(གཉིས་པ་ཕྱག་གི་མཚན་ཉིད་གཏན་ལ་དབབ་པ།)
དེས་མཆོད་པར་བརྗོད་པ་སྟན་ནས། ད་ནི་ཕྱག་གི་མཚན་ཉིད་སྟན་ལ་དབབ་པ་ནི། གཞུང་ལས་བསྟོད་འབྲེལ་བར་འབྲེལ་སྨད་འབྲེལ་གསུམ། ཞེས་པ་ལ། བསྟོད་འབྲེལ་ནི་གཞུང་ལས། ངོ་བོ། ངེས་ཚིག །དབྱེ་བ། དཔེ། སྐྱོན་ཡོན་དྲུག་སྐད་པ། ཕྱག་གི་ངོ་བོ་སྟན་པ་དང་གཅིག །ངེས་ཚིག་སྟན་པ་དང་གཉིས། དབྱེ་བ་སྟན་པ་དང་གསུམ། དཔེ་སྟན་པ་དང་བཞི། ཕྱག་བཙལ་བའམ་མ་ཤེས་པའི་སྐྱོན་སྟན་པ་དང་ལྔ། ཕྱག་ཤེས་པ་དང་བཙལ་བའི་ཡོན་ཏན་སྟན་པ་དང་དྲུག་གོ །དེ་ལ་ཕྱག་གི་ངོ་བོ་ནི་ལུས་ངག་ཡིད་གསུམ་གུས་
༄༅། །པའོ། །དེ་སྐད་དུ་ཡང་ལུས་ཀྱིས་ཕྱག་བཙལ་དགུ་དང་དུད་དེ་དུར། ངག་གིས་ཕྱག་བཙལ་སྟོད་པའི་དབྱངས་ཚིག་སངས་སེ་སངས། ཡིད་ཀྱིས་ཕྱག་བཙལ་མོས་གུས་སྤྲོ་དང་ཡལ་ལེ་ཡལ། ཞེས་སོ། །ངེས་ཚིག་ནི་ཕྱག་བཙལ་བས་ལུས་ངག་ཡིད་གསུམ་གྱིས་སྡིག་སྒྲིབ་འཆགས་པའོ། །ཕྱག་ལ་དབྱེ་ན་བརྒྱད་དོ། །རྟོགས་པ་ཆོས་ཉིད་གྱིས་ཕྱག་དང་གཅིག །དགུ་ཕྲུག་དང་གཉིས། གཟིགས་ཕྱག་དང་གསུམ། བྱེ་ཤོག་དང་བཞི། བཞེངས་ཕྱག་དང་ལྔ། རྒྱལ་ཕྱག་དང་དྲུག །སྤྲལ་སྡེབས་དང་བདུན། སྒུམ་མཐུན་དང་བརྒྱད། མོས་ཕྱག་དང་དགུའོ། །དེ་ལ་རྟོགས་པ་ཆོས་ཉིད་གྱིས་ཕྱག་ནི། རང་སེམས་སངས་རྒྱས་སུ་རྟོགས་པ་ལ་བྱ་ཏེ། དེ་ཕྱག་དུ་ཇི་ལྟར་འགྲོ་ཞེས་ན། རིམས་པ་ལྔ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གིས་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་སོ། །དགུ་ཕྲུག་ནི། བླ་མ་གསུམ་ལྡན་གྱིས་ཕྱག་ཏེ། བླ་མ་གསུམ་ལྡན་ནི་རྒྱུད་བཤད་པ། གདམས་ངག་བཏབ་པ། དབང་བསྐུར་བ་ལ་ཕྱག་དགུ་ཕྲུག་འཚལ་དགོས་སོ། །གཟིགས་ཕྱག་ནི་བླ་མ་སྔགས་པའམ་རབ་བྱུང་གི་དགེ་འདུན་ནམ། རང་གིས་བླ་མས་མཐོང་སར་གཟིགས་ཕྱག་བྱས་ནས་གོང་དུ་ཞེས་ས་འབུལ། རང་གི་བླ་མ་ལ་ཞེས་ས་འབུལ་བའོ། །བྱེ་ཤོག་ནི་
བརྩད་པོ་རབ་བྱུང་སྔགས་པ་གསུམ་འཛོམས་ན་བྱའོ། །བཞེས་ཕྱག་ནི་ཡ་རབས་རྗེ་པོ་རྒན་རིམས་ལ། མ་རབས་གཞོན་པས་བཞེས་ཕྱག་བྱས་ནས་ཐལ་མོ་སྦྱོར་བའོ། །རྒྱལ་པོའི་ཕྱག་ལ་གསུམ། འདུན་ཚུགས། སུམ་ཁུགས་རྒྱལ་ཕྱག་ཉི་ཤུ་རྩ་གཅིག་པའོ། །དཔྲལ་སྡེབས་ནི་ཉན་ཐོས་རབ་བྱུང་གི་ཕྱག་གོ །སྒུམ་མཐུན་ནི་ཟ་མ་མུ་བཙུན་གྱིས་ཕྱག་སྟེ། བྱ་སྒུམ་བུ་མཐུ་བ་ལྟར་དུད་དེ་བའོ། །མོས་ཕྱག་ནི་དཀོན་མཆོག་རྟེན་མཐོང་གི་ཕྱག་ཏེ། ལན་གསུམ་འཚལ་བའོ། །ཕྱག་གི་དཔེ་ཅི་ལས་བླངས་ན། རྨ་བྱ་ཆུ་མཐུང་པ་ལ་བླངས། མདུར་གྱིས་དཔེ་ཤེལ་གྱིས་ཕ་བོང་རང་འགྲིལ་ལས་སླངས། ཟུག་གི་དཔེ་ནི་སེང་གེ་ཚུག་མོ་བྱས་པ་ལ་སླང་སྐད། ཕྱག་མ་ཤེས་པའི་སྐྱོན་ནི་འཕྲལ་ལ་གྲལ་འབྱེད་པ་མི་འོང་། མ་རབས་སུ་འགྱུར། ཕུགས་སུ་སྒྲིབས་པ་མི་འདག་གོ །ཕྱག་ཤེས་ཅིང་བཙལ་བའི་ཡོན་ཏན་ནི། འཕྲལ་ལ་གྲལ་འབྱེད་པ་འོང་། ཡ་རབས་ཀྱི་སྤྱོད་པར་འགྲོ། ཕུགས་སུ་སྒྲིབས་པ་འདག་གོ །དེས་བསྟོད་འབྲེལ་རྣམ་དྲུག་བཤད་ནས། ད་ནི་བར་འབྲེལ་གསུམ་ཚན་གཅིག་གྱི་སྟོན་ཏེ། གཞུང་ལས། རྒྱུ་རྩལ། གཞི་བཅའ་སྟེན་གཟུག་སྐྱོན་བསལ་དང་བརྒྱན་འདགས་གཞུང་སྲང་སྐྱོན་གསུམ་སྤང་དང་བདུན་སྐད་པས། ལུས་ཀྱི་དགོས་པ་གསུམ་གྱིས་ཕྱག་གི་རྒྱུ་རྩལ་བ་དང་གཅིག །སྒོམས་སྲང་མཐོང་དང་གསུམ་གྱིས་
༄༅། །ཕྱག་གི་གཞི་བཅའ་བ་དང་གཉིས། འགིང་འཛུམ་གནོལ་དང་གསུམ་གྱིས་རྟེན་གཟུགས་པ་དང་གསུམ། ཕྱི་ནང་བཞག་པ་གསུམ་གྱིས་ཕྱག་གི་སྐྱོན་བསལ་བ་དང་བཞི། མདུན་རྒྱབ་ལོགས་གསུམ་གྱིས་ཕྱག་གི་བརྒྱན་གདགས་པ་དང་ལྔ། དྲང་ཏིག་རྣམ་པ་གསུམ་གྱིས་ཕྱག་གི་གཞུང་སྲང་པ་དང་དྲུག །ཕྱག་གི་སྒྲ་གསུམ་སྤང་པའི་གནས་ཡིན་པ་དང་བདུན་ནོ། །ད་ལུས་ཀྱི་དགོས་པ་གསུམ་གྱིས་ཕྱག་གི་རྒྱུ་རྩལ་བ་ནི། གོས་བཟངས་ཕུ་ཐུང་རིངས་པ། ཡན་ལག་སྙེན་འཁྱུག་ཆེ་བ། གཟོབ་ལ་ཡིད་ཨོ་དལ་བའོ། །སྒོམས་སྲང་མཐོང་དང་གསུམ་གྱིས་ཕྱག་གི་གཞི་བཅའ་བ་ནི། བསྒོམས་པ་ནི་ཕྱག་བྱེད་པའི་དུས་སུ་ལུང་པའི་ཁ་ལྟ་ཕྱོགས་དང་། ཆུའི་འབབ་ཕྱོགས་དང་། དཀོན་མཆོགས་ཀྱི་རྟེན་བཞུགས་མི་བཞུགས་དང་། མི་ཆེན་དང་ཕྱག་བྱེད་དགོས་པ་སུ་འདུག་ལྟ་ཞིང་བསྒོམས་པའོ། །སྲང་པ་ནི་ལུས་དང་གོས་ལེགས་པར་སྲང་ནས་འཆོས་པའོ། །མཐོང་པ་ནི་ཕྱག་མགོས་ཕྱག་བཞུགས་མཐོང་པ། ཕྱག་བཞུག་གིས་ཕྱག་མགོ་མཐོང་པ། སྐེད་པས་གཉིས་ཀ་མཐོང་པའོ། །འགིང་འཛུམ་སྣོལ་དང་གསུམ་གྱིས་ཕྱག་གི་རྟེན་གཟུག་པ་ནི། འགིང་པ་ནི་ཟུག་བྱེད་པའི་དུས་སུ་གམ་ཆུང་གང་ཕྱིར་ནུར་བྱེད་པའོ། །མཛུམ་ནི་བསྟོད་འཛུམ་རྩེད་འགུལ་བའི་ཚུལ། སྨད་འཛུམ་རྐང་ཐིལ་དྲང་པོར་འཆོས་པའོ། །གནོལ་བ་ནི་འདུར་བའི་དུས་སུ་ལགས་པ་གཡས་
འདོར་ན་རྐང་པ་གཡོན་འདོར། རྐང་པ་གཡོན་འདོར་ན་ལགས་པ་གཡས་འདོར་བའོ། །ཕྱི་ནང་བཞག་པ་གསུམ་གྱིས་ཕྱག་གི་སྐྱོན་བསལ་བ་ནི། ཕྱི་རྐང་པ་རིང་དུ་མི་སྣང་། ནང་ལགས་པ་རྒྱབ་དུ་མི་སྐྱོག །བར་སེམས་ཉིད་ཆལ་བར་མ་ཤོར་བར་བཞག་པའོ། །མདུན་རྒྱབ་ལོགས་དང་གསུམ་གྱིས་ཕྱག་གི་བརྒྱན་གདགས་པ་ནི། མདུན་དཀོན་མཆོག་དང་གྲལ་མགོ་ལ་གཏད། རྒྱབ་རིགས་ངན་དང་མ་རབས་ལ་གཏད། ལོགས་ཡར་འདུར་མར་འདུར་གྱིས་དུས་སུ་ཟུར་མ་ཤོར་བར་བྱའོ། །དྲངས་ཏིག་རྣམ་པ་གསུམ་གྱིས་ཕྱག་གི་གཞུང་སྲང་པ་ནི། ལྷང་ངས་རྟིང་ཆུང་ནོན་པ། དམིགས་ཟུར་སྣ་རྩེ་ནོན་པ། སྣོལ་འཚམས་ཡ་ཡོ་མེད་པའོ། །ཕྱག་གི་སྒྲ་གསུམ་སྤང་པའི་གནས་སུ་སྟན་པ་ནི། འཚལ་ས་དོགས་ལ་མི་བདེ་བ། ལུས་སེམས་བྲེལ་ལ་རིངས་པ། ཁོག་དུ་སླ་ཆོས་ཆེ་བའོ། །དེས་བར་འབྲེལ་བདུན་སྟན་ནས། ད་ནི་སྨད་འབྲེལ་དགུ་སྟན་པ་ནི། ལུང་ལས་གནད་གསུམ། ལུགས་གསུམ། ནན་ཏན་གསུམ་སྟེ་དགུ་སྐད་པ། མན་ངག་གི་གནད་རྣམ་པ་གསུམ། ལུགས་གསུམ། ནན་ཏན་གསུམ་མོ། །མན་ངག་གི་གནད་གསུམ་ནི། སུག་བབས་ལུགས་དང་མཐུན་པ། སྙུན་སྨེད་རིགས་བྱེད་པ། འདུར་ས་ཕྱི་ལམ་སྙག་པའོ། །ལུགས་དང་མཐུན་པ་ནི། ཆོས་སྐོར་སྟོད་པ་ལ་ཕྱག་བྱེད་ན་སུག་བབས་འབྱུང་པའོ། །ཆོས་སྐོར་སྨད་པ་ལ་ཕྱག་བྱེད་ན་སུགས་
༄༅། །བབས་མི་འབྱུང་པའོ། །སྙུན་སྨེད་རེགས་སུ་བྱེད་པ་ནི། ལྷ་བཙུན་ལ་ཕྱག་བྱས་ནས་སྙུན་སྨེད་ན། ཨུམ་མི་རྗེ་ལྷས་མཛད་ལྷ་བཙུན་ཆོས་ཀྱི་སྐུ། འཁོར་ལོས་བསྒྱུར་རྒྱལ་ལོངས་སྤྱོད་རྫོགས་པའི་སྐུ། འཛམ་གླིང་མི་རུ་སྐུ་སྤྲུལ་པའི། སྐུ་གསུམ་དོན་ལྡན་ལྷ་བཙུན་སྐུ་རུ་འཁྲུངས། ཆོས་ཀྱི་གདན་སྟེང་ནས་ཀུ་བདེ་འམ་ཨུམ་བྱའོ། །རྗེ་མི་སྐྱ་ཆོས་བྱེད་ལ་སྙུན་སྨེད་ན། ཨུམ་གུང་སྟེངས་ལྷ་ལ་དོགས་ས་མིའི་བརྒྱན། མི་རྗེ་ལྷས་མཛད་བྱང་ཆུབ་སེམས་དཔའི་གདུང་། ཐུགས་དམ་ཆོས་མཛད་འཁོར་ལོས་བསྒྱུར་བའི་རྒྱལ། ཆོས་ཁྲིམས་དང་སྟན་སེམས་ཅན་འགྲོ་དོན་མཛད། ཉི་འོག་རྒྱལ་ཁམས་ཀུན་ལ་སྐུ་དྲིན་ཆེ། ཕོ་རང་གིས་རྒྱལ་ཁམས་ན་ཐུགས་བདེ་འམ་ཨུམ་བྱའོ། རྗེ་ཆོས་མེད་ཡིན་ན། ཨུམ་རྗེ་རྒྱལ་ལགས། མི་རྗེ་ལྷའི་དབོན་སྲས་བྱང་ཆུབ་སེམས་དཔའི་གདུང་རྒྱུད། རིགས་གསུམ་མགོན་པོའི་སྤྲུལ་པ། མགོ་ནག་ཡོངས་ཀྱི་སྤྱི་རྗེ་ཐུགས་བདེ་འམ་ཨུམ་བྱའོ། །ཞེས་སོ། །རྗེ་དང་ལམ་དུ་འཕྲད་ནས་རྟ་གོང་ན་བཞུགས་པ་ལ་སྙུན་སྨེད་ན། ཨུམ་རྗེ་ལགས་དོག་ས་ཡོངས་ཀྱི་མང་བདག །གནམ་ལྷགས་ཀྱི་རྒྱལ་པོ། འོད་གསལ་ལྷའི་གདུང་རྒྱུད། དབང་ཕྱུག་དམ་པའི་སྐུ་ལུས། མགོ་ནག་ཀུན་གྱི་སྤྱི་རྗེ། གོང་རུའི་ཆིབས་གོང་ན་ཐུགས་བདེ་འམ་ཨུམ་ཞེས་སོ། །རྒྱལ་བུ་ལ་སྙུན་སྨེད་ན། མི་མངོན་ནམ་མཁའི་དབྱིངས་ནས་བཀོན་པའི་སྐུ་འཁྲུངས། དོགས་ས་རྫོངས་སུ་
ལས་མི་འགྱུར་བའི་སྐུ་སྙེམས། ཡབ་ཁུ་ལྷའི་སྲས་པོ་སྲིད་པའི་དབང་ཐོབ། རྒྱལ་ཁམས་འདི་རུ་བསྐྱིད་པའི་གདུང་བརྡལ། ཡབ་ཡུམ་གྱིས་སྤྱན་མངའ་ན་ཐུགས་བདེ་འམ་ཨུམ་བྱའོ། །ལྷ་གཅིག་ལ་སྙུན་སྨེད་ན། ཕྱའི་སྲས་མོ་དམུའི་དབོན་མོ། རིགས་གསུམ་སྤྲུལ་པའི་ལྕམ་མོ། འཕྲུལ་གྱི་མེ་ལོང་ལས་མདངས་གསལ། འཇའ་ཚོན་སྣ་ལྔ་ལས་ཐུགས་བཀྲ། གཡུ་ཆུང་སྤུ་རི་བས་མཛེས་སྡུག །རིན་ཆེན་གསེར་བ་བརྗིད་ཆེ་བ་ཐུགས་བདེ་འམ་ཨུམ་ཞེས་བྱའོ། །ཇོ་མོ་རྒྱལ་མོ་ལ་སྙུན་སྨེད་ན། ཨུམ་རྗེ་མོ་ལྷའི་རྒྱལ་མོ། མ་འཕངས་གཡུའི་མཚོ་མོ། རིན་ཆེན་གསེར་གྱི་ས་རྗེ། རྗེའི་ཞབས་ནས་ཐེགས་པ། འབངས་དང་འཁོར་གྱིས་སེམས་ཟིན་པ། ཆེ་བའི་མང་སྙེམས་འབངས་ཀྱི་ཁབ་དུ་བཞེས། དབང་གི་མང་མཉམ་མགོ་ནག་ཡོངས་ཀྱི་ཡུམ། བསོད་ནམས་མང་སྙེམས་རྒྱལ་བུ་མཆེད་ཀྱི་མ། ཕོ་བྲང་གི་ནང་ན་ཐུགས་བདེ་འམ་ཨུམ་བྱའོ། །ཇོ་ཆུང་ལྷའི་བཙུན་མོ། ཕྱིའི་སྐོས་པས་རྒྱལ་སྲས་ཁབ་དུ་བཞེས། བསོད་ནམས་བསགས་པས་མགོ་ནག་རྗེ་མོར་བྱོན། གདུང་རུས་བཙུན་པས་ཇོ་ཆུང་སྐུ་རུ་འཁྲུངས། གཟུགས་མཛེས་ཡིད་འོངས་འཁོར་མང་ཀུན་ལ་བྱམས། ཐུགས་བདེ་འམ་ཨུམ་བྱའོ། །རྗེ་ལ་མྱ་ངན་སོང་ནས་སྙུན་སྨེད་ན། ཨུམ་སྐུ་མདང་པ་བས་ཀྱང་གཡར་མདངས་སྨན། ཐུགས་ཆགས་པ་བས་ཀྱང་གཡར་ལ་ཆགས། ཐུགས་ངན་པས་ཀྱང་གཡར་ངན་ཆེ། ཐུགས་ངན་སླད་ཀྱིས་སྦྲི་བར་
༄༅། །ཞུ་བོ་ཨུམ་བྱའོ། །ཨུམ་ཁྲི་འདུགས་འོད་འགྲིབས་མུན་པའི་དམག་དུ་གྱུར། ལྷོ་སྤྲིན་གོ་རལ་བསེར་མའི་རླུང་གིས་གཏོར། དབུས་ཀྱི་རི་བོ་སྲིད་པའི་རྨང་ནས་འགྱེལ། རྗེ་རྒྱལ་མི་བཞུགས་སྐུ་མལ་རྒུང་དུ་ཡལ། སྐུ་མདངས་དབྱར་མདངས་མཉམ་པར་སྨོས། ཐུགས་ངན་མ་མཛད་སླད་ཀྱིས་སྦྲི་བར་ཞུ་བྱའོ། །རྗེ་གྲི་རུ་གྲོངས་ནས་སྙུན་སྨེད་ན། ཨུམ་མི་སྲིད་སྲིད་པའི་སྐུ་ལ་འབྱུང་། དུར་ཁྲོད་ཝའི་སྟོབས་ཆེན་གླང་པོ་སྐུམ། གྲ་ཆས་ཧོར་སྐུམ། ཀྱིའི་སྟག་སྐུམ། བོང་པས་གསེར་ཅགས། བློ་བ་མི་ཟོད་ཟ་མ་སྙིང་རེ་ན། ཐུགས་ལ་ལྕགས་ཀྱང་ཐུགས་ངན་སྦྲི་བར་ཞུ། ཞེས་སོ། །རྗེ་ལ་གསང་པ་འདྲེན་ན། ཨུམ་བློ་བ་ཆེས་སུག་པ་དག །གསོལ་རྒྱུ་ཆུང་ཀྱང་རྗེ་གསང་དུ་འདོན་པར་ཞུས་སོ། །བླ་མ་སློབ་དཔོན་ལ་སྙུན་སྨེད་ན། ཨུམ་སློབ་དཔོན་དགེ་བའི་བཤེས་གཉེན་བཞུགས་པ་དང་། དངོས་ཅག་མཆིས་པ་གཉིས། ནང་ནས་ནང་དུ་མཇལ་ཅིང་ཞེས་པ་འཕྲ་མོ་གཅིག་ཕུལ་ནས། དངོས་ཅག་གི་སྒྲིབས་པ་བྱང་ཞིང་། ཚོགས་རྫོགས་པ་རྩམ་གཅིག་ལགས་པ་ལ། བཞུགས་ཡུལ་དང་མཆིས་སྟོབས་ཀྱིས་བསྐུལ་ནས། གུང་ལོ་ཁ་ཡར་དུ་མ་མཇལ་ན། མ་མཇལ་གྱིས་སྐབས་སུ་སྐུ་རི་རྒྱལ་ལྷུན་པོ་ལྟ་བུ་ནི་མ་འགྱུར། གསུང་བདུད་རྩི་ལྟ་བུའི་ཆུ་རྒྱུན་ནི་མ་ཆད། ཐུགས་ཉི་ཟླ་ལྟ་བུ་ལ་གསལ་འགྲིབས་ནི་མ་མཆིས། བཀའ་བཙལ་ལམ་དགེ་སྦྱོར་ལ་འོ་རྒྱལ་བ་མ་ལགས་པར་སྐུ་འཁམས་བདེ་བར་བཞུགས་ལགས་སམ། འདུར་
ས་ཕྱི་ལམ་བསྙག་པ་ནི། དང་པོར་འདུར་བའི་སར་མི་ལྡོག་པའོ། །ལུགས་གསུམ་ནི། མགོས་ཀྱི་རྒན་ལུགས། ཤུད་པུའི་མཛེས་ལུགས། གནའ་སྣམ་གྱིས་དཔལ་ལུགས་སོ། །ནན་ཏན་གསུམ་ལ། རྗེ་འཁོར་དང་བཅས་པ་ལ་ལུས་ཀྱི་གོ་ནས་ནན་རྟན་སྐྱེད། ཡ་རབས་རྣམས་ལ་ངག་གི་གོ་ནས་ནན་ཏན་སྐྱེད། བླ་མ་སློབ་དཔོན་དང་དཀོན་མཆོག་གསུམ་ལ་ཡིད་ཀྱི་གོ་ནས་ནན་ཏན་སྐྱེད་དེ་མོས་གུས་བྱའོ། །དེས་ནི་མཆོད་པར་བརྗོད་པ་ཕྱག་གི་མཚན་ཉིད་སྟན་ལ་དབབ་པ་དང་བཅས་པ་ཐལ་ལོ། །