(ཤཱཀྱ་རིགས་ཀྱི་ཡ་མཚན་གླེང་བ།)
དེ་ནས་ཤཀྱ་རིགས་ཀྱི་ཡམ་མཚན་ལ་གླེང་པ་ནི། དེ་ལྟར་བུ་ཆེ་བ་རྣམས་དབྱུག་པ་དང་། དེ་རྣམས་ཀྱིས་རང་རང་གི་སྲིང་མོ་ཁྲིད་དེ། གངས་རི་དང་ཉེ་བ་ཆུ་བོ་སྐལ་ལྡན་ཤིང་ཏའི་འགྲམ། དྲང་སྲོངས་གསེར་སྐྱའི་གནས་དང་ཧ་ཅང་ཡང་མི་རིང་བ་གཅིག་དུ་ཕྱིན་ཏེ། ལོ་མའི་སྤྱིལ་པོ་བྱས་ནས། རི་དགས་བསད་ནས་འཚོ་བ་བྱེད་ཅིང་གནས་པ་དང་། ལང་མཚོ་དར་ལ་བབས་པ་དང་འདོད་ཆགས་ཀྱིས་ཉེན་ནས་ཤ་སྤྲོ་ངན་པ་སྐྱ་བོ་སེང་སེང་
པོར་གྱུར་ཏེ། དེར་དྲང་སྲོངས་སེར་སྐྱས་སྨྲས་པ། ཁྱེད་རྣམས་ཅིའི་ཕྱིར་སྐྱ་བོ་སེང་སེང་པོར་གྱུར་ཞེས་སྨྲས་པ་དང་། དེ་རྣམས་ཀྱི་སྨྲས་པ། བདག་ལྕགས་ནི་འདོད་ཆགས་ཀྱིས་ཉེན་པས་སོ་ཞེས་པ་དང་། དྲང་སྲོངས་ཀྱི་སྨྲས་པ། རང་རང་གི་སྲིང་མོ་སྤོང་ལ་ཕ་སྤུན་གྱིས་སྲིང་མོ་རྣམས་དང་ལྷན་གཅིག་དུ་སྤྱོད་ཅེས་གསུང་ནས། དྲང་སྲོངས་ཆེན་པོ་དེ་ལྟ་བུ་ལས་རུང་ངམ་ཞུས་པས། རྒྱལ་རིགས་རྒྱལ་སྲིད་སྟོང་བ་རྣམས་ཀྱིས་རུང་བ་ཡིན་ནོ་ཞེས་པ་དང་། དེ་རྣམས་ཀྱིས་ཕ་སྤུན་མོ་རྣམས་དང་ལྷན་གཅིག་དུ་ཅད་པས་བུ་ཚ་ཕོ་མོ་མང་པོ་བཙས་ནས་མང་པོར་འཕེལ་བས། དྲང་སྲོངས་ཀྱི་བསམ་གཏན་ལ་ཀུ་ཅོ་སྟོན་པས་སེམས་རྩེ་གཅིག་དུ་མ་གནས་པས། ཁོ་བོ་གཞན་ཞིག་དུ་འགྲོ་གསུང་པས། དེ་རྣམས་ཀྱི་དྲང་སྲོངས་འདིར་བཞུགས། བདག་ལྕགས་ཀྱི་གཞན་དུ་འགྲོ་ཡིས། ས་ཕྱོགས་ཞིག་འབོགས་པར་ཞུ་བྱས་པས། དྲང་སྲོངས་ཀྱི་གསེར་གྱིས་བྱེ་མ་འབུམ་བླངས་ཏེ། ཆུ་རྒྱུན་གྱི་རི་མོ་བྲིས་ནས། དེར་གྲོང་ཁྱེར་རྩིགས་པས་མིང་ཡང་སེར་སྐྱའི་བཞི་ཞེས་བྱའོ། །དེར་ཡང་མ་ཤོང་མང་པོར་འཕེལ་ནས་ལྷ་རྣམས་ཀྱིས་ས་ཕྱོགས་སྟན་པས། དེར་གྲོང་ཁྱེར་རྩིགས་པས་མིང་ཡང་ལྷས་སྟན་ཞེས་བྱའོ། །དེ་ནས་འཕགས་སྐྱེས་པོས་བུ་དབྱུག་པ་དྲན་ནས། བློན་པོ་རྣམས་ལ་སྨྲས་པ། གཞོན་ནུ་དེ་རྣམས་ད་ལྟ་ག་ན་འདུག་ཅེས་པ་དང་། བློན་པོས་སྨྲས་པ། དེ་རྣམས་རང་རང་གི་སྲིང་མོ་ཁྲིད་ནས་རི་བོ་གངས་རིའི་ངོས། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོངས་སེར་སྐྱའི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ན། ཕ་སྤུན་
༄༅། །མོ་རྣམས་དང་ལྷན་གཅིག་དུ་ཅད་དེ་བུ་ཚ་ཡང་མང་པོ་བརྩས་སོ་ཞེས་སྨྲས་པས། རྒྱལ་པོའི་ཞལ་ནས་དེ་ལྟར་སྨོད་དམ་ཞེས་སྨྲས་པས། བློན་པོ་རྣམས་ན་རེ་ལྷ་སྔོ་ཐོག་ལགས་སོ་ཞེས་བརྗོད་པས། རྒྱལ་པོས་ཆེད་དུ་བརྗོད་པ་ཀྱེ་མ་གཞོན་ནུ་རྣམས་ཀྱི་ཕོད་པ་ཡིན་ནོ་ཞེས་སྨྲས་སོ། །དེ་ནི་ཤཀྱ་རིགས་ཀྱི་ཡ་མཚན་ལ་གླེང་པ་སྟེ་མིང་སྲིང་གཟའ་མི་བྱས་པ་ཟེར་བ་ལགས་སོ། །