ལྡེའུ་ཆོས་འབྱུང་།
གསང་སྔགས་ཀྱི་རྒྱུད་སྡེའི་སྟན་ཆོས།
Previous Chapter
Next Chapter

(གསང་སྔགས་ཀྱི་རྒྱུད་སྡེའི་བསྟན་བཅོས་ཀྱི་བྱུང་ཚུལ།)

དེ་ནས་སྟན་ཆོས་འཁོར་ལོ་གསུམ་པ་ནི་ཞེས་པ་ལ་སོགས་པ་བཞིས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་གསལ་བར་བྱེད་པའི་སྟན་ཆོས་རྩམས་ཚུལ་སྟོན་ཏེ། གསང་འདུས་འབྲེལ་བྱེད་འཕགས་པ་ཡབ་སྲས་དང་། པད་མ་ཀུ་མ་ལ་སོགས་པས་ཞེས་པས། གསང་པ་འདུས་པ་ལ་སོགས་པའི་སྟན་ཆོས་བརྩམས་པ་ནི། སློབ་དཔོན་ཀླུ་གྲུབ་ཀྱིས་མ་སྨིན་པ་སྨིན་པར་བྱེད་པའི་ཆོ་ག་ཉི་ཤུ་པ། དེ་གྲོལ་བར་བྱེད་པའི་བསྐྱེད་རིམས་ལ་མདོར་བྱས་དང་མདོ་བསྲེ་གཉིས། རྫོགས་རིམས་ལ་ལམ་རིམས་པ་ལྔ་དང་བྱང་ཆུབ་སེམས་འབྲེལ་ལ་སོགས་པ་མཛད། དེ་མར་རྒྱུད་དང་སྟུན་པར་ཕྱག་རྒྱ་བཞི་མཛད། ཨརྱ་དེ་བས་དེའི་དོན་འགྲོལ་བའི་ཆེད་དུ་སྤྱོད་བསྡུས། བག་ཆགས་སྦྱོང་པ་ལ་སེམས་ཀྱི་སྒྲིབ་སྦྱོངས། སྒྱུ་ལུས་ཕལ་པར་བྱེད་པ་རང་བྱིན་གྱིས་རླབས་པ་མཛད། ཟླ་གྲགས་ཀྱི་སྒྲོན་གསལ་དང་། རྡོ་རྗེ་སེམས་དཔའི་སྒྲུབས་ཐབས་མཛད། ཕྱིས་སློབ་དཔོན་གྱིས་སྒྲ་སྦྱངས་དད་པ་དང་། སྦྱོར་བ་ཡན་ལགས་དྲུག་དང་། བདུད་རྩི་གསང་བའི་སྒྲུབས་ཐབས་མཛད། ཤཀྱ་བཤེས་གཉེན་གྱིས་རིམས་གཉིས་པ་སེམས་དམིགས་མཛད། ན་ག་བུདྷེ་རྣམ་བཞག་དང་། མངོན་པར་བྱང་ཆུབ་པ་དང་རིམས་པ་ཁོངས་སུ་བསྡུས་པ་དང་།

101b

རྡོ་རྗེ་སེམས་དཔའ་མཆོད་ཐབས་མཛད། སློབ་དཔོན་གཞན་གྱིས་ཀྱང་གསང་འདུས་ལ་བརྟེན་པ་ཨིནྟྲ་འབུད་དྷེས་ཡེ་ཤེས་གྲུབ་པ། པདྨ་བཛྲ་གསང་པ་གྲུབ་པ། ལེགས་སྨིན་ཀ་རས་གཉིས་མེད་གྲུབ་པ། ཡན་ལགས་མེད་པའི་རྡོ་རྗེས་ཐབས་ཤེས་རབ་གཏན་ལ་དབབ་པ་གྲུབ་པ་མཛད། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་འཇིག་རྟེན་སྣང་བྱེད་ཀྱི་ད་ལ་དང་། སྒྲུབས་ཐབས་ཀུན་དུ་བ  ཟང་པོ་མཛད། དེའི་སློབ་མ་བཞི་ལ་ཐ་ཁ་ནས་ཐ་ཁ་ཆེ་ཆུང་། ཛ་ཡན་དད་ཏས་ཛྙཱ་ཡན། ཤང་ཀར་ན་ནས་ཀུན་དུ་བཟང་པོའི་འགྲེལ་པ་རྡོ་རྗེ་ནོར་བུ། དྲི་མེད་འབྱུང་གནས་ཀྱིས་ལེའུ་བཅུ་བདུན་གྱིས་འགྲེལ་པ་བརྒྱན་མཛད། ཤན་ཏི་པས་སྙེམ་པ་མེ་ཏོག་མཛད། ངག་དབང་གྲགས་པས་བཞི་སྣང་མན་ངག་བདུན་པ་མཛད། གཞན་ཡང་ཀུན་དགའ་སྙིང་པོ་དང་། བི་མ་ལ་མི་ཏྲ་དང་། ཤཀྱ་མི་ཏྲ། བཞད་པའི་རྡོ་རྗེ། ཆོས་ཀྱི་མྱུ་གུ། འགྲིན་པ་གསུམ་པ། དབྱངས་བརྙན་འབུད་དྷ་བྷ་ལིཾ་ཏ་ལ་སོགས་པས། གསང་འདུས་ཀྱི་སྟན་ཆོས་མང་དུ་མཛད་སྐད། དེ་ཉིད་འདུས་པ་སློབ་དཔོན་གྱིས་གཞུང་ཞེས་པ་ཤཱཀྱ་བཤེས་གཉེན་གྱིས་འབྲེལ་པ་ཀོ་ས་ལ་མཛད། སངས་རྒྱས་གསང་པ་དང་ཀུན་དགའ་སྙིང་པོས་བསྟོད་འབྲེལ་སྨད་འབྲེལ་སྒྲུབས་ཐབས་གསུམ་བཤད་རྒྱུད་བཞི་དང་། ངན་སོང་སྦྱོངས་པ་ལ་སོགས་པའི་འབྲེལ་པ་མང་དུ་མཛད། ཕར་རྒྱུད་འབྲེལ་བྱེད་དེ་བསོག་ཞེས་པ་ནི། གཤིན་རྗེ་ནག་འཇིགས་ཀྱི་རྒྱུད་ལ་དཔལ་མཛིན་དང་། ནི་ལ་བཛྲ། མི་ཕྱེད་གྲགས་པ། ནག་པོ་

102a

༄༅།       །ཞབས་དང་། མར་མེ་མཛད་དང་། ཀུ་མ་ར་ཙནྟྲ་དང་། ཤན་ཏི་བས་ཀྱང་འབྲེལ་པ་མཛད། མའི་རྒྱུད་སྡེ་བཅུ་བཞིའི་དོན་འབྲེལ་པ་ཞེས་པ། གུར་ལས་བཅུ་བཞིར་བཞག་ཏེ། དེ་དག་གི་བསྒྲུབ་འབྲེལ་པ་དཔལ་བདེ་མཆོག་ལ་ཕྱག་ན་རྡོ་རྗེའི་བསྟོད་འབྲེལ་དང་། ཀ་མ་ལའི་འབྲེལ་པ་དང་། ཀོང་ཀ་ནའི་འབྲེལ་པ་དང་། ལྦུའི་པ་དང་ནག་པོ་སྤྱོད་པ་ལ་སོགས་པས་གཞུང་དུ་མ་བརྩམས་སོ། །དཔལ་དགྱེས་པ་རྡོ་རྗེ་སྙིང་པོའི་འབྲེལ་པ་དང་། མཚོ་སྐྱེས་ཀྱིས་སྒྲུབས་ཐབས་དང་འབྲེལ་པ་མཚོ་སྐྱེས་མ། མི་ཐུབ་ཟླ་བས་ཡན་ལགས་དྲུག་པ་དང་འབྲེལ་པ་ཀུ་མུ་ཏ། ཤན་ཏི་བས་སྒྲུབས་ཐབས་འཁྲུལ་སྤོང་དང་འབྲེལ་པ་མུ་ཏིག་འཕྲེང་པ། སློབ་དཔོན་ནག་པོ་པས་དེ་ཉིད་གསལ་བའི་སྒྲུབས་ཐབས་དང་ནག་པོའི་དགོངས་འབྲེལ། ཌོམ་བྷི་ཧེ་རུ་ཀས་བདག་མ་གསལ་བ་དང་ལྷ་མོ་བཅྭོ་ལྔ་མ་མཛད། གཞན་ཡང་མེེ་ཏྲི་པས་ཀྱང་མཛད་པ་ཡོད་དོ། །མ་ཧ་མ་ཡ་ལ་ཡང་ཀུ་ཀུ་རི་པ་དང་། བརྒྱན་པ་དང་། ཤན་ཏི་པ་དང་། ནག་པོའི་གཞུང་ལ་སོགས་པའོ། །གདན་བཞི་ལ་འཕགས་པ་ལྷའི་གཞུང་ལ་སོགས་པའོ། །རྒྱུད་ཐམས་ཅད་ཀྱི་ཐུན་མོངས་ལ་ཁྱད་པར་དུ་གྱུར་པ་སྟོན་པ་སངས་རྒྱས་ཀྱི་རྒྱུད་དཔལ་དུས་ཀྱི་འཁོར་ལོ་ཡང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་གཞུང་ལ་སོགས་པ་མང་དུ་ཡོད་དོ། །དེ་བཞིན་བྱ་སྤྱོད་རྟོགས་པ་འཕྲ་མོ་ལ་ཡང་ཞེས་པ་བྱ་བའི་རྒྱུད་ལ་སློབ་དཔོན་ན་ག་

102b

ཛུ་ནའི་རྒྱུད་ཀུན་ལས་བསྡུས་པ་དང་། རིགས་པ་མཛིན་པའི་སྡེ་སྣོད་ལ་སོགས་པ་གཞུང་དུ་མའོ། །གཞན་ཡང་མེེ་ཏྲི་རྗེ་འབངས་ཀྱིས་ཕྱག་རྒྱ་ཆེན་པོ་སྙིང་པོའི་བསྐོར་གྱི་ཆོས་སམ། དེ་དག་ལ་སོགས་པ་རྒྱུད་གཞན་དང་གཞན་དག་ལ་ཡང་། སློབ་དཔོན་གཞན་དང་གཞན་དག་གིས་མཛད་པ་དུ་མ་བཞུགས་ཏེ་སྤྲོས་པས་ཆོག་གོ །ཆོས་ཀྱི་འཁོར་ལོ་གསུམ་པ་གཏན་ལ་ཇི་ལྟར་ཕབ་པའི་སྟན་ཆོས་ཇི་ལྟར་བརྩམས་ཚུལ་སྟན་པའོ། །དེས་སྤྱི་དོན་བཞི་པ་རྒྱ་གར་ཕན་ཆད་དུ་ཆོས་ཇི་ལྟར་བྱུང་པའི་བྱུང་ཚུལ་ལོ། །