ལྡེའུ་ཆོས་འབྱུང་།
གཉིས་པ་བཀའ་དྲིན་རྗེས་སུ་དྲན་པ།
Previous Chapter
Next Chapter

(གཉིས་པ་བཀའ་དྲིན་རྗེས་སུ་དྲན་པ།)

བཀའི་དྲིན་རྗེས་སུ་དྲན་པ་དང་ཅེས་པ་ནི། རྒྱ་གར་རིགས་པའི་འབྱུང་ཁུངས། སྟོན་པའི་ཞབས་ཀྱིས་བཅག །གསུང་གིས་སྒྲགས་པའི་ས་ན། དམ་པ་ཆོས་ཉི་མ་དང་ཟླ་བ་ལྟ་བུ་ཡོད་ཀྱང་། འོ་སྐོལ་མུན་པའི་དམག་རུམ་ལྟ་བུ་འདི་ལ་ཆོས་མེད་པ་ལ།

108a

༄༅།       །མངའ་བདག་བྱང་ཆུབ་སེམས་དཔའ་མི་དབོན་རྣམ་གསུམ་གྱི་དྲིན་ལ་ཆོས་བྱོན་པས། མངའ་བདག་བཙད་པོའི་དྲིན་གྱིས་བྱོན་པའི་ཕྱིར་གདུང་རབས་ལ་སྟེན་ཏེ་བརྗོད་པར་བྱ་ཅེས་སོ། །