ལྡེའུ་ཆོས་འབྱུང་།
ཚན་བཅུ།
Previous Chapter
Next Chapter

(ཚན་བཅུ།)

རྒྱས་པར་བཤད་པ་ལ་ཚན་བཅུ་ནི་བོད་རུ་རེ་རེ་ན། ཡུལ་དཔོན་བཅུ་དྲུག་བཅུ་དྲུག་ཡོད་པ་ནི། རུ་ལགས་ཀྱིས་ཡུལ་དཔོན་ཚན་བཅུ་དྲུག་ལ། མང་ཡུལ་ལ་ཡུལ་དཔོན་ཚན་ཅིག །སྙེ་ནམ་ལ་གཅིག །དཔའ་ཆད་ལ་གཅིག །དྲངས་ས་ལ་གཅིག །གྲོམ་ལུང་ལ་གཅིག །ཤབ་ལུང་པ་ལ་གཅིག །སྲད་ལུང་པ་ལ་གཅིག །མྱང་མདའ་ལུང་པ་ལ་གཅིག །ཁྲི་ཐང་པ་གཅིག །ཐང་འབྲང་ལ་གཅིག །ནུལ་པོ་ལ་གཅིག །གཡུ་ལུང་པ་ལ་གཅིག །དུང་ལུང་པ་ལ་གཅིག །མྱང་བསྟོད་པ་ལ་གཅིག །གད་སྲམ་ལུང་པ་ལ་གཅིག །སྤ་རོངས་ལ་ཡུལ་དཔོན་ཚན་ཅིག་ཏེ་བཅུ་དྲུག་གོ །གཡས་རུའི་ཡུལ་དཔོན་ཚན་བཅུ་དྲུག་ལ། བྱང་ཕུག་ཡུལ་དཔོན་ཚན་གཅིག །ཟངས་ཟང་ལ་ཚན་གཅིག །ཟངས་དཀར་ལ་གཅིག །དུང་ལུང་པ་ལ་གཅིག །གདེག་ལུང་པ་ལ་གཅིག །བགྱིད་ལུང་པ་ལ་གཅིག །བཤག་ལུང་པ་ལ་གཅིག །འབྱད་ལུང་པ་ལ་གཅིག །རྟ་ནག་ལུང་པ་ལ་གཅིག །ཞན་ཐག་ལ་གཅིག །མཚོ་ཉང་ལ་གཅིག །རྟ་ནུ་ལ་གཅིག །གཙང་ཤོད་ལ་གཅིག །འོ་ཡུག་ལ་གཅིག །སྙེ་མོ་ལ་གཅིག །དགྲ་ཡགས་ལ་

145b

གཅིག་སྟེ་བཅུ་དྲུག་གོ །དབུ་རུའི་ཡུལ་དཔོན་ཚན་བཅུ་དྲུག་ལ། སྟོད་ལུང་ལ་ཡུལ་དཔོན་གཅིག །འཕགས་རྒྱལ་ལ་གཅིག །ཀླུང་ཤོད་ལ་གཅིག །མལ་གྲོ་ལ་གཅིག །འདམ་ཤོད་ལ་གཅིག །ཟ་གད་ལ་གཅིག །རགྴ་ལ་གཅིག །བ་ལམ་ལ་གཅིག །ངན་ལམ་ལ་གཅིག །བྲང་ཡུལ་ལ་གཅིག །དབུལ་སྡེ་ལ་གཅིག །གཟད་ཆུ་ཤུལ་ལ་གཅིག །འཕྲང་པོ་ལ་གཅིག །གནོན་ལུང་པ་ལ་གཅིག །གསང་ལ་གཅིག །བྲག་རུམ་ལ་གཅིག །འཕན་ཡུལ་ལ་གཅིག་སྟེ་བཅུ་དྲུག་གོ །གཡུའ་རུའི་ཡུལ་དཔོན་ཚན་བཅུ་དྲུག་ལ། ང་རབས་ལ་ཡུལ་དཔོན་ཚན་གཅིག །གུང་པོ་ལ་གཅིག །གང་བར་ལ་གཅིག །ཡར་མདའ་ལ་གཅིག །འཆིངས་ལུང་ལ་གཅིག །གྲེང་ང་ལ་གཅིག །རོག་པ་ལ་གཅིག །ལོ་རོ་ལ་གཅིག །བན་པ་ལ་གཅིག །སྟམ་ཤུལ་ལ་གཅིག །ཁོ་མཐིང་ལ་གཅིག །བྲག་ལུང་ལ་གཅིག །དོལ་གཞུང་གཉིས་ལ་གཅིག །གྲ་ལུང་པ་ལ་གཅིག །ཁབ་སོ་ལ་གཅིག །ཡ་འབྲོག་རྣམ་གསུམ་ལ་གཅིག་སྟེ་ཡུལ་དཔོན་ཚན་བཅུ་དྲུག་གོ །