ལྡེའུ་ཆོས་འབྱུང་།
ཁྲིམས་དྲུག་དྲུག་སོ་དྲུག་གི་སྐོར།
Previous Chapter
Next Chapter

(ཁྲིམས་དྲུག་དྲུག་སོ་དྲུག་གི་སྐོར།)

ཁྲིམས་དྲུག་ལ་ནི། གོང་གི་ཁྲི་རྩེ་འབུམ་བཞེར་ཀྱི་ཁྲིམས་དང་྾ འབུམ་གསེར་ཐང་ཤ་བ་ཅན་྾ རྒྱལ་ཁམས་དཔེ་སླང་གི་྾ མདོ་ལོན་ཞུ་བཅད་྾ ཁབ་སོ་ནན་ཁྲིམས་྾ བཀའ་ལུང་རྒྱལ་ཁྲིམས་དང་དྲུག་གོ །ཁོད་དྲུག་ལ་བོད་ཀྱི་ཁོད་དང་གཅིག །ཞང་ཞུང་གི་྾ མོན་གྱི་྾ ཆིབས་དཔོན་གྱིས་྾ མཐོང་ཁྱབ་ཀྱི་ཁོད་དང་དྲུག་གོ །ཡིག་ཚངས་དྲུག་ལ། གསེར་གཡུ་གཉིས། འཕྲ་མེན་གཉིས། ཟངས་ལྕགས་ཀྱི་ཡི་གེ་གཉིས་སྟེ་དྲུག་གོ །ཕྱག་རྒྱ་དྲུག་ལ། བཀའ་བརྟགས་ཀྱི་ཕྱག་རྒྱ་སྒྲོམ་བུ། ཁྲིམས་སྟག་གི་ཕྱག་རྒྱ་རུ་མཚོན་དང་གཉིས། ཡུལ་སྟག་གི་ཕྱག་རྒྱ་སྐུ་མཁར། ཆོས་བསྟགས་ཀྱི་ཕྱག་རྒྱ་ལྷ་ཁང་། སྤ་སྟགས་ཀྱི་ཕྱག་རྒྱ་སྟག་གཟིག །མཛངས་སྟག་གི་ཕྱག་རྒྱ་ཡིག་ཚངས་དང་དྲུག་གོ །དཔའ་རྟགས་དྲུག་ལ་སྟག་སྟོད་སྨད་གཉིས། ཟར་ཆེན་ཟར་ཆུང་གཉིས། སྟག་སླག་གཟིག་སླག་གཉིས་ཏེ་དྲུག་གོ །དེ་ལ་བཀའ་ལུང་

152a

༄༅།       །རྒྱལ་ཁྲིམས་ལ། སྲོག་མི་གཅོད་པའི་ཁྲིམས་སྟོང་ཐང་དང་གསོས་ཐང་བཅད་པ་དང་གཅིག །མ་བྱིན་པར་མི་ལེན་པ་ལ་རྒྱལ་པོ་ལ་རྒྱ་ཆལ་དང་དཀོན་མཆོག་གི་བརྒྱ་བཅུ་ཆལ་དང་། ཀྱེའོ་ལ་བརྒྱད་ཆལ་དུ་ཅད་པ་དང་གཉིས། འདོད་པས་ལོག་པར་སྤྱད་དོགས་པ་ལ། བྱི་ཆལ་སྣ་ཅད་པ་དང་རྨིག་དབྱུང་བར་བྱས་པ་དང་གསུམ། རྫུན་སྨྲས་ཀྱིས་དོགས་པའི་ཁྲིམས་དཀོན་མཆོག་དང་ལྷ་ཀླུ་གཉན་པོ་སྤང་དུ་ཙུག་ནས་མནའ་བྱ་བ་དང་བཞི། ཁེང་མི་ཟློག་པ་དང་བང་སོ་མི་དྲུས་པའི་ཁྲིམས་བཅས་པ་དང་དྲུག་གོ །ཁྲི་རྩེ་འབུམ་བཞེར་ན་ཁྲིམས་བྱུང་ངོ་། །ཁོད་དྲུག་ནི་བོད་ཀྱི་ཁོད་ཀྱི་ཤོད་ཤོ་ལ་རར་བྱས། ཁོ་ཤོད་མཁན་འགར་སྟོང་བཙན་གྱིས་བྱས་སྟེ། ཤིང་བུ་དང་རྡེའུ་ཡན་ཆད་རྩིས་ནས། ཤོག་གུ་མཛོ་ཁལ་ལོང་པ་ལ་བྲིས་པས་ཁྲམ་བྱང་མ་ཐེབས་པར་འཁྲུག་ཏེ། ད་བོད་ཀྱི་ཁོད་སུས་ཤོམས་སམ་སྙམས་ནས་བསམ་པས། ད་རྒྱལ་བྱིས་པ་གཅིག་འཁྲུལ་ཆེ་བར་ཐོས་ནས། བློན་པོ་བཞིས་འཚོལ་དུ་ཕྱིན་པས། བྱིས་པ་དང་འཕྲད་ནས་དྲིས་པ། བྱིས་པ་ན་རེ། འདིའི་མཐའ་བསྐོར་རམ་གཞུང་ཅད་བྱས་པས། རིང་ན་མཐའ་བསྐོར། མི་རིངས་ན་གཞུང་ཆོད་ཟེར་བས། བྱིས་པའི་མེན་ལོགས་དུ་མཐོང་ནས། གཞུང་ཅད་པས་འདམས་དུ་བྱིང་ངོ་། །དེ་ནས་བྱིས་པ་ལ་ཕ་མ་གར་སོང་བྲིས་པས། ཕ་ཏམ་འཚོལ་དུ་སོང་། མ་མིག་འཚོལ་དུ་སོང་ཟེར་བ་ལ། ཕས་ཆང་ཁྱེར་བྱུང་། མས་མར་ནག་ཁྱེར་བྱུང་། དེ་ནས་བློན་པོ་དགའ་ནས། བོད་ཀྱི་ཁོད་ཤོམ་དུ་བཅུག་པས་མ་ཤོམ་ནས། བློན་པོ་

152b

མགར་གྱིས་འཆིམས་མང་བཞེར་ངན་ལ་མཛང་པར་ཐོས་ནས་ལུག་འཚོ་བའི་ཕྱིར་ཤ་སྐམ་ཚས་སྦང་པ་ཁྱེར་ནས་དྲིས་པས། བོད་ཀྱི་ཁོད་ད་རྒྱལ་གྱིས་ཤོམས་སམ་ཟེར་ན། ཤོམས་སམ་མི་ཤོམས་བྱས་པས། འཆིམས་ན་རེ་རང་སྲོག་ཆོད་རྩམ་པ་དེས་མི་ཤོམ་ཟེར། འོ་ན་སུས་ཤོམས་བྱས་པས་ངས་ཤོམས་སྟེ་མི་བཤོམ་ཟེར་རོ། །དེར་མགར་གྱིས་ཤ་སྐམ་ཚྭས་སྦལ་བ་དེ་བྱིན་པས། ཁོ་ཁ་སྐོམས་ནས་ད་ལྟ་ཆང་སྟེར་གཅིག་བྱུང་ན་ཅི་ཟེར་ཉན་པས་ཟེར་བ་ལ། ཡང་མགར་ཆང་རྐྱལ་སྦས་པ་དེ་ཁོ་ལ་དྲངས་པས། ཁོ་བཟི་བ་ལ་ཁོད་དྲིས་པས། རྒོད་ཀྱིས་སྟོང་སྡེ་བཅུ་བཞིར་དབྱེ་བ་དང་། དེའི་སྟོང་དཔོན་དང་། རུ་བཞིའི་འཚམས་དབྱེ་བ་དང་། གཡུང་གི་མི་སྡེར་ཕྱེ་བ་དང་། དེའི་ལས་མཁན་སྐོ་བ་དང་། ཡུལ་གྱི་དཔའ་ཅད་པ་དྲིས་ནས་ཁོ་བཟི་བའི་བར་བྲོས་སོ། །དེ་ལ་རྒོད་ཀྱིས་སྟོང་སྡེ་དབྱེ་བ་དང་། དེའི་སྟོང་དཔོན་ནི། ཚན་བཅུ་སྡེ་བཅུར་བཤད་དོ། །རུ་བཞིའི་འཚམས་དབྱེ་བ་ནི། དབུ་རུའི་རུ་འཚམས་ནི། ཤར་འོལ་ཀ་ཤུག་པ་སྤུན་བདུན་ལ་བསྟུག །ནུབ་སྙེ་མོ་གཞུ་ལ་བཏུག །བྱང་སྲག་གི་གླང་མ་གུར་ཕུབ་ལ་བཏུག །ལྷ་དམའ་ལ་ལ་རྒྱུད་ལ་གཏུག །དབུས་ནི་ལྷ་ས་ར་མོ་ཆེའོ། །གཡུ་རུའི་རུ་འཚམས་ནི། ཤར་ཀོང་ཡུལ་བྲེ་སྣ། ནུབ་ཁ་རག་སྤྱི་སྟུད། བྱང་དམའ་ལ་ལ་རྒྱུད། ལྷོ་ཤ་འུག་སྟག་སྒོ། དབུས་ཡར་ལུངས་ཁྲམ་འབྲུག་གོ ། གཡས་རུའི་རུ་འཚམས་ནི། ཤར་ཕྱོགས་སྒྲགས་ཀྱིས་གླང་མ་གུར་ཕུབ། ནུབ་བྱེ་མ་

153a

༄༅།       །ལ་དགུ། བྱང་རྨེ་ཏེ་ཆུ་ནག །ལྷོ་སྙེ་ནམ་གཡག་པོ་སྣ། དབུས་ཀྱིས་ཤངས་ཀྱི་ཞོང་འཚལ་ལོ། །རུ་ལག་གི་རུ་འཚམས་ནི། ཤར་ནེ་ན་བཀྲ། ནུབ་ཁེན་མག་མིག །བྱང་བྱེ་མ་ལ་སྔོན། ལྷོ་བལ་པོ་གླང་དགུར། དབུས་སྦྲད་ཀྱི་ངུར་པ་སྣའོ། །སུམ་པའི་རུ་འཚམས་ནི། ཤར་གཉེ་ཡུལ་བྲེ་ནག །ནུབ་སྤེལ་ཞབས་སྡིང་པོ་ཆེ། བྱང་ནགས་ཤོད་གཟི་འཕྲང་། ལྷོ་རྨེ་སྟི་ཆུ་ནག །དབུས་ནི་རྒྱ་ཤོད་སྟག་པ་ཚལ་ལོ། །དེས་ནི་བོད་རུ་བཞི་སུམ་པའི་རུ་ལགས་དང་ལྔའི་རུ་འཚམས་སྟན་པའོ། །ཡུལ་དེ་རྣམས་ན་རྒོད་ཀྱི་སྟོང་སྡེ་བཅུ་བཞི་ཞེ་བྱ་སྟེ། གཡུང་གི་མི་སྡེ་འབངས་ལས་བྱེད་དང་ཁེང་པའོ། །འབངས་ལས་བྱེད་པ་སྲིས་པ་དགུ། རྫི་བདུན་མཁན་དགུ། ཚོངས་ལྔ། རྒྱལ་བཞི། མཛིན་གསུམ་མོ། །སྲིས་པ་དགུ་ནི། གནུབ་རྗེ་སྲིད་པ། ལྷོ་རྗེ་གླང་པ། ལྷོ་རྗེ་གླང་པ། ལྷོ་རྗེ་གླིང་པ། འཆིམས་སྲུང་པ། ཉག་ཉི་ཕྱག་པ། བྲང་ང་སྐོས་པ། ཁྱེ་རྣེ་སྤྲིའུ་པ། ཤེའུ་འཆང་པ། སོ་ཕྱེ་པའོ། །རྫི་བདུན་ནི། ལོ་ངམ་རྟ་རྫི། ལྟམ་པ་འབྲི་རྫི། ར་ག་ར་རྫི། འཁར་པ་ལུག་རྫི། འགོས་བོང་རྫི། བྱ་ཁྱི་རྫི། རྔོག་ཕག་རྫིའོ། །མཁན་དྲུག་ནི། ཀར་ཡོ་འགར་མཁན། གར་རུ་སྒ་མཁན། སྲག་གཞུ་མཁན། ར་ཤགས་མདའ་མཁན། བྱ་བ་ཁྲབ་མཁན། ཚོང་རྩི་ལྷ་མཁན་ནོ། །ཚོངས་ལྔ་ནི། རྒྱ་བྱེ་ཚོང་། གྲུ་གུ་གཡུ་ཚོང་། འ་ཞ་གྲི་ཚོངས། ལྡན་མ་དར་ཚོངས།

153b

གླན་ཚ་ཚོངས་ངོ་། །རྒྱལ་བཞི་ནི། ནམ་ས་ལྡེ་རྒྱལ། བལ་པོ་ལང་ལིང་རྒྱལ། སུམ་པ་ལྕགས་རྒྱལ། མོན་རྩེ་རྒྱལ་ལོ། །མཛིན་གསུམ་ནི། བདགས་སྦ་མཛིན། མྱང་པོ་ལྕགས་མཛིན། གྲོད་བྱ་མཛིན་ནོ། །དེ་ལྟར་སོ་སོར་རྒྱལ་པོ་བྱེད་ཀྱང་། བཅའ་བསྡུས་ནས་བོད་ཀྱི་རྗེ་ལ་འབུལ་བས། འབངས་སུ་རྟོགས་སོ། །ཡུལ་གྱི་ཁོད་བཤམས་པ་ནི། དབུ་རུ་ཤ་ཆེན་རྩད་པོ་ཉིད་ཀྱི་ཡུལ་དུ་ཅད། ཕོ་བྲང་རྣེ་བྱི་བཙན་པོ་རྒྱལ་འབངས་ཡུལ་དུ་བཅད། ཕྱིང་ང་སྟག་རྩེ་འགོས་དང་སྣུབས་ཀྱི་ཡུལ་དུ་྾ བྱ་ཕུ་ཚགས་ཚིག་དྲང་རྗེ་ཕ་ལྔའི་ཡུལ་྾ འཕན་སྣ་ཁྲམ་སྣ་འཛོམ་སྟོང་གི་ཡུལ་དུ་བཅད། ཟ་གད་ལྟེ་ལུང་བློན་ཆེན་སྦས་ཀྱིས་ཡུལ་དུ་྾ ནམ་ར་ཚ་གོང་འབྲི་དང་ཆག་གི་ཡུལ་྾། མྱང་ཁྲོམ་པ་འབྲེ་དང་ལྕེའི་ཡུལ་དུ་྾ ཤངས་ཀྱིས་བླེ་བྱི་རི་དང་བླེ་བྱིའི་ཡུལ་྾ ཡུང་པ་ཆེ་ཆུང་བྲན་ཀའི་ཡུལ་྾ འདམ་ཤོད་ཀར་མོ་ལྕོག་རོའི་྾ མདོ་ཁམས་ཆེ་ཆུང་སུམ་པ་རུ་ཡན་ལགས་ཀྱི་ཡུལ་དུ་བཅད་དོ། །སྟོད་སྨད་བར་གསུམ་གྱི་དཔའ་སྡེ་རྐོས་ལུགས་ནི། སྟོད་ཀྱི་དཔའ་སྡེ་སོ་བྲག་སྟག་པོ་རོང་གིས་ཡན་ཅད། མོན་ཁ་བཞི་མས་ཅད་དེ། ཡུལ་དེ་ན་གནས་པའི་གུག་ཅོག་སྡེ་ལྔ་ལ། འགྲོ། ཁྱུང་པོ། འགར། སྣུབས། གཉན་འདྲེ། ལྔ་གནས་སྟེ། གུག་གེ་དང་གུག་ཅོག་གི་དཔོན་བྱ་སྟེ། གྲུ་གུ་གསེར་མིག་ཅན་གྱི་ཆུང་མ་ཧོར་མོ་སྤིར་མདུང་ཅན། ནུ་མ་གཡས་པ་མེ་རྩས་སྲེགས་ནས། མདའ་སྤར་གསུམ་གྱིས་མགོ་རྩམ་པ། སྡོ་ཁེབ་ལའང་ཅུར་འབྱིན་

154a

༄༅།       །པ་ལ་ཁ་ལྟས་ནས་ཐབས་པའི་ཚེ། དཔའ་ཚན་སྟག་གི་སྤྱིལ་པོ་ཕུབ། འོག་རྟ་གཡུལ་དུ་བསད། མགོའི་སྐྲ་བཤིག །གདོང་པ་ཁྲག་གི་བྱུགས། སླར་མི་རྟོགས་པའི་ཚུལ་བྱས་ནས་འཐབ་པས་ན་དཔའོ། །བར་གྱིས་དཔའ་སྡེ་ནི། རི་སྤེན་མ་ལུང་གིས་ཡས་བཅད། ཆགས་སྒོ་དང་པས་མས་ཅད་པའི་ཡུལ་དེ་ན་རྒྱལ་སྡེ་བཅུ་གཉིས་ལ། ནགས་ཤོད་སྟོང་བུ་ཆུང་གི་དཔོན་བྱས་ཏེ། ལྗང་མོ་ཐག་མདུང་ཅན་གླང་པོ་ཆེའི་མདུང་ཁུར་ཏེ། དམགས་དང་ཆས་ནས་འོངས་པ་ལ། འཐབས་པའི་ཚེ། དཔའ་སྟགས་སུ་རལ་གྲི་ལ་རི་མོ་བྲིས། དུར་རྒྱགས་ལྟོར་ཟོས། ཚ་ལེབ་རྒྱབ་ཏུ་གོན། སླར་མི་ལྡོག་པའི་བསམ་པ་དང་བྱས་ཏེ། སྤ་བོའི་རལ་ཁ་བྱས་པས་ན་དཔའ་བའོ། །སྨད་ཀྱི་དཔའ་སྡེ་ནི། དམའི་སྤོམ་རས་མས་ཅད། བཀའ་ཐང་ཀླུ་རྩེས་ཡས་ཅད། ལོམ་ཤི་རྒྱ་མཁར་ལ་སོ་འཚམས་གཏད་པའི་ཡུལ་དེ་ན། གནས་པའི་མཐོང་ཁྱབ་སྲིད་སྡེ་དགུའི་སྟེང་དུ་བཞི་ཞ་སྟེ་དྲུག་གི་གནན་པ་ལ། རྒྱའི་སོ་མཁར་བྱང་གི་བར་ལ་རྟ་པ་དགུ་སྒྲིལ་རྒྱུག་དུ་བསྟུབ་པའི་ནང་ན། མི་སྤེ་ཐུང་རྩམ་པས་དགྲ་སྟའི་ཁ་ཁྲུ་རེ་རྩམ་ཐོགས་ནས། འཐབ་པའི་ཚེ། ལྡོང་སྟོང་གི་བུ་དོར་ཏེ་ཕྱུག་འཚམས་ཀྱི་དཔོན་བྱས་ནས། སྤ་སྟགས་སུ་རལ་གྲིའི་ཤུགས་བཅག །ཁ་ཆེམས་ཉེ་བ་ལ་བཞག །བུ་སྨད་གྲོང་པ་ལ་བཅོལ་ནས། ཕྱིར་མི་ལྡོག་པའི་བསམ་པ་དང་ཆས་ནས། དཔའ་བོ་ཡི་མདུང་ཁ་བྱེད་པས་ན་དཔའ་བའོ། །སྟན་དུ་དགྲ་ཐུལ་བ་ནི་ལྡོང་སྟོང་གཉིས་སོ། །རྨུ་དང་

154b

སེས་མི་རབས་རེ་རེ་ལས་མ་ཐུབ་སྐད་དོ། །དེས་ནི་ཁྲིམས་ཚིག་སུམ་བཅུ་རྩ་དྲུག་དུ་སྟན་པའོ། །བློན་ཁྲིམས་མནོལ་མ་ནི། མཛད་པ་གསུམ། མི་མཛད་པ་གསུམ། བསྟོད་པ་གསུམ། སྨད་པ་གསུམ། མནར་དུ་མི་བཞུགས་པ་གསུམ་ཏེ་བཅྭོ་ལྔའོ། །མཛད་པ་ནི་ཕྱིའི་དགྲ་བཏུལ་ནས་ནང་བདེ་བར་མཛད་པ་དང་། ནང་གི་ཚིས་བྱས་ནས་འཁོར་འདུ་བར་མཛད་པ་དང་། ལྷ་ཆོས་བྱས་ནས་སངས་རྒྱས་ཐོབ་པར་མཛད་པ་དང་གསུམ་མོ། །མི་མཛད་པ་གསུམ་ནི། ལྷ་ཆོས་ཡ་རབས་ཀྱི་སྐྱེན་པོ་ལ་མི་བརྟན། གསང་སྔགས་སངས་རྒྱས་ཀྱི་རྒྱུད་ཡིན་ནོར་དུ་མི་བཙོང་སྙིང་ལ་བཅངས། ཁེང་པོ་རྗེ་རུ་མི་དབྱུང་། མི་ཁྱད་མེད་པར་འགྲོ་བས་ཁེང་བོའི་བུས་སྟོད་མི་ཐུབ་པས་སོ་ལ་བཞག་གོ །སྟོད་པ་གསུམ་ནི། དཔའ་བོ་ལ་སྟག་གི་མ་བསྟོད་ན། དཔའ་བོ་བྱས་པའི་དོན་མེད། མཛང་པ་ལ་ཡིག་ཚངས་ཀྱི་མ་བསྟོད་ན། མཛང་པ་ཡི་ཞི་འགྲོ། ལེགས་པ་ལ་བྱ་རྒས་མ་སྟོད་ན། ལེགས་པ་བྱས་པའི་རུ་མ་མེད། སྨད་པ་གསུམ་ལ། བརྡར་མ་ལ་ཝ་ཞུས་མ་སྨད་ན། སྤ་བོ་དང་བརྡར་མའི་ཤན་མི་ཕྱེད། ངན་པ་ལ་ངན་མཐུར་མ་བྱས་ན་མཛངས་ངན་གྱིས་ཤན་མི་ཕྱེད། ཉེས་པ་ལ་མཆད་པ་མ་ཅད་ན་ལང་རེད་ལ་འགྲོ། མནར་དུ་མི་བཞུགས་པ་གསུམ་ནི། ལུས་སྲོག་བསྐྱེད་པའི་ཕ་མ་མནར་ན་ལ་ཡོགས་འོང་ཞིང་མིས་འཆའ་བས་མནར་དུ་མ་བཞུགས། འཆན་གྱིས་བུ་ཚ་མནར་ན་དགྲའི་ཁྲེལ་ནས་འགྲོ་བས་མནར་དུ་མི་བཞུགས།

155a

༄༅།       །ཟླ་རོགས་མནར་ན་སོ་ནམ་ཆགས་ནས་མཐའ་མར་དབུལ་པོར་འགྲོ་བས་མནར་དུ་མི་བཞུགས་གོ །དེ་རྣམས་ཀྱི་རྒྱལ་ཁྲིམས་བཅས་ལུགས་སྟན་པའོ། །

༈ ཆོས་ཁྲིམས་བཅས་ལུགས་སྟན་པ་ནི། གཞུང་ལས། རྒྱ་བོད། བལ་པོ་ཞང་ཞུང་བཞི་དང་བསྙེན། །ཆོས་ཁྲིམས་སྲོལ་བསྟོད་འཕྲུལ་ལ་སོགས་བཞེངས་སྟེ། །རྒྱ་རྩ་བརྒྱད་དམ་བཅས་ཉིད་ཀྱིས་ཞེ་གཉིས་བཞེངས། །ཞེས་པ་སངས་རྒྱས་དཀོན་མཆོག་སྟེན་ར་ས་འཕྲུལ་སྣང་དང་། རྒྱ་སྟག་ར་མོ་ཆེ་དང་། བྲག་རྩེ་གསུམ་ཐུགས་དམ་ཀྱི་ཡང་སྙིང་དུ་བཞེས་སྟེ། རྒྱ་ནག་འཕྲུལ་གྱིས་དབང་ཅོང་སྤྱན་དྲངས། བལ་ཡུལ་ནས་རྒྱལ་པོ་འབྲི་ལོ་ཧའི་སྲས་མོ་བལ་མོ་གཟའ་ཁྲི་བཙུན་སྤྱན་དྲངས། ཞང་ཞུང་གི་རྒྱལ་པོ་ལི་དམིག་སྐྱའི་སྲས་མོ་ལིག་ཏིག་སྤྱན་དྲངས། བོད་ཀྱི་ཇོ་མོ་གཟའ་ཁྲི་ལྕམ་ཁབ་དུ་བཞེས་ཏེ། རྒྱས་པར་བཀའ་ཆེམས་སུ་ཤེས་པར་བྱའོ། །