(རྒྱལ་སྲིད་ལ་དགའ་བ།)
རྒྱལ་སྲིད་དགའ་བའི་རྩིགས་ལ་གླེང་པ་ནི། དེ་ལྟར་བུ་རམ་ཤིང་པ་འཕགས་སྐྱེས་པོ་ལ་བུ་བཞི་སྐྱེས་ཏེ། སྐར་ཟླ་གདོང་། ལགས་ན་ཅན། གླང་ཆེན་འདུལ། རྐང་དུབ་ཅན་ནོ། དེ་ནས་བུ་བཞིའི་མ་ཤི་ནས། བློན་པོ་རྣམས་ཀྱིས་ཇོ་མོ་གཞན་གཅིག་ལེན་པར་ཞུས་པས། བུ་ཚོ་ཉོན་མོངས་འགྲོ་མི་ལེན་གསུང་པས། བློན་པོ་ཚོས་བུ་ཚོ་ནི་གཞོན་པས་ཇེ་དྲག་ལ་འགྲོ། རྒྱལ་པོ་ན་སོ་བགྲེས་ནས་གཡོག་དགོས་པས། ཞེས་སྨྲས་ནས་རྒྱལ་པོ་གཞན་གཅིག་གི་སྲིང་མོ་བླངས་པས། ངའི་སྲིང་མོ་ལ་བུ་བྱུང་ན་རྒྱལ་སྲིད་སྟེར་ན་སྦྱིན། དེ་མིན་མི་སྟེར་ཟེར་བ་ལ། བློན་པོ་རྣམས་ཀྱིས་གཏེར་བར་ཁས་བླངས་ནས། རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོ་བུ་རམ་ཤིང་པའི་ཞལ་ནས། ཕུ་བོ་བཞག་ནས་
༄༅། །ནུ་བོ་ལ་རྒྱལ་སྲིད་སྟེར་བ་ནི་འོས་པ་མ་ཡིན་ནོ་གསུང་པ་ལ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཆེན་པོ་དོན་འདི་ལ་ངེས་པ་མེད་ཀྱིས། བུ་མོ་འབྱུང་ངམ་ཁྱིའུ་འབྱུང་ངམ་ལར་མི་ཡོང་ངམ། ཅི་བྱར་ཡོད་ཅེས་སྨྲས་ནས་བླངས་པས། བུ་ཁྱིའུ་གཅིག་བརྩས་སོ། །མིང་ཡང་རྒྱལ་སྲིད་ལ་དགའ་བ་བྱ་བར་བཏགས་སོ། །དེ་ལ་རྒྱལ་སྲིད་མི་སྟེར་བར་ཡོད་རྩ་ན། ཞང་པོས་ཐོས་ནས་ངའི་ཚའོ་ལ་རྒྱལ་སྲིད་མི་སྟེར་ན་ཁྱེད་ཀྱི་ཡུལ་ཕྱེ་མ་ཕུར་མ་ཀློག་གོ་ཅེས་སྨྲས་པས། རྒྱལ་པོ་བུ་རམ་ཤིང་པས་ཐོས་ནས་བཀྲག་ཅིང་མངང་ངོ་། །བློན་པོ་རྣམས་ལ་སྨྲས་པ་ཁྱེད་རྣམས་ཀྱིས་ལན་ད་ཇི་ལྟར་བགྱི་ཞེས་སྨྲས་པ་དང་། བློན་པོ་རྣམས་ན་རེ། རྒྱལ་པོ་དེ་ནི་སྟོབས་དང་དཔུང་དང་ལྡན་པས་སྟེ། འོ་སྐོལ་གྱི་ཡུལ་བུར་མར་གློག་མི་ཕོད། རྒྱལ་སྲིད་ལ་དགའ་བ་ལ་རྒྱལ་སྲིད་བྱིན། བུ་གཞན་རྣམས་དབྱུག་དུ་གསོལ་བྱས་པ་དང་། རྒྱལ་པོས་དེ་རྣམས་དབྱུག་ནས། གྲོང་ཁྱེར་གྲུ་མཛིན་གྱིས་སྒོ་བཅད་ནས་རྒྱལ་སྲིད་ལ་དགའ་བ་ལ་རྒྱལ་སྲིད་བྱིན་ནོ། །