན་བཅོས་བྱུང་ཚུལ།
Previous Chapter
Next Chapter

(འདུལ་བའི་བསྟན་བཅོས་ཀྱི་བྱུང་ཚུལ།)

དེ་ནས་འདུལ་བའི་སྟན་ཆོས་རྩམས་ཚུལ་ནི། འདུལ་བ་ལུང་སྡེ་བཞི་ལ་རྟེན་ནས། སློབ་དཔོན་ཡོན་ཏན་འོད་ཀྱིས་མདོ་རྩ་བ་བམ་པོ་དགུ་པ་མཛད། ལས་ཀྱི་བཞིའི་ལག་ལེན་ཀརྨཱ་ཤ་སྟམ་བམ་པོ་དགུ་པ་བརྩམས། མདོ་རྩ་བའི་འབྲེལ་པ་བམ་པོ་བཅུ་བདུན་པ་བརྩམས། སློབ་དཔོན་ཤཀྱ་འོད་ཀྱིས་དགེ་ཚུལ་གྱི་དོན་དུ། ཤུ་ལོ་ཀ་སུམ་རྒྱ་པ་དང་། དེའི་འབྲེལ་པ་འོད་ལྡན་བམ་པོ་བརྒྱད་པ་རྩམས། ཁ་ཆེ་དགེ་འདུན་བཟང་པོས་ཀ་རི་ཀ་དང་། དགེ་སློང་དང་དགེ་འདུན་གྱི་ལོ་ཏྲི་པ་ཡང་མཛད་དོ། །དེ་རྣམས་ནི་ཆོས་ཀྱི་

97b

འཁོར་ལོ་ཐོག་མར་བཞེད་པ་ཡིན་ཞེས་པས། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་སྟན་ལ་འབེབ་པ། དབང་པོ་ཐ་མའི་དོན་དུ་རྩམ་པའོ། །སྟོན་པ་འདས་ནས་ལོ་སུམ་རྒྱ་རྩ་བདུན་ན། བཙུན་པ་ལྷ་ཆེན་པོ་ཞེས་བྱ་བ་བྱུང་ཏེ། དེས་འཁོར་རྣམས་ལ་ཆོས་ལོག་གི་ཚིག་བཤད་སྨྲས་པས། ལྷ་རྣམས་མ་རིགས་པ་ཡིས་བསླུས། །ལམ་ནི་སྒྲའི་རྒྱུན་ལས་བྱུང་། །ཐེ་རྩོམ་ཅན་རྣམས་གཞན་གྱིས་འཇུག །འདི་ནི་སངས་རྒྱས་སྟན་པའོ་ཞེས་ཆོས་མ་ཡིན་པ་ལྔ་གླེངས་པས། གནས་དེ་ན་ཐོས་པ་དང་ཤེས་རབ་ཅན་ཡོད་པས། དེ་རྣམས་ཀྱིས་ཚིག་དེ་ལ་རྟགས་པས། ཚིག་དེ་བཀའ་ལས་ཀྱང་འགལ་དོན་ལས་ཀྱང་མཛེས་པར་མི་སྣང་ནས་སྨྲས་པ། ལྷ་ཆེན་པོ་ཁྱོད་ཀྱི་ཚིག་འདི་ལྟ་བུ་ཕྱེས་མ་སྨྲ་ཅིག །འདི་ནི་སངས་རྒྱས་ཀྱི་སྟན་པ་འདུལ་བའི་ཆོས་མ་ཡིན་ནོ་ཞེས་སྨྲས་པས། དེར་ཚིག་དེ་ལ་གླེང་མངས་ནས་མཚན་ཐོག་ཐག་བརྩོད་དེ་རྒྱལ་བློན་ལ་སོགས་པས་བསྡུས་ཀྱང་མ་དུམ་ཏེ། སྔོན་སངས་རྒྱས་ཀྱིས་རྩོད་པ་ཞི་བའི་ཆོས་འགའ་ཡང་མ་གསུང་སམ་ཟེར་བས། ཁ་ཅིག་ན་རེ་དེ་ནི་གསུང་སོ་ཟེར་རོ། །འོ་ན་གནས་བརྟན་པ་ལྟར་མད་ཟེར་བ་རྣམས་ཕྱོགས་དུ་འཁོད། ལྷ་ཆེན་པོ་ལྟར་མེད་ཟེར་བ་ཡང་ཕྱོགས་གཅིག་དུ་འཁོད། དེ་ལྷ་ཆེན་པོའི་ཕྱོགས་སུ་གཞོན་ཕྱོགས་དྲན་པ་ཅན་མང་། གནས་བརྟན་པའི་ཕྱོགས་སུ་རྒན་རིམས་ཉུང་

98a

༄༅།       །ཤས་ལུས་ཏེ། རིས་གཉིས་སུ་ཆད་དོ། །དེ་ནས་འབུད་དྷ་འདས་ནས་ལོ་ཉི་རྒྱ་ལོན་རྩམ་ན་ཕལ་ཆེན་པ་ལ་རྩོད་པ་བྱུང་ཏེ། རྩ་བ་མ་ཏོག་པ་ལྔར་གྱེས་ཏེ། ཤར། ནུབ། གངས་རི། འདས་པའི་སྡེ། བཏགས་པའི་སྡེའོ། །ཡང་འབུད་དྷ་འདས་ནས་ལོ་སུམ་རྒྱ་ནས་བཞི་རྒྱ་ཚུན་ཆད་ལ། གནས་བརྟན་པ་ལ་གསུམ་དུ་གྱེས་སྟེ། གནས་བརྟན་པ། ཐམས་ཅད་ཡོད་པར་སྨྲ་བ། འཕགས་པ་ཀུན་གྱིས་སྐུར་པའི་སྡེའོ། །གནས་བརྟན་པའང་རྩ་བ་མ་གཏོགས་པ་གསུམ་དུ་གྱེས་ཏེ། ཙུག་ལགས་ཁང་ཆེན། རྒྱལ་བྱེད་ཚལ་གནས། འཇིགས་ཆེན་རི་གནས་སོ། །ཐམས་ཅད་ཡོད་པར་སྨྲ་བ་ལ་ཡང་བདུན་དུ་གྱེས། བཞི་པ་ཡོད་པར་སྨྲ་བ་འོད་སྲུངས། ས་ནོན་པ། ཆོས་སྲུངས་པ། མང་ཐོས་པ། གོས་དམར་ཅན་པ། རྣམ་པར་ཕྱེ་ཏེ་སྨྲ་བའོ། །ཀུན་གྱིས་བཀུར་པ་ལ་གསུམ་དུ་གྱེས་ཏེ། ས་སྒྲོགས་པ། སྲུངས་པའི་སྡེ། བསྲུངས་གནས་མ་བུའི་སྡེའོ། །དེ་ལྟར་ལོ་སུམ་བརྒྱ་ནས་བཞི་རྒྱའི་བར་དུ། ཚུན་ཆད་དུ་ཆོས་ཀྱི་ལྟ་བ་ལ་མཐུན་ཞིང་། བརྩོད་པའང་ལན་བདུན་དུ་བྱུང་ངོ་། །དགེ་འདུན་ཡང་གོང་བཞིན་དུ་རྩ་བ་དང་ཡན་ལགས་དུ་བཅས་ནས་བཅྭོ་བརྒྱད་དང་། ཉི་ཤུ་རྩ་གཉིས་སུ་གྱེས་ཏེ། སོ་སོའི་སྡེ་པའི་སློབ་དཔོན་རྣམས་ཀྱིས་སྟན་ཆོས་ཀྱང་མང་དུ་མཛད་དོ། །ཚུལ་ཇི་ལྟར་མཛད་པའི་ཚུལ་ཡང་། མུ་སྟེགས་ཀུན་རྟགས་པའི་བློ་ཅན་ལ་གང་ཟག་བདག་མེད་པ་ལ་སོགས་པའི་ཕུང་པོ་ལ་སོགས་པ། ཁམས་དང་སྐྱེ་

98b

མཆེད་ཀྱིས་སྟན་པའི་ཆོས་འདི། འདི་དག་ཀྱང་མེད་པ་མ་ཡིན་ཏེ། ཡོད་པར་བསྟན་པས་གང་ཟག་རྣམས་ཀྱང་། ཅུང་ཟད་ཡོད་པར་ལྟ་བ་ཤས་ཆེ་བར་འགྱུར་རོ། །དེ་སྐད་དུ་ཡང་ལང་དཀར་གཤེགས་པ་ལས། བཅྭོ་བརྒྱད་དམ་ནི་ཉི་ཤུ་གཉིས། །ཐམས་ཅད་ཐེགས་པ་གཅིག་ལས་བྱུང་། །ཡོད་པ་མ་ཡིན་མེད་པ་མིན། །མ་འོང་འབྱུང་བར་ང་སྨྲའོ། །ཞེས་གསུང་པ། རྒྱས་པར་ནི་ཏོག་གེ་ལ་འབར་བ་ནས་བྱུང་པར་ཤེས་པར་བྱའོ། །འདི་རྣམས་ཀྱི་ལྟ་བ་དང་འདོད་ལུགས། སློབ་དཔོན་དུལ་བའི་ལྷས་མཛད་པའི་གཞུང་ལུགས་ཀྱི་སྟན་ཆོས་ལྟ་བ་གསུམ་པ་ཞེས་བྱ་བ་ནས་ཀྱང་རྒྱས་པར་གསལ་ལོ། །དེ་ལྟར་སྡེ་པ་ཉི་ཤུར་གྱེས་པའི་དུས་དེ་རྩ་ན་དགྲ་བཅོམ་པ་གོ་མི་ཏྲ་ཞེས་པས་ཀྱང་འདུལ་བའི་སྟན་ཆོས་རྩམས་པ་ཡོད་སྐད། དེ་དག་ནི་བཀའ་འཁོར་ལོ་དང་པོ་བདེན་པ་བཞི་སྟན་ལ་འབེབས་པ་ཚད་མའི་སྟན་ཆོས་ཞེས་བྱ་སྟེ། གཞུང་ལས་ཆོས་ཀྱི་འཁོར་ལོ་དང་པོའི་བཤད་པ་ཏེ། སྟན་ཆོས་འཁོར་ལོ་ཐོག་ཐར་ཞེས་པའི་དོན་སྟན་པ་ཡིན་ནོ། །