(ཆེ་བདུན་དང་དཔོན་བདུན།)
ཆེ་བདུན་དཔོན་བདུན་ནི། སྦས་ཆེ་བ་ནི་སྦས་བྱ་ཞུ་ཅན་ལྷ་བཙན་ལ། ནོར་བུ་ཀེ་ཀེ་རུ་དང་སྟག་གི་གུང་ཐོང་ཡོད་པས་ཆེ། འཆིམས་དམྱལ་བ་རྒྱ་གཟིགས་ཤུད་སྟོང་ལ། གཡུའི་གཡུ་དྲུང་ཆེན་པོ་དང་། བྲན་དགུ་ཁྲི་ཡོད་པས་ཆེ། འགྲོ་ཁྲོམ་འདའ་ཆུང་པ་ལ་སེང་གེ་དཀར་མོའི་གོང་ལགས་ཡོད་པ་ཡོད་པས་ཆེ། སྣ་ནམ་རྒྱལ་ཉེར་བཟངས་ནི་ཆོས་ཀྱི་བླ་མཁྱེན་ཡིན་པས་ཆེ། སྦྲང་རྒྱལ་ར་ལེགས་གཟིགས་ལ། གཡུའི་གཡུང་དྲུང་དང་གསེར་གྱི་ཡི་གེ་ཡོད་པས་ཆེ། ཅོག་རོ་སྟག་ཅན་གཟིགས་ཅན་ལ་གསེར་ཡིག་དང་མཐའི་སོ་ཁ་སྲུངས་པས་ཆེ། ཡང་ན་ཅོག་རོ་ཁོང་བཙན་ལ་འབངས། དགུ་བརྒྱ་དགུ་བཅུ་ཡོད་པས་ཆེ། སྣུབས་ཆེ་བ་ནི་དངུལ་གྱི་འོབ་ཆེན་དགུ་འཕངས་ཡོད་པས་ཆེ། མྱང་ཞ་བོ་ཆེ་ལ་གཡུ། ཞ་མདའ་གང་ཡོད་པས་ཆེའོ། །དཔོན་བདུན་ནི་ཡུལ་དཔོན་གྱི་ལས་ཐབས། ཡུལ་ལུ་ཆུང་ཁྲིམས་ཀྱིས་རྩ་བ་དང་། མཐོའ་མཐོའ་རྫི། སྨ་སྨ་ཀྱོང་པ་ལགས། དམག་དཔོན་གྱིས་ལས་ཐབས་ནི། དགྲ་ཐབས་དང་། རྣོ་འགྱོགས་ཀྱིས་དགྲ་གནན་པ་དང་། རང་ཡུལ་རྒྱལ་བར་བྱེད་པ་ལགས། ཆིབས་དཔོན་གྱིས་ལས་ཐབས་ནི། གཤེགས་ཡུལ་མཚོན་པ་ལགས། སྔན་དཔོན་གྱིས་ལས་ཐབས་ནི། ནས་ལུག་གསེར་དངུལ་གྱིས་ལས་བྱེད་པ་སྟེ། འགུ་བ་ཉུང་། སྔན་འདྲེན་པ་མང་པས་སྔན་དཔོན་ཞེས་པའོ། །
༄༅། །སྡེ་དཔོན་ནི་མི་སྡེའི་དཔོན་བྱེད་པའོ། །ཕྲུ་དཔོན་ནི། འབྲོག་གི་འབྲི་མཛོ་རྟ་ལུག་ཕྲུ་མའི་གཉེར་བྱེད་པའོ། །དྲངས་དཔོན་ནི། ཞལ་ཆེ་དྲངས་པོར་ཅོད་པ་དང་། ཆེས་དྲའི་སློབ་དཔོན་གྱི་མཉེར་བྱེད་པའོ། །དེ་ཚོ་ཆེ་བདུན་དང་དཔོན་བདུན་ནོ། །