ལྡེའུ་ཆོས་འབྱུང་།
ཟངས་མ་གཞུ་རལ་ཅན།
Previous Chapter
Next Chapter

(ཟངས་མ་གཞུ་རལ་ཅན།)

ཡབ་འབངས་ཀྱི་རྩམས་པའི་ཟངས་མ་གཞུ་རལ་ཅན་ནི། དགུང་ཕུབ་ཀྱི་བླ་ན་འབྲོ་རྗེ་ལེགས་པ་བཞུགས་སོ། །གནམ་ཕུབ་ཀྱི་བླ་ན་གནམ་ལྷ་དཀར་གསུམ་བཞུགས་སོ། །སྤྲིན་ཕུབ་བླ་ན་སྐར་མ་ཡོ་ལྡེ་བཞུགས་སོ། །རྒུང་གཡོལ་གྱི་བླ་ན་རྒྱ་ལྷ་འབྲོང་ནམ་བཞུགས་སོ། །གནམ་ཡེལ་གྱི་བླ་ན་འོ་དེ་གུང་རྒྱལ་བཞུགས་སོ། །སྟེངས་མེར་གྱིས་བླ་ན་ཡབ་ལྷ་བརྡལ་དྲུག་བཞུགས་སོ། །སྤྲིན་ཕུབ་ཀྱི་བླ་ན་བདུད་རྗེ་ཆེན་པོ་བཞུགས་སོ། །ཁ་ཡེལ་གྱིས་བླ་ན་

137b

ལྡེ་གཉའ་ཁྲི་བཙན་པོ་བཞུགས་སོ། །རྨུ་ཟིལ་གྱིས་བླ་ན་རྨུ་རྗེ་བཙན་པོ་བཞུགས་སོ། །དོག་མེར་གྱིས་བླ་ན་སྟང་ས་མགོན་བུ་བཞུགས་སོ། །ཟོ་རེ་ཆེན་པོའི་འོག་ན་དོག་ལྷ་སྨིན་བུ་བཞུགས་སོ། །ས་མེར་གྱིས་འོག་ན་མེར་ལྷ་སྨོངས་བུ་བཞུགས་སོ། །ས་ལྷགས་ཀྱི་འོག་ན་ས་ལྷ་འཁོར་མོ་བཞུགས་སོ། །སྟིང་རུམ་གྱི་འོག་ན་སྟིང་ལྷ་གར་ཆེན་བཞུགས་སོ། །གསང་འགི་བླ་ན་གསང་ལྷ་དེ་པ་བཞུགས་སོ། །བར་སྣང་གི་བླ་ན་བདུད་རྗེ་ཆེན་པོ་བཞུགས་སོ། །དེ་ཚོ་ལ་ཟངས་མ་བཞུག་རལ་ཅན་ཞེས་བྱ་ཏེ་བླ་ན་བཞུགས་པ་བཅྭོ་བརྒྱད་དོ། །