(ཁ་བརྒྱད་དང་། ཁེ་བརྒྱད། ཁེར་བརྒྱད།)
ཁ་རྒྱད་ཁེ་རྒྱད་ནི། སྟོད་ན་ཁྲོམ་ཁ་ཆེན་པོ་གསུམ་སྟེ། དྲུ་ཞའི་རྒྱལ་ཁམས་དང་། དྲུ་གུ་དང་། བལ་བོའོ། །སྨད་ཀྱི་ཁྲོམ་ཁ་གསུམ་ལ། གར་ལོག ། རོང་རོང་། ལྡན་མའོ། །དབུས་ཀྱི་ཁྲོམ་ཁ་གཉིས་ནི། སྟོང་སྟོང་གཉིས་སོ། །ཁེ་བརྒྱད་ནི། ལ་སྒོ་ཆེན་པོ་བཞི་ལ་མངའ་མཛད་པ་ཏེ། འབྲོ་རྗེ་ཁྲི་གསུམ་རྗེ་རྟགས་སྣང་གིས། ཤར་དར་ཟབ་ཀྱི་ལ་སྒོ་ཕྱེ་སྟེ་མངའ་མཛད། མགོས་ཁྲི་སྙེན་བལ་མས།
༄༅། །ལྷོ་འབྲས་དང་ཁྲེའི་ལ་སྒོ་ཕྱེ་སྟེ་མང་མཛད། འབྲོང་ཆུང་གཟའ་འོར་མས། ནུབ་རིས་དང་རྒྱ་སྐྱག་གི་ལ་སྒོ་ཕྱེ་སྟེ་མངའ་མཛད། ཁྱུང་པོ་སྤུ་སྟངས་ཀྱི་བྱང་ཚ་དང་མཛོའི་ལས་སྒོ་ཕྱེ་སྟེ་མངའ་མཛད། ལ་སྒོ་བཞི་ལ་ལེ་ཆུང་བཞི་དང་བརྒྱད་ལ། བོད་ཁེ་ལ་ཞུགས་པས་ཁེ་རྒྱད་ཅེས་བྱའོ། །ཡང་ཁེར་བརྒྱད་ཅེས་བྱ་སྟེ། བོད་ཀྱི་དམག་དཔོན་བརྒྱད་ཀྱི་སྡིག་སྦྱོངས་སུ། རྩུག་ལགས་ཁང་རྒྱད་བཞེངས་པས་སྡིག་པ་ཐམས་ཅད་ཁེར་བས་ཁེ་ཆེ་བས་ན་ཁེ་བརྒྱད་ཅེས་བྱའོ། །དེ་ཡང་སྙེར་སྟག་བཙན་སྟོད་གཟིགས་ཀྱིས་རྒྱ་ལ་དམག་དྲངས་པའི་སྡིག་སྦྱོངས་སུ། གླིང་ཁྲི་རྩེའི་གཙུག་ལག་ཁང་བཞེངས། སྤ་ཚབ་སྟོང་པ་དང་སྟོང་འབྱམས་ཀྱིས་བསྟོད་ཀྱི་མཁར་བཞི་བཅོམ་པའི་སྡིག་སྦྱོངས་སུ། མན་དྷ་ར་བའི་གཙུག་ལག་ཁང་བཞེངས། ཁྲི་གསུམ་རྗེ་སྟག་སྣང་གི་ཞང་པོ་རྒྱ་ལ་དམག་དྲངས་པའི་སྡིག་སྦྱོངས་སུ་བྲག་དམར་བཀའ་ཆུའི་ལྷ་ཁང་བཞེངས། ཅོག་རོ་སྐྱེས་གཟའ་རྒྱལ་འགོང་གིས་རྨེ་བྱས་པའི་སྡིག་སྦྱོངས་སུ། མཁར་བསྟོད་གནམ་རུའི་ལྷ་ཁང་བཞེངས། ཁྱུང་པོ་སྤུ་སྟངས་རིང་པོས་ཧོར་གྱི་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ། སྟོད་ལུང་ལུམ་པའི་ལྷ་ཁང་བཞེངས། རྒྱ་རོ་ལོང་གཟིགས་ཀྱི་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ། སྟོད་ལུངས་མོང་ཏྲའི་ལྷ་ཁང་བཞེངས། ལྕེ་ཁྲི་བཟངས་ལྷ་བྱིན་གྱིས་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ། རྩིས་ཀྱི་ལྷ་ཁང་བཞེངས། སྦས་རྒྱ་དོ་རེ་སྟག་སྣང་བྲན་ཀ་དཔལ་གྱི་ཡོན་ཏན་ལ་མ་ཉེས་པའི་སྐྱོན་ཕབ་པའི་སྡིག་སྦྱོངས་སུ། ཁྲོམ་སྣ་ལྷ་ལུང་སྒོ་སྲུངས་བཞེངས་ཏེ། དེ་
ལྟར་སྡིག་པ་ཆེན་པོ་མི་བརྒྱད་ཀྱི་གཙུག་ལག་ཁང་བརྒྱད་རྩིགས་ནས་སྡིག་པ་ཐམས་ཅད་ཁེར་བས་ན་ཁེ་བརྒྱད་ཅེས་བྱའོ། །