ལྡེའུ་ཆོས་འབྱུང་།
ར་ས་འཕྲུལ་སྣང་བཞེངས་པ།
Previous Chapter
Next Chapter

(ར་ས་འཕྲུལ་སྣང་བཞེངས་པ།)

རས་ས་འཕྲུལ་སྣང་ཇི་ལྟར་བཞེངས་ལུགས་ནི། བལ་མོ་གཟའ་སྤྱན་དྲངས་སྟིང་ལ། རྒྱ་མོ་ས་ཨོང་ཅོང་སྤྱན་དྲངས་སྟེ། ལྷ་སའི་མཐིལ་ནེ་ཆུང་གི་སྟོད་ཆུ་མིག་ཁར་ཤིང་རྟ་བྱིང་པ་དང་། གྱད་ལྷ་དགས། ལྷ་སྟེག །ཀླུ་དགས་ཤིང་རྟ་དགུལ་ཡང་མ་སྟུབ་པར། གྱད་གཉིས་ངལ་བསོས་ནས། བཏེགས་ཀྱང་དགུལ་མ་ནུས་སྟེ། ཨོང་ཅོང་སྙམས་ན་ཅི་ཡིན་སྙམས་ནས་ཅུང་ཞིག་རྩིས་པས། བོད་ཁ་བ་ཅན་གྱིས་རྒྱལ་ཁམས་འདི་གཞི་སྲིན་མོ་གན་རྐྱལ་དུ་ཉལ་བ་དང་འདྲ་བར་མཁྱེན། ལྷ་ས་འོ་ཐང་གི་མཚོ་དེ་སྲིན་མོའི་སྙིང་ཁྲག་དུ་མཁྱེན། ལྷ་སའི་ཡུལ་དེ་སྙིང་

155b

ཁར་ཤེས། ནེ་ཐང་གི་དཀྱིལ་ན་རི་བོག་ཆད་གཉིས་ཡོད་པ་དེ་སྲིན་མོའི་སྙིང་གི་རུས་པ། སེམས་ཅན་གྱི་སྲོག་ཟ་བར་ཤེས། ཤར་གྱི་རི་སྣ་ནུབ་ཏུ་ཟུག །ནུབ་ཀྱི་རི་སྣ་ཤར་དུ་ཟུག །ལྷོའི་རི་སྣ་བྱང་། བྱང་གི་རི་སྣ་ལྷོར་ཟུག་པ་དེ་མི་སྤྱོད་ངན་པས་ས་བཞི་ཐམས་ཅད་བྱག་པས་ཁེངས་པར་མཁྱེན། དེ་བས་རྒྱ་ཆེ་བར་གཟིགས་པས། ཡུལ་དེའི་ཤར་ན་རི་པད་མ་ར་ག་ཁ་ཕྱེ་བ་འདྲ་བ་འདུག །ལྷོ་ན་རིན་པོ་ཆེའི་ཕུང་པོ་འདྲ་བ་འདུག །ནུབ་ན་རི་མཆོད་སྡོང་བཙུགས་པ་འདྲ་བ་འདུག །བྱང་ན་རི་མན་ཇིའི་ཁར་དུང་ཕོར་བཞག་པ་འདྲ་བ་འདུག་པས། ས་ཕྱོགས་འདིར་དད་པ་ཅན་གྱི་སྐྱེ་བོ་མང་དུ་འབྱུང་པ་དང་། ཆོས་བྱར་སྟུབས་ཅིང་ཡོན་ཏན་ཅན་གྱི་འབྱུང་ཁུངས་སུ་ཤེས། ཡོན་ཏན་དེ་རྒྱས་ཤིང་འཕེལ་བར་བྱ་བའི་ཕྱིར། ཙུག་ལགས་ཁང་གཅིག་བཞེངས་དགོས་པར་ཤེས་ནས། སའི་དཔྱད་མཛད་པས། སའི་དབྱེ་བ་སུམ་བརྒྱ་དྲུག་བཅུ། ས་ཅད་ཀྱི་ནོར་ར་རེས་བདུན་བཅུ་རྩ་གཉིས། དེའི་ངོས་གཟུང་དགུ་བཅུ། ངོས་བཟུང་ནས་སྐྱོན་ཟློག་ཏེ་འབྲས་བུ་ཆུད་མི་ཟ་བར་བྱེད་པ་བཞིར་བསྡུས་ཏེ། སྐྱེ་བོ་མང་པོ་འདུ་བའི་ས་རྒྱལ་པོའི་ཕོ་བྲང་གི་ས་བསྟན་པ་དང་གཅིག །འཕགས་པ་རབ་ཏུ་བྱུང་པ་འདུ་བའི་ས་གནས་གཞིའི་ས་བསྟན་པ་དང་གཉིས། གྲོངས་མང་པོ་འབྱུང་པའི་གནས་དགོན་པའི་ས་བརྟན་པ་དང་གསུམ། རེ་ཞིག་བདེ་བར་སྤྱོད་པའི་སྐྱེ་བོ་ཕལ་པའི་ས་བརྟན་པ་དང་བཞིའོ། །དེ་ཡང་གཙུག་ལགས་ཁང་དང་དགོན་པའི་ས་བརྟན་ལ་དབབ་ན། དེ་ལ་ཡོན་ཏན་རྣམ་པ་བརྒྱད་ཡོད་པ་གཅིག་

156/157a

༄༅།       །དགོས། ཡོན་ཏན་བརྒྱད་ཡོད་པའི་སར་སྐྱོན་ལྔ་ཅིས་ཀྱང་འོང་ངོ་། །ཡོན་ཏན་བརྒྱད་ནི། གནམ་འཁོར་ལོ་རྩིབས་བརྒྱད་འདྲ་བ། ས་པད་མ་འདབ་བརྒྱད་འདྲ་བ། བར་བཀྲ་ཤིས་རྫས་བརྒྱད་ཚངས་པ། ཕྱོགས་བཞི་ན་ཇུ་བཞག་གི་ལྷ་བཞི་ཡོད་པ། དེའི་ནུས་པ་ཡོང་པ་ལ། སའི་སྐྱོན་ལྔ་སེལ་དགོས་པར་ཤེས། སྐྱོན་ལྔ་ནི། ཀླུའི་ཕོ་བྲང་དང་། འདྲེའི་མདུན་ས། མ་མོའི་ཉལ་ས་དང་། བཙན་གྱི་འགྱུ་སྲང་དང་། འབྱུང་པ་བཞིའི་ས་དགྲའོ། །དེ་རྣམས་ཟློག་པ་ལ། ཀླུའི་ཕོ་བྲང་ནི། ཇོ་བོ་ཤཀྱས་མནན་པར་ཤེས་ནས། སྐུའི་ཕྱོགས་བཞིར་ཀ་བ་བཞི་གཙུག་དེ་ལ་དར་གྱིས་ཡོལ་བས་སྐོར་ནས། གྱད་གཉིས་བསྲུངས་དུ་བཅུག་ཏེ། ཨོང་ཅོང་དཔོན་གཡོག་རྣམས་རྒྱལ་པོའི་ཕོ་བྲང་གི་ཤར་སྒོར་བྱོན་ནས། སྙེ་བོས་དགེ་བ་ལ་བརྡའ་བྱས་ཏེ། རྒྱལ་པོ་ལ། ཨོང་ཅོང་ཡང་སྤྱན་དྲངས་ཡོད། ལྷ་ཤཱཀྱ་མུ་ནེ་ཡང་སྤྱན་དྲངས་ཡོད། དགའ་སྟོན་ཆེན་པོ་གྱིས་ཅེས་བསྲིང་པས། དེ་ལ་མི་སྐོས་ནས་དགའ་སྟོན་གྱིས་སྔ་བརྡུང་པས། སྐྱེ་བོ་ཐམས་ཅད་ནི་ཅི་ཡིན་ཟེར་ལྟས་པས། ཨོང་ཅོང་དང་། ལྷ་ཤཱཀྱ་མུ་ནེ་སྤྱན་དྲོངས་ཟེར་ནས། གྲོང་ཁྱེར་གྱིས་མི་ཐམས་ཅད་བརྒྱན་བྱས་ནས་ཕྱིན་པས། ཁྲི་བཙུན་སྙམས་ན་ཅི་ཡིན་ནམ་སྙམས་ནས། ཕོ་བྲང་རྩེ་ནས་བལྟས་པས། ཨོང་ཅོང་དཔོན་གཡོག་བྱོན་འདུག་པ་དང་། ལྷ་ས་ནེ་ཐང་སྟོད་ན། ཇོ་བོ་བཞུགས་པ་ཡང་གཟིགས་ནས། འདི་སྙམས་སྟེ། ཨོང་ཅོང་མོ་ཇོའོ་བཞུགས་པའི་ས་ཡ་གིས་ལྷ་

156/157b

ཁང་གཅིག་རྩིག་ངེས། ཁོང་རྒྱ་ནག་པོ་ས་ལ་མཁས་པས་ལྷ་ཁང་གཞན་ཡང་མང་དུ་རྩིག་འོང་། ང་ཆེན་མ་ཡང་ཡིན། བྱས་པའི་ལགས་རིས་ཀྱང་ཆེ། ངས་ལྷ་ཁང་གཅིག་མ་རྩིགས་པར་མོ་རྩིག་དུ་མི་འཇུག་སྙམས་ནས། ཨོང་ཅོང་ལ་བོས་སྟེ། ཁྱོད་འདུག་སྟེ་ལྷ་ང་ལ་འང་ཡོད། ང་ཆེན་མ་ཡང་ཡིན། ཕོ་བྲང་འདི་ཙམ་པ་ཡང་ངས་རྩིགས། ད་ངས་ལྷ་ཁང་མ་རྩིག་པར་ཁྱོད་མ་རྩིག་གཅིག་བྱས་པས། ཨོང་ཅོང་ན་རེ། ཁྱོད་ཆེན་མ་ཡང་ཡིན། ལགས་རིས་ཀྱང་ཆེ་བར་བརྡའ་ཡིས་ཟེར་ནས། དངུལ་གྱི་ལྕགས་འོ་ཐང་གི་མཚོ་ལ་གཏད་ནས། མཚོ་ཕ་ཀི་བསུབས་ལ་དེའི་ཁར་ལྷ་ཁང་རྩིགས་གཅིག །ཡང་ཤཱཀྱ་ལ་སྟད་ནས་ས་ཁོད་སྙོམས་པ་ཡ་གི་འདྲ་བར་ངས་ཀྱང་འབྱོངས་འཆི་ཟེར་བས། ཁྲི་བཙུན་སྐེངས་ཏེ། ཨོང་ཅོང་དང་རྒྱལ་པོ་ཞལ་མཇལ་དུ་མ་སྟེར་སྟེ། བློན་པོ་རྣམས་ཀྱིས་ཐབས་བྱས་སྟེ། རྒྱལ་པོ་དང་ཨོང་ཅོང་ཞལ་མཇལ་བས། སྣང་བ་རྣམ་པ་གསུམ་བྱུང་ཏེ། ལྷ་གཅིག་ཁྲི་བཙུན་དང་རྒྱལ་པོ་ཞལ་མཇལ་བ་བཞིན་ནོ། །དེ་ནས་ཁྲི་བཙུན་གྱིས་དངུལ་ཟམ་ལ་བྱོན་ཏེ། རྒྱལ་པོ་ལ་བཀའ་དྲོས་ཞུས་ཏེ། ང་ལྷ་ཁང་ཅིག་རྩིག་པས་ས་ཕྱོགས་གཅིག་གནང་པར་ཞུ་བྱས་པས། རྒྱལ་པོའི་ཞལ་ནས་ཁྱོད་རང་ས་ལེགས་པར་རྩིགས་ཅེས་བཀའ་གནང་ངོ་། །དེ་ནས་ཁྲི་བཙུན་གྱིས་འཁོར་མང་པོ་དང་བཅས། གནོད་སྦྱིན་མང་པོ་ཁོལ་པོར་བཀོལ་ནས། ལ་དོང་དང་ཡར་ལུང་ལ་སོགས་པ་ཐམས་ཅད་

158a

༄༅།       །རྒྱལ་པོ་ལ་ཞུས་པས། ངས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱིས་རྨང་རྩིགས་པས་རྩིག་དུ་མ་སྟུབ་ད་ཇི་ལྟར་བྱ་ཞུས་པས། ང་ལ་དྲིས་ས་གཅིག་ཡོད་གཅིག་གསུང་ནས། མཆོད་གཡོགས་དུ་སྐོས་པའི་བུ་མོ་བཅུ་དྲུག་ཡོད་པས་དེ་རྣམས་མཆོད་པ་ཤོམ་དུ་བཅུག་ཏེ་ཕུལ་ནས། ཙན་དན་གྱིས་སྐུ་རང་བྱུང་ལ་གསོལ་བ་བཏབ་པས། ཞལ་གཡས་པ་ནས་འོད་ཟེར་གཅིག་བྱུང་ནས་འོ་ཐང་གི་མཚོ་ལ་ཕོག་ནས་སོང་། རྒྱལ་པོས་མཚོ་ལ་རྩིག་དགོས་པ་འདྲ་བྱས་པས། ཁྲི་བཙུན་སྙམས་ན་རྒྱལ་པོ་ཡང་ཕྲག་དོག་བྱེད་དོ་སྙམས་མོ། །ནང་པར་རྒྱལ་པོའི་ཞལ་ནས། ཁྲིམས་བཙུན་རྟ་འཆག་སར་འདེང་ངོ་གསུང་ནས། ཕོ་བྲང་གི་ལྷོ་ངོས་ནས་འོ་ཐང་གི་མཚོ་འགྲམས་ན་ཡར་ཕྱིན་ནས། རྒྱལ་པོའི་ཞལ་ནས་ངའི་སོར་འདུབ་འདི་གར་སོང་པར་ལྷ་ཁང་རྩིག་གཅིག་གསུངས་ནས། སོར་འདུབ་ནམ་མཁའ་ལ་འཕངས་པས། ཁྲིམས་བཙུན་གྱིས་སྒའི་ཕྱི་རུ་ལ་རྒྱབ་ནས། འོ་ཐང་འཚོ་ལ་ཡར་སྟེ་སོང་པས། ཁྲིམས་བཙུན་སྙམས་ན་རྒྱལ་པོ་དང་ཨོང་ཅོང་གྲོས་བྱས་ནས་ཕྲག་དོག་བྱས་སྙམས་ནས་མིག་ཆུ་མས་གང་ངོ་། །ཡང་རྒྱལ་པོས་ཁྲིམས་བཙུན་ལ་ངའི་འོད་ཟེར་གར་སོང་ལྟོས་གཅིག་གསུང་ནས། ལྷ་ལ་མཆོད་ནས་གསོལ་བ་བཏབ་པས། རྩ་བའི་ཞལ་ནས་འོད་ཟེར་དཀར་པོ་གཅིག་བྱུང་ནས། འོ་ཐང་གི་མཚོའི་ཐད་དུ་འོད་ཟེར་གྱིས་སྤྲིན་འཁྲིགས་པ་ལ། ལྷ་གཅིག་གི་བལྟས་པས་མཚོའི་ནང་ན། དཀར་པོ་རིམས་པ་གསུམ་མཐོང་། བལ་པོ་རྡོ་མཁན་

158b

གྱིས་སྡོ་སངས་ཕུ་ནས་དྲངས་སྟེ། རྡོ་ལ་བཟོ་བྱས་སྟེ་འོད་ཟེར་ལ་རྒྱལ་པས་འོད་ཟེར་དང་རྡོ་མཉམ་དུ་ཟད་རྩམ་ན། མཚོའི་དཀྱིལ་དུ་དཀར་པོ་མཁར་ལྟ་བུ་གཅིག་བྱུང་སྟེ། དེ་ལ་ཤིང་སྣ་སྟད་ནས་མཚོ་ཕིབ། དེ་ནས་ཀླུའི་ཡུལ་ནས་རྡོ་རྗེའི་འདག་པ་བྱ་བ། མེས་མི་འཚིག །ཆུས་མི་འདྲུལ་བ། རྡོ་རྗེ་ཕ་ལམ་ལྟ་བུས་བྱུགས། དེའི་སྟེང་དུ་ཁྲོ་ཆུའི་ཕ་ཀུས་སྒྲིགས། སྲུབ་ལ་མཁར་བའི་ཆུས་བྱུགས། དེའི་སྟེང་དུ་སོ་ཕག་དང་སྤང་ལེབ་དང་རྡོ་ལེབ་དང་། ས་བཟངས་གཏིང་པའི་ཁར། སྐྱེ་བོ་དང་སྟུན་ཏེ་གྲུ་བཞིར་རྨངས་ཏིང་། བཙུན་པ་དང་སྟུན་ཏེ་རི་དམིགས་དུ་ཏིང་། བོན་པོ་དང་སྟུན་ཏེ་གཡུང་དྲུང་རིས་སུ་བྱས་ནས། རྒྱའི་ཧ་ཤང་དཔེའ་དཀར་ལ་དཔེ་སླང་ཏེ། རྩིག་པས་ཡང་ནུབ་མོ་ཞིག །དེ་ནས་རྒྱལ་པོས་ཁྲིམས་བཙུན་ལ་ངས་ལྷ་ཁང་རྩིག་རོག་བྱ་ཡིས་གསུང་ནས། རྒྱལ་པོས་འབྱུང་པའི་དགྲ་ལྡོག་པའི་ཕྱིར། གོང་གི་ཨོང་ཅོང་གི་ས་དགྲ་གནོན་པའི་ཤར་གྱི་སྲིན་མོའི་འདོམས་ལ། དབང་ཕྱུག་ཆེན་པོའི་སྟེན་གཙུག །ལྷོའི་རུས་སྦལ་ལ། བྱ་ཁྱུང་གི་སྟེན་གཙུག །ནུབ་ཀྱི་བདུད་བྱ་ར་བྱེད་པ་ལ་མཆོད་རྟེན་སེ་རུ་རྩིགས། བྱང་གི་གྱད་སྟོབས་ཅན་གཡུལ་དུ་ཞུགས་པ་དེ་ལ་རྡོའི་སེང་གེ་དཀར་མོ་མཛད་དོ། །དེ་ནས་རུ་ཡོང་གཟས་ནུབ་བྱང་མ་མོའི་ཉལ་སར་རྣམ་པར་སྣང་མཛད་བཞེངས་ནས་བྲག་ལྷ་མགོན་པོར་མཚན་གསོལ། ལྷོ་ནུབ་འཚམས་ཀྱི་བཙན་གྱི་འགྱུ་སྲང་ཅད་པའི་ཕྱིར། འཚམས་

159a

༄༅།       །ཅད་ཀྱིས་མཆོད་རྟེན་ཀ་རུ་བཞེངས། ཀླུའི་ཕོ་བྲང་ནི་ཇོ་བོས་གནན་ཟིན་ནོ། །དེ་ནས་གནམ་སྟོང་ནུབ་མོ་འོ་ཐང་གི་མཚོ་འགྲམས་དུ་རྒྱལ་པོས་བྱོན་པས། ལྷོ་ཕྱོགས་ལ་བའི་ཚལ་ན། འདྲེ་རྣམས་ཚོགས་ནས་གྲོས་བྱེད་པ་གསན་ནས། ཁ་བ་ཅན་གྱིས་རྒྱལ་ཁམས་འདི་ཉིད་མི་མ་ཡིན་རྣམས་དབང་པ་ལ། ད་རྒྱལ་པོས་དབང་བྱས་ནས་ཆོས་བྱེད་ཟེར། ད་དཀོན་མཆོག་ལ་སྐྱབས་འགྲོ་བྱེད་ཚད་ཀྱི་སྲོག་ཅད། དགེ་བ་བྱེད་པ་ལ་མི་ནད་དང་ཕྱུགས་ནད་སྟོང་། ལོ་ཐོག་ལ་རྩ་དང་སེར་བ་སྟོང་། ལྷ་ཁང་སྔ་མ་ཡང་བཤིགས་ད་ཡང་རྩིག་ན་རྡོ་ཆར་དབབ་པོ་ཟེར་ནས་གྱེས་སོ། །རྒྱལ་པོས་བལ་པོའི་ལྷ་བཟོ་ལ་ངའི་ལྷ་གཅིག་གྱིས་དང་གསུང་པས། ལྷ་བཟོས་བྱང་ཆུབ་ཤིང་གི་སྲོག་ཤིང་དང་། ཙན་དན་གོར་ཤི་ཤའི་རུ་ཤིང་ཟེའུ་སྨྱུ་གུའི་ལྕགས་གཟེར་དང་། གནས་ཆེན་པོ་བརྒྱད་ཀྱི་ས་དང་། ཆུ་བོ་ན་ར་ཛྭ་རའི་བྱེ་མ་དང་། ཙན་དན་སྦྲུལ་གྱིས་སྙིང་པོའི་ལྡེ་ཀུ་དང་། རྒྱ་མཚོའི་བྱེ་མའི་འཇག་མ་དང་། རིན་པོ་ཆེའི་སྤྱན་འབྲས་དང་། ཤིང་བལ་གྱི་ཐེ་གུ་དང་། ལྟེ་མེན་ལ་སོགས་པ་སྟ་གོན་བྱས་ནས་རྒྱལ་པོའི་སྔས་སུ་བཞག་གོ །དེའི་སང་ལྷ་བཞེངས་སྙམས་རྩ་ན། ཐོ་རེངས་དེ་རྒྱལ་པོའི་ཕོ་བྲང་གི་མཐོང་ན་མར། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀྲ་ཤར་གྱིས་བྱོན་ཏེ། ལྷའི་རྒྱུ་རྣམས་ལ་ཐིམ་པས། རྒྱལ་པོའི་དགོངས་པ་ལ། ངའི་ལྷ་འདི་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་

159b

འདྲ་བ་གཅིག་ཡོངས་པར་འདུག་སྙམས་ནས། ཕྱག་སྟོང་སྤྱན་སྟོང་གཅིག་བྱ་འམ། ཞལ་བཅུ་གཅིག་པ་གཅིག་བྱའམ། ཧ་ཡ་འགྷྲི་བ་གཅིག་བྱའམ། དོན་ཡོད་ཞགས་པ་྾ ཡིད་བཞིན་འཁོར་ལོ་྾ མཁར་ས་པ་ནི་གཅིག་བྱའམ་སྙམ་པ་ལ། ནམ་ལངས་ཙ་ན་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ། རྩ་བའི་ཞལ་དཀར་པོ་འཛུམ་པ་དང་བཅས་པ། སྤྱན་གསུམ་པ། དེའི་སྟེང་དུ་བཞད་པའི་ཞལ་ཁམ་པ་གསུམ། དེའི་སྟེང་དུ་གཙིག་པའི་ཞལ་དམར་པོ་གཉིས། དེའི་སྟེང་ན་འཛུམ་པའི་ཞལ་མཐིང་ཀ་གཉིས། དེའི་སྟེང་ན་ཨ་མི་དེ་བ་གཙུག་གཏོར་དང་བཅས་པ། ཕྱག་བཅུ་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱིས་གཉིས་པ་ན་སྤྲུལ་པའི་སྐུ་མཛིན་པ། གསུམ་པ་ན་མདའ། བཞི་པ་ན་འཁོར་ལོ། ལྔ་པ་ས་ནོན་གྱིས་ཕྱག་རྒྱ་མཛད་པའོ། །གཡོན་གྱིས་གཉིས་པ་ན་འཕྲེང་པ། གསུམ་པ་ན་ནོར་བུ་རིན་པོ་ཆེ། བཞི་པ་ན་གཞུ། ལྔ་པ་བུམ་པ་མཛིན་པའོ། །ཨེ་ན་ཡའི་སྟོད་གཡོགས་གསོལ་བ། དར་སྣ་ཚོགས་ཀྱི་ཤམས་ཐབས་གསོལ་བ་གཅིག་བཞེངས་པ་རང་བྱོན་དུ་བྱོན་པ་གཟིགས་ནས། བལ་པོའི་ལྷ་བཟོ་ལ་ཁྱོད་སྤྲུལ་པའི་ལྷ་བཟོར་འདུག་ཤིན་དུ་ལེགས་ན། འདིའི་ཐུགས་ཀར་མཆོད་སྡོང་འདི་གསུམ་དང་། ཙན་དན་གྱིས་སྐུ་རང་བྱོན་འདི་ཁོང་སྙིང་དུ་བཞུགས་པ་ཡིན་པ་ལ་གསུངས་པས། ལྷ་བཟོ་ན་རེ་འདི་ངས་མ་བྱས་སྐུ་ནི་རང་བྱོན་ཡིན་གསུངས་པས། རྒྱལ་པོ་དགྱེས་ནས། དགའ་སྟོན་མཛད་པ་དང་། སྐུ་དེ་གཡོ་བར་གྱུར་ཏེ་ཕྱག་དང་པོ་གཉིས་ཀྱི་ཞབས་

160a

༄༅།       །གཡོན་པའི་ཤམ་ཐབས་སྤུས་གོང་དུ་རྫེས་ཏེ། ཞབས་བསྐུམ་པའི་མཐིལ་ནས་འོད་ཟེར་བྱུང་ཏེ། ཙན་དན་གྱིས་སྐུ་དང་མཆོད་སྡོང་ལ་ཕོག་པས། དེ་རྣམས་ཞབས་གཡོན་པའི་ཐིལ་དུ་ནུབ་སྟེ། ཐུགས་ཀར་སོང་པ་དང་། ས་གཡོས་པར་གྱུར་ཏེ་ལྷ་རྣམས་ཀྱི་མཆོད་དོ། །ཤམ་ཐབས་རང་བབས་ཏེ། རྒྱལ་པོ་ཐུགས་དགྱེས་ཏེ་ངོ་མཚར་རོ། །བོད་དུ་བཞེངས་པ་ལ་སྐུ་དེ་སྔ་མའོ། །དེ་ནས་རྒྱལ་པོས་ལ་བའི་ཚལ་གྱི་འདྲེའི་མདུན་ཕུང་ཞིག་པའི་ཕྱིར། སྐུ་དེ་ལ་གསོལ་བ་བཏབ་པས། བཞད་པའི་ཞལ་ནས་འོད་ཟེར་གཅིག་བྱུང་ཏེ། འོད་ཟེར་གྱི་སྣ་ལ་འཕགས་པ་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་གཉིས་བྱོན་ནས། དེ་གཉིས་ཀྱིས་ཞལ་ནས་འོད་ཟེར་མེ་དཔུང་འཕྲོས་པས། ལྭ་བའི་ཚལ་གྱིས་དུག་གི་སྡོང་པོ་ལ་ཕོག་པ། དུག་མཐོར་བས་སྡོང་པོའི་རྩ་བ་ན་འདྲེའི་མདུན་ས་ཡོད་པ་ལ་ཕོགས་པས་ཐམས་ཅད་རྒྱལ་ལོ། །རྒྱལ་པོ་ཕྱག་རྒྱ་བཅིངས་ཏེ། དུས་མཐའི་རླུང་ངམ་སྐལ་པ་འཁྲུ་བའི་མེ་ལྟ་བུས་འདྲེ་རྣམས་ཕྱིའི་རྒྱ་མཚོའི་སླེ་ལ་སྐྱལ་ལོ། །འཁྲོ་བོ་གཉིས་ཀྱི་མེ་དཔུང་ནི་ལ་བ་ཚལ་གྱིས་བྲག་ལ། ཁ་ས་པ་ནི་དང་། དཔལ་རྟ་མགྲིན་དང་། ཨ་མི་དེ་བའི་གཟུགས་སུ་ཆད་པས། ངོ་མཚར་བར་གྱུར་ཏེ། སང་རྒྱལ་པོས་འོད་ཟེར་ཤར་བ་བཞིན་དུ་སྡོ་འབུར་དུ་བཀོད་བཞག་གོ ། རྒྱལ་པོའི་ཞལ་ནས་འོད་ཟེར་གྱི་སྣའི་འཁྲོ་བོ་གཉིས་ཀྱི་གཟུགས་རེ་བཞེངས་གསུངས་ནས། ལྷ་བཟོ་བས་ལྡེར་ཚོ་རེ་བཞེངས་སོ། །ཡང་ཁ་ས་པ་ནི་དང་འཇིག་རྟེན་དབང་ཕྱུག་གཉིས་མཛད་དོ། །ཇོ་བོ་ཐུགས་རྗེ་ཆེན་པོའི་འཁོར་ཉུང་འགྲོ་གསུངས་ནས། དོན་ཡོད་

160b

ཞགས་པ་དང་ཡིད་བཞིན་འཁོར་ལོ་དང་། ཨ་སུ་རྟ་ར་དང་། ལྷ་མོ་འོད་ཟེར་ཅན་རྣམས་བཞེངས་ཏེ། གཙོ་འཁོར་དགུ་མཛད་དོ། །དབུ་སྔས་སུ་བཞུགས་སོ། །དེ་ནས་ས་དགྲ་མནན་པ། རྩིག་དུ་སྟུབ་པར་དགོངས་ཏེ། རྒྱའི་སྟེན་ཁང་སྤེ་དཀར་ལ་དཔེ་སླང་ཏེ་བརྩིགས། རྒྱལ་པོ་འབྲི་ཧ་ལོ་དང་ཆད་བཙན་པར་བྱ་བ་དང་། བོད་དུ་ཆོས་དར་བར་བྱ་བ་དང་། ལེགས་དགུ་དར་ཅིང་ཉེས་དགུ་ནུབ་པར་བྱ་བའི་ཕྱིར། སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་ལ་ལས་ས་སྐྱས། ལ་ལས་རྡོ་སྐྱས། ལ་ལས་ཤིང་བཅད། ལ་ལས་རྩིགས་ཏེ། རྡོ་ཕྱེད་ཤིང་ཕྱེད་ཀྱིས་རྩིགས། སྐྱེ་བོ་ཕལ་གྱིས་མི་མཐོང་བའི་ཕྱིར། ན་བུན་གསེབ་དུ་གསོ་དི་རི་རྩིགས་པས། ཡང་འཕྲོ་དང་ཐོག་འབིག་དུ་མ་ཏུབ་པ་ལ། རུ་བཞི་གཙུགས་ལགས་ཁང་རྩིག་དགོངས་ཏེ། སྲིན་མོ་གང་སྐྱལ་དགྱེལ་བ་འདྲ་བའི་དཔུང་པ་གཡོན་གནོན་པ་ལ་གཡོན་རུ་(འདམ་གཡོ་རུ་)ཁྲ་འབྲུག་རྩིགས། (དེའི་ཡན་ལག་ཏུ་)བཀྲ་ཤིས་དགེ་འཕེལ་གཉིས་རྩིགས། གཡས་པ་ལ་དབུ་རུ་བཀའ་རྩལ། (དེའི་ཡན་ལག་ཏུ་)མི་འགྱུར་དགེ་བའི་རྩུགས་ལགས་རྩིགས། སྤྱི་གཡས་པ་ལ་གཡས་རུར་རྩང་འགྲམ་(བྱེ་མའི་ལྷ་ཁང་དེའི་ཡན་ལག་ཏུ་)བྱང་ཆུབ་དགེ་གནས། གཡོན་པ་ལ་རུ་ལག་གྲོམ་པ་བརྒྱང་དང་(དེའི་ཡན་ལག་ཏུ་)རྣམ་དག་ཁྲིམས་ཀྱི་ལྷ་ཁང་བཞེངས། ཡང་རྩིགས་དུ་མ་བཏུབ་ནས། མཐའ་འདུལ་གྱིས་གཙུག་ལགས་ཁང་བཞི་ལ། དྲི་མོང་གཡོན་པ་ལ་(ལྷོ་བྲག་)མཁོ་མཐིང་བཞེང་། གཡས་པ་ལ་ཀོང་པོར་བུ་ཆུ་ལྷ་ཁང་དང་། སྤུས་མོ་གཡོན་པ་ལ་ཏྲེའི་བཀ་བྲག །

161a

༄༅།       །གཡས་པ་ལ་(སྟོད་ཀྱི་)སྤྲ་བདུན་(པྲ་དུམ་ཡང་ཟེར་)རྩེ། ཡང་མཐའ་ཡང་འདུལ་བཞི་ལ། ལགས་འཐིལ་གཡོན་གནོན་པ་ལ། ཁམས་སུ་སློང་ཐང་སྒྲོན་མའི་ལྷ་ཁང་། གཡས་པ་ལ་བྱང་མཚལ་(བྱང་ཚངས་པ་རླུང་གནོན་གྱི་གཙུག་ལག་ཁང་)བྱིར། དཔལ་ཆར་ཀླུ་གནོན་དང་། རྐང་ཐིལ་གཡས་པ་ལ། མང་ཡུལ་བྱང་སྤྲིན་དུ་ཡིད་འོང་དགེ་རྒྱས་དང་། གཡོན་པ་ལ་མོན་སྐྱེར་ཆུར་བུམ་ཐང་གི་ལྷ་ཁང་རྩིགས། ཡང་རྩིག་དུ་མ་བཏུབ་ནས། ཡང་འདུལ་བརྒྱད་ལ། རྒྱ་གོར་ཀྭ་ཆུ་ཐོགས་མེད། མདོ་ཁམས་སུ་ཀློང་ཐང་དཔལ་འབྱུང་། འ་ཞྭ་རུ་ཀེ་རུ་དཔལ་འབྱུང་། ལི་ཡུལ་དུ་ཤ་ཨིནྡྲ། མང་ཡུལ་དུ་དབང་ཆེན་རྩེགས་པ། ཀོང་པོར་བུ་ཆུ་གཡུང་དྲུང་རྩེགས་པ། སྤ་གྲོར་སྐྱེར་ཆུ་དཔལ་བེ་རྒྱས་པ་བཞེངས། ཡང་འདུལ་བཞི་ལ་འཕྱོང་བཏགས་པ་བརྒྱད་ལ། ཤར་སེང་གེ་དཀར་མོའི་དཔྲལ་སྟེངས་སུ་རྡོ་རྗེ་འགྱུར་མེད་ཀྱིས་ལྷ་ཁང་། དེ་ལ་འཕྱོང་མྱང་དཀའ་ཆུའི་ལྷ་ཁང་། ལྷོ་སྟག་སྐྱ་བོའི་མཆེ་སྟེངས་སུ། བུམ་རྩེ་ལུང་གི་ལྷ་ཁང་། དེའི་འཆོངས་སུ་རྨ་ཤ་རྨའི་ལྷ་ཁང་། ནུབ་བྱ་དམར་མའི་མཆུ་སྟེངས་སུ། མང་ཡུལ་བྱང་སྤྲིན་དང་། དེའི་འཆོང་དུ་མྱང་སྤྲིན་ལྷ་ཁང་། བྱང་རུས་སྦལ་ནག་པོའི་སྟེངས་སུ། སྤྲ་དུན་རྩེ་དང་དེ་ལ་འཆོང་གཤེན་གསལ་ལྷ་ཁང་བཞེངས། དེ་ནས་རུ་འཚམས་བཞི་ལ། བྱང་ཤར་དུ་ལིག་ཏིག་རྒྱ་རྩ་བརྒྱད་ཀྱི་ལྷ་ཁང་དང་། ཤར་ལྷོར་ཀོང་ཆུའི་ལྷ་ཁང་། ལྷོ་ནུབ་དུ་ཁོ་མཐིང་དང་། ནུབ་བྱང་དུ་པདྨ་གཡུང་དྲུང་གི་ལྷ་ཁང་ངོ་། །ཡང་འདུལ་གྱི་ཡང་འདུལ་བཅྭོ་བརྒྱད་ལ། གླིང་ཆུང་སྐམ་ཆུང་ཀོ་

161b

ཆུང་གསུམ་ཤར་ཕྱོགས་ཉི་ཟླ་གཟའ་སྐར་ཟུར་གནོན་པའི་ཕྱེད་དུ་བཞེངས། བུམ་ཐང་ཀློང་རྩེ་གཉིས། མེ་ལྷ་དྲང་སྲོངས་སྒྲུབས་པའི་ཕྱེད་དུ་྾ དགེ་རེ་དགྱེར་ཆུ་ཧེར་ཆུ་གསུམ་གནོད་སྦྱིན་མོ་སྟེན་པའི་ཆེད་དུ་྾ དེ་ཤང་ལྷ་ཁང་དང་ཧབ་ཤང་ལྷ་ཁང་ནི་བལ་བོད་ཀྱི་འཚམས་སུ་བཞེངས། གངས་བར་གི་ལྷ་ཁང་ནི་མཚོ་མ་འཕང་ལུད་ནས་བོད་ལ་རྐྱེན་བྱུང་དོག་པའི་ཆེད་དུ་྾ པྲ་དུན་རྩེའི་ལྷ་ཁང་ནི་གང་ཏེ་རྩེ་མཐོས་ནས་རི་ཐམས་ཅད་ལ་དངོས་བཞི་མེད་དོག་པའི་ཆེད་དུ་གངས་མི་མཐོང་པ་ལ་བཞེངས། ནུབ་རིའི་ལྷ་ཁང་ནི་སླད་ཀྱིས་བྱམས་པ་འབྱོན་པའི་ཆེད་དུ་བཞེངས། ཁྱུང་ལུང་དངུལ་དཀར་གྱི་ལྷ་ཁང་ནི་གནམ་ས་གཉིས་ཟུར་གནོན་པའི་ཆེད་དུ་྾ མང་ཡུལ་ཁྲི་སེའི་ལྷ་ཁང་དབང་ཕྱུག་སྒྲུབས་པའི་དོན་དུ་྾ ལི་ཡུལ་གླང་པོའི་ལྷ་ཁང་ནི་ཤཀ་ཐུབ་འདས་པའི་ཆེད་དུ་྾ དེ་ནས་རྩིགས་དུ་སྟུབ་དེ་ཐོག་འབིག་པར་བཞེད་པ་ལ། གཟོ་བོ་རྒྱ་ཐམས་པ་སྤྲུལ་ནས་ཤིང་གཟོ་བྱེད་པ་ལ། ཁྲི་བཙུན་གསང་ངུ་འདྲེན་ནོ། །ན་མ་གཅིག་ཁྲི་བཙུན་དབུ་སྐྲ་བསིལ་ནས། གཡོག་མོ་ལ་གསང་ང་འདྲེན་དུ་བཏང་པས། གཟོའི་རྒྱ་ཤིང་གཟོ་བྱེད་ཀྱི་འདུག་པ་ངོ་མ་ཤེས་པར་ལོགས། ཁྲི་བཙུན་ན་རེ། རྒྱལ་པོ་བེར་ནག་ཅན་དར་དམར་པོའི་ཐོད་བཅིངས་པ་དེ་ཡིན་ཏེ། ད་ངས་དྲང་གིས་བྱས་ཏེ་དེའི་ཕྱིར་གཡོག་མོས་ཕྱིན་ནས་སྒོ་བྲར་དུ་ཕར་ལྟས་པས། ལྷ་གཅིག་གིས་གསང་ངུ་དྲངས་པས། རྒྱལ་པོ་གསང་ངུ་ལེན་པ་ལ་ཐེ་ཀུ་མང་པོའི་སྣ་གཟུང་པ་དེ་ཤོར་བས། སྤྲུལ་པའི་གཟོ་བོ་ཐམ་ཅད་འགྱེལ་ནས། འཕོངས་ན་མར་འཇག་མ་རེ་ཉུག་གེ་རྩ་རེ་

162a

༄༅།       །འདུག་པ་མཐོང་ནས། ལགས་འཕྲུལ་དུ་སྣང་པ་བྱས་པས། རྒྱལ་པོ་དེ་ལ་སྤྱན་ཡེངས་པས་སྟེའུ་ཁ་ཐལ་བས་སེང་གེ་རྒྱའི་སྣ་བཅད། སོག་ལེ་ཁ་ཐལ་བས་ཀ་བ་རྒྱའི་ཟུར་ཉམས་སྐད། དེ་ལ་རྒྱལ་པོའི་ཞལ་ནས་ངའི་སྤྲུལ་པར་འབངས་མོ་ཚུན་ཆད་ཀྱིས་ཤེས་ཟེར། སྤྲུལ་པ་བཤིག་པས་སྣང་པ་རྣམ་པ་གསུམ་བྱུང་ངོ་། །ཀྱེ་བོ་ཕལ་པས་ཤིང་དང་འདག་པའི་མི་ལ་རྟ་རི་རྒྱབ་ནས་བཤིག་པར་མཐོང་། བློན་པོ་རྣམས་ཀྱིས་ཤིང་གཟོ་བ་རྣམས་རྩིག་བྲག་ན་ཕར་རྐང་པ་རིབ་རིབ་སོང་པར་མཐོང་། ཁྲི་བཙུན་གི་ཤིང་གཟོའི་འབུར་སྐོས་རྩི་རྣམས་ཟིན་པར་མཐོང་། ཆར་བྱུང་དོགས་ནས་ཤིང་གི་རྩི་བྱི་དོགས་པས། ཕྱ་ར་དང་ཕྱིང་པ་རྣམས་བསྡུ་བའི་ཕྱིར་རྔ་བརྡུང་པས། གྲོང་ཁྱེར་བ་རྣམས་ན་རེ། སྔར་རྒྱལ་པོས་གཙུག་ལགས་ཁང་རྩིག་པ་ལ། རྔ་མི་བརྡུངས་པར། ད་ཅི་བྱེད་ན་ཟེར་དེར་མི་རྣམས་འདུས་པ་ལ་ཤིང་ལ་འགེབ་པའི་ཕྱ་ར་ཕྱིང་པ་ཐམས་ཅད་ཁྱེར་ལ་ཤོག །ཅེས་བཀའ་སྒོ་བས། ཐམས་ཅད་ཀྱི་ཕྱར་ཕྱིང་རྣམས་ཁྱེར་ཕྱིན་རྩ་ན། རྒྱལ་པོས་སྤྲུལ་པ་བྱས་ནས་ཐོག་འབིག་ཟིན་པའི་སྟེང་ན་ཕར་ལ་སྤྲུལ་པའི་ཕག་ཐོག་རྣམས་ཡུད་ཡུད་འདུག་པ་མཐོང་ནས་ངོ་མཚར་སྐྱེས་ཏེ། ཕྱ་ར་རྣམས་ར་སའི་རྒྱ་མཐོང་ལ་བཀབ་པོ། །དེ་ནས་སང་ནང་པར་ཁང་པ་དེ་རྣམས་གང་ལེགས་པ་གཅིག་དུ་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་བཞུགས་དགོས་སྙམས་པ་ལ། དབུས་ཀྱི་ཁང་པའི་སྒོ་

162b

ཕྱེ་བ་དང་། དེ་ན་དེ་བཞིན་གཤེགས་པ་འོད་མི་འཁྲུག་པ་གཙོ་འཁོར་དགུ་ཆོས་ཀྱི་སྒྲོག་གླེང་བྱེད་ཀྱི་འདུག །ལྷོ་ངོས་སྒོ་ཕྱེ་རྩ་ན། དེ་ན་སངས་རྒྱས་མི་བསྐྱོད་པ་གཙོ་འཁོར་རྣམས་གནོད་སྦྱིན་ཕོ་མོ་རྣམས་ལ་བོད་ཀྱི་རྒྱལ་ཁམས་ཀྱི་འདྲེ་སྲིན་འདུལ་བའི་ཐབས་ལ། ཨརྱ་འཛཾ་བྷ་ལྷ་ནོར་གྱིས་བུམ་པ་འབུལ་ཞིང་འདུག །རྩང་ཁང་བྱང་ངོས། སྒོ་ཕྱེ་ཙ་ན། དེ་ཉམས་དགའ་བ་ཤིང་བཟོ་ལེགས་པ་གཟིགས་ནས། ངའི་ལྷ་འདིར་བཞུགས་དགོས་སྙམས་ནས་བྱོན་པ་དང་། ཕྱི་སྒོར་ཀླུའི་རྒྱལ་པོ་སྐུ་མདོག་དཀར་པོ་སྤྱན་གསུམ་པ། སྦྲུལ་མགོ་ཉི་ཤུ་རྩ་བའི་ཞལ་དང་རྩ་གཅིག་ཡོད་པ། ཞབས་དཀྱིལ་དཀྲུང་ཕྱེད་མར་བཅས་པ། རྒྱལ་པོ་ལ་ཕྱག་བྱས་ཏེ། ཁྱེད་ཀྱི་གཙུག་ལགས་ཁང་འདི་སྟོང་ཆུང་ངུའི་འཇིག་རྟེན་གྱིས་ཁམས་སུ་རྒྱས་པར་ངས་ཀྱང་གིས། ངའི་གཟུགས་གཅིག་གྱིས་གསུངས་ནས་མི་སྣང་ངོ་། །དེ་ནས་བྱོན་པ་དང་། ཀླུའི་རྒྱལ་པོ་དགའ་བོ་སྤྱན་གསུམ་པ། སྦྲུལ་མགོ་དགུ་པས་ཕྱག་བྱས་ཏེ། རྒྱལ་པོ་ཁྱེད་ཀྱི་གཙུག་ལགས་ཁང་འདི་སྟོང་གཉིས་པའི་བར་མའི་འཇིག་རྟེན་གྱིས་ཁམས་སུ་རྒྱས་པར་ངས་ཀྱང་གིས་ངའི་གཟུགས་གྱིས་གསུངས་སོ། །ཡང་ཀླུའི་རྒྱལ་པོ་གཉེན་དགའ་བོ་སྤྱན་གསུམ་པ། སྦྲུལ་མགོ་ལྔ་པས་ཕྱག་བྱས་ཏེ། ཁྱེད་ཀྱི་གཙུག་ལགས་ཁང་འདི་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་སུ་ངས་ཀྱང་གིས། ངའི་གཟུགས་གྱིས་གསུང་ངོ་། །དེ་ནས་བྱོན་པ་དང་། གནོད་སྦྱིན་གྱིས་རྒྱལ་པོ་ན་ག་ཀུ་སེ་ར། དབུ་གསུམ་པ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ་ཕྱག་བཞི་པས་ཕྱག་བྱས་ཏེ།

163a

༄༅།       །ཁྱེད་ཀྱིས་གཙུག་ལགས་ཁང་འདི་མེའི་འཇིགས་པ་ངས་བསྲུངས་གིས། ངའི་གཟུག་གྱིས་ཟེར་རོ། །དེ་ནས་བྱོན་ནས་སྲིན་མོའི་རྒྱལ་པོ་ལང་ཁ་འགྲིན་བཅུ་ཞལ་དགུ་རྟ་ཞལ་དང་བཅུ་ཡོད་པ་ཕྱག་བཞི་པས་ཕྱག་བྱས་ཏེ། ཁྱེད་ཀྱི་ལྷ་ཁང་འདི་ལ་མིའི་གནོད་པ་བྱུང་ན་ངས་བསྲུངས་གིས། ངའི་གཟུགས་གྱིས་ཟེར་རོ། །དེ་ནས་བྱོན་ནས་དྲི་ཟའི་ར་རྩ་ཟུར་ཕུད་ལྔ་པ་ཞལ་གསུམ་པ་སྤྱན་གསུམ་པའི་ཕྱག་བྱས་ཏེ། རྒྱལ་པོ་ལགས་ལྷ་ཁང་འདི་ལ་མི་མ་ཡིན་གྱིས་གནོད་པ་ངས་བསྲུངས་གིས། ངའི་གཟུགས་གྱིས་ཟེར་རོ། །དེ་ནས་ཞལ་ལྷོར་གཟིགས་པའི་མདུན་དུ། དཔལ་ལྡན་ལྷ་མོ་ལྕགས་ཀྱིས་བྲེ་བ་ལག་དུ་ཐོག་སྟེ། ར་ཙ་ལ་ཕྱག་བྱས་ཏེ་ཁྱེད་ཀྱི་གཙུག་ལགས་ཁང་འདི་ལ་ཆུའི་གནོད་པ་བྱུང་ན་ངས་བསྲུང་ངའི་གཟུགས་གྱིས་ཟེར་ནས་མི་སྣང་སྐད་དོ། །དེ་ལྟར་མི་མ་ཡིན་རྣམས་ཀྱིས་གཙུག་ལགས་ཀྱི་བསྲུང་མར་ཁས་བླངས་སོ། །དེ་ནས་རྒྱལ་པོས་ཁྲི་བཙུན་ལ་དགའ་སྟོན་ཆེར་གྱིས་གཅིག །བློན་པོ་རྣམས་དང་བུ་མོ་བཅུ་དྲུག་ལུས་རྒྱན་ནས་ཆོས་ལ། འབྲེང་ཞགས་དང་ཤིང་རྟ་ལ་སོགས་པ་ལྟ་གོན་གྱིས་སྐུ་སྤྱན་འདྲེན་དགོས་སོ་གསུང་ནས། ནང་པར་ཕྱིན་ཙ་ན། ལྷ་དེ་རྣམས་གཅིག་ཀྱང་མི་བཞུགས་པར་ཤུལ་ན་མེ་ཏོག་ཐོ་རེ་འདུག་ནས་བྲེད་དེ། སྟབ་དེ་རི་བྱས་པ་དང་། ཁྱེད་ཚོ་ཇི་ལ་བྲེད་ཟེར། ལྷ་དེ་རྣམས་མི་བཞུགས་པས་བྲེད་བྱས་པས། ནེ་རྩོ་ན་རེ། མདང་ནམ་ཕྱེད་ཙ་ན་གཅིག་ལ་གཅིག་ཕྱག་བྱས་སྟེ། མེ་ཏོག་མཐོར་ནས་

163b

ཕོ་རང་གི་མཐོང་ན་ཡར་སོང་ནས། བྱང་ཕྱོགས་བྱེ་མ་གླིང་ན་ཕར་སོང་། ང་ཡང་མ་དགའ་ཟེར། དེ་བདེན་ནམ་མི་བདེན་སྙམས་ནས་བྱང་གི་གླིང་དུ་ཕྱིན་ཙ་ན། བྱེ་མའི་སྟེང་ན་པདྨའི་རྗེས་འདུག །དེར་རླུང་ཚུབ་ལངས་པས་བྱེ་མའི་པད་རྗེས་སུབས་ནས་རྗེས་མ་རྙེད་པ་ལ། དྲེའུ་དཀར་མོ་གཅིག་སྐད་འདོན་གྱི་སྣ་བཤལ་ཅིང་ལྷ་ཁང་དུ་སོང་ནས། དེར་ཕྱིན་པ་ན། རྩང་ཁང་ལྷོར་ལྟ་བ་དེ་ན་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་གདན་མེད་པར་གྲལ་བྱས་འདུག་པ་མི་ཐམས་ཅད་ཀྱིས་མཐོང་ངོ་། །རྒྱལ་པོ་རབ་དུ་དགྱེས་ནས། བློན་པོ་རྣམས་ཕན་ཚུན་དུ་བལྟ་སྟེ་ངོ་མཚར་རབ་དུ་ཆེའོ་ཟེར་ཞིང་ཐལ་མོ་སྦྱོར་རོ། །དེ་ནས་རྒྱལ་པོས་ལྷ་གཟོ་ལ་ཁྱོད་ཀྱིས་རྩིག་ལོགས་འདི་ལ་ལྷ་གཅིག་བྲིས་དང་གསུང་པས། བལ་པོ་ལྷ་བཟོ་ཡིས་ཀ་བ་ཤིང་ལོ་ཅན་ནས་སྤིར་དང་ཚོན་ཀོང་དང་བཅས་ནས་ནང་པར་ནས་བྲི་སྙམས་ཙ་ན། གཙུག་ལག་དུ་བྱོན་རྩ་ན་རྩིག་ལོག་ལ་ཁ་ས་པ་ཎི་འཇིགས་པ་རྒྱད་སྐྱོབས་རང་བྲིས་སུ་བྱོན་འདུག་པ་ངོ་མཚར་རོ། །དེའི་འཕྲོ་ལ་གང་ལ་གང་འདུལ་དེ་ལ་དེ་སྟོན་ནི་གླིང་འཕེལ་བར་གྱུར་ཏོ། དེ་ནས་ལྷ་བཟོས་ཀྱང་སྟེང་འོག་དུ་རྟ་མགྲིན་དཀར་པོ་དང་། སྒྲོལ་མ་ལ་སོགས་པ་ལྔ་བྲིས་སོ། །རྒྱལ་པོས་གདུང་མ་རྣམས་ཀྱི་ལོགས་ལ་མངོན་པའི་རྒྱུད་རིས་བཀོད། གདུང་བྲན་རྣམས་ལ་མདོ་སྡེའི་རྒྱུད་བཀོད། ཀ་བ་རྣམས་ལ་འདུལ་བའི་རྒྱུད་བཀོད། རིགས་པའི་ཆོས་གོ་བར་བྱ་

164a

༄༅།       །བའི་ཕྱིར་གློ་འབུར་ནུབ་བྱང་དུ་ལྡེའུ་བྲིས། ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་བགྲུང་རྒྱུད་མང་པོ་བྲིས། སླབ་པ་གསུམ་ལ་བཀོད་པའི་ཕྱིར། བོན་ཤ་བ་ནམ་མཁའ་ལ་འགྲོ་ཤེས་པ་ཡང་བྲིས་སོ། །དེ་ནས་རྒྱལ་པོས་ཁྲི་བཙུན་ལ་བཀའ་སྒོ་བ། ཁྱོད་ཀྱིས་ཡབ་ཀྱི་བཀའ་དང་བོད་ཁ་བ་ཅན་མའི་ཕྱག་དང་མཆོད་པ་བྱེད་པའི་རྟེན་གཟུག་པ་དང་། ནག་པོ་མི་དགེ་བའི་ཕྱོགས་འགྲིབ་པ་དང་། དཀར་ཕྱོགས་དགེ་བ་དར་བའི་ཕྱིར། ཕྱིས་ཁྱོད་ཀྱིས་ལྷ་ཁང་འདི་ཚར་བར་གྱིས་ཅེས་གསུངས་པ་དང་། ལྷ་གཅིག་དགྱེས་ཏེ། ཚུལ་ཇི་ལྟར་བཞེངས་ཞུས་པས། ར་རྩའི་ཞལ་ནས། རྒྱ་སྒོ་ནུབ་དུ་བརྟན་པའི་རྩང་ཁང་དབུས་མར། བཅོམ་ལྡན་འདས་མི་འཁྲུག་པ་གཙོ་འཁོར་དགུ་བཞེངས། དེའི་གཡས་ཀྱི་རྩང་ཁང་དུ་སངས་རྒྱས་འོད་དཔག་མེད་ཀྱི་གཙོ་འཁོར་དགུ་བཞེངས། གཡོན་གྱི་རྩང་ཁང་དུ་བྱམས་པ་ཆོས་ཀྱི་འཁོར་གཙོ་འཁོར་དགུ་྾ ལྷོར་སངས་རྒྱས་མི་བསྐྱོད་རྡོ་རྗེས་གཙོ་བྱས་པའི་ཆོས་སྐྱོངས་ནོར་ལྷའི་ཚོགས་བཞེངས། དེ་རྣམས་ཚར་ནས་བོད་ཁ་བ་ཅན་དུ་སྐྱེས་པའི་སེམས་ཅན་རྣམས། བཅོམ་ལྡན་འདས་ཀྱི་བཀའ་ལ་ཡིད་མི་ཆེས་པས། ཆོས་ཀྱི་བདུད་རྩི་མི་འཐུང་སླབ་པ་གསུམ་ལ་མི་སློབ། བཅོམ་ལྡན་འདས་ཀྱི་གདུལ་བྱར་མ་གྱུར་རྣམས། ངས་འདུལ་བ་ཡིན་པས། ཀ་བ་ཤིང་ལོ་ཅན་ལ་ཆོས་ཀྱི་གཏེར་སྦོས་གཅིག །དེ་བསྲུང་བའི་ཕྱིར་ཀ་བ་སྦྲུལ་མགོ་ཅན་ལ་མཐུའི་སྟེར་྾ མཐའི་ངན་སྔགས་དང་འཕྲ་མེན་གྱིས་

164b

མི་གཙུག་པའི་ཕྱིར། ཀ་བ་སེང་གེ་ལག་ཅན་ལ་ཕྱིར་ཟློག་སྦོས་གཅིག །དེ་དག་ཐམས་ཅད་ཀྱི་ཆ་རྐྱེན་འབྱུང་པའི་ཕྱིར། ཀ་བ་བུམ་པ་ཅན་ལ་རིན་པོ་ཆེའི་གཏེར་སྦོས་གཅིག །ཐམས་ཅད་བསྲུངས་པའི་སྒོ་ཁང་དུ་ཀླུའི་རྒྱལ་པོས་གཙོ་བྱས་གོང་གི་ར་རྩའི་སྤྱན་སྔར་བསྲུང་མར་ཁས་བླངས་པའི་དཔལ་ལྷ་མོ་ཡན་རྣམས་བཞེངས་གཅིག །ངས་ཡབ་རྒྱལ་པོ་དང་ཆད་བཙན་པ་དང་། རྒྱའི་སོ་ཁ་ཕྱིར་འབུལ་བ་དང་། བོད་འབངས་རྣམས་ཀྱི་ཐུགས་དམ་གཙུག་ཁང་རྣམས་བཞེངས་སུ་འགྲོ་གསུང་ནས། བློན་པོ་བཅུ་དྲུག་དང་བཅས་སྟེ་མདོ་སྨད་ཤར་ཕྱོགས་སུ། གུང་ལོ་བཅུ་གསུམ་བཞུགས་སྟེ་ལྷ་ཁང་རྣམས་ཚར་ནས། ཡོངས་རྫོགས་རབ་དགའི་ལྷ་ཁང་བཞེངས་སུ་གསོལ་ནས། དབུས་སུ་བྱོན་པ་དང་། ཨོང་ཅོང་གི་ར་མོ་ཆེའི་ལྷ་ཁང་བཞེངས། ཁྲི་བཙུན་ཀྱིས་ར་སའི་ལྷ་ཁང་སུམ་ཐོག་བཞེངས་འདུག་ནས། རྩེར་བྱོན་པ་དང་། ར་སའི་ནང་ཆུས་གང་པར་མངོན་ནས། ཕྱག་གི་ལྕགས་བོར་བས། ཆུའི་ཁ་ན་ལྕགས་ཡོམ་མེ་འདུག་པར་མངོན། སོར་འདུབ་ཀྱུར་བས་བསིང་ཁྲོལ་ལ་སོང་པས་འགུ་ཏེ། ཁྲི་བཙུན་གྱི་ལྷ་ཁང་འདི་འཁྲུལ་དུ་སྣང་ངོ་། །གསུང་པས་འཁྲུལ་སྣང་དུ་གྲགས་སོ། །དེ་ནས་ཁྲི་བཙུན་ཀྱིས་གསེར་སྡེར་མ་གང་སྣམས་ནས་རྒྱལ་པོ་ལ་ཕྱག་བྱེད་སྙུན་འདྲིའོ། །ལྷ་གཅིག་ཨོང་ཅོང་གསེར་དངུལ་ཞོ་གང་ཕུལ་ནས་ཕྱག་བྱས་སྙུན་འདྲིའོ། །མོང་གཟའ་ཁྲི་ལྕམ་གསེར་ཕྱེ་བྲེ་གང་ཕུལ་ཏེ་

165a

༄༅།       །ཕྱག་བྱས་སྙུན་འདྲིའོ། །དེ་ནས་རྒྱལ་པོས་བློན་པོ་བཅུ་དྲུག་པོ་ལ། མི་བཞིས་ཤ་ཚོལ། བཞིས་ཆང་ཚོལ། བཞིས་གཡོས་གྱིས། བཞིས་འགྲོན་བསོགས་གཅིག་གསུང་ནས། དགའ་སྟོན་ཆེན་པོ་མཛད་ནས། ད་ཁྱོད་རང་ཚོ་སྐྱོ་བསངས་ལ་སོང་གཅིག་གསུངས་ནས། བློན་པོ་སྣ་ཆེན་པོ་སྐུ་བསྲུངས་ལ་བཞག །གཞན་སོང་པའི་རྗེས་ལ། རྒྱལ་བོའི་ཞལ་ནས་ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་ཕྱག་བྱའོ་གསུངས་ནས་རྩང་དུ་གཤེགས་ནས། སྐུའི་མདུན་ན་བཞེངས་ནས་བཞུགས། གཡས་སུ་ཁྲི་བཙུན། གཡོན་དུ་ཨོང་ཅོང་བཞེངས། སྐུ་རྒྱབ་ན་ཁྲི་ལྕམ་བཞུགས་འདུག །སྣ་ཆེན་པོས་སྒོའི་ཡ་ཐེམ་ལ་འཇུས། རྐང་པ་ཕྱིར་བཞག །མགོ་ནང་དུ་དུན་དེ་འདུག་པ་ལ། རྒྱལ་པོ་ཞལ་ཕྱིར་ལོག་ལ་གཟིགས་ཏེ། བློན་པོ་སྣ་ཆེན་པོ་ཁ་བ་ཅན་འདིར། ང་ནས་གདུང་རབས་ལྔ་ན་ངའི་མིང་ལ་ལྡེ་བཏགས་པའི་ཆོས་སྐྱོང་པའི་རྒྱལ་པོ་འབྱུང་། དམ་ཆོས་མ་ལུས་རྒྱས་པར་བྱེད། །ཐ་མ་མངོན་པར་སངས་ཀྱང་རྒྱ། །དེ་ནས་གདུང་རབས་གཉིས་ན་ནི། །རྒྱལ་པོ་དུད་འགྲོའི་མིང་ཅན་འབྱུང་། །དམ་ཆོས་མ་ལུས་སྣུབས་པར་བྱེད། །ཐ་མ་དམྱལ་བར་འགྲོ་བར་འགྱུར། །དེ་ནས་མི་རབས་མང་ཞིག་ན། །དད་ཅན་མང་ཞིག་འབྱུང་བར་འགྱུར། །སྟོན་པའི་རིང་སྲེལ་མཆོད་པར་བྱེད། །ཁ་བ་ཅན་གྱིས་རྒྱལ་ཁམས་འདིར། །ལྔ་རྒྱ་ཐ་མའི་སྙིངས་མ་ལ། །མར་མེ་འཆི་ཁར་གསལ་བ་བཞིན། །སྟན་པ་ཤིན་

165b

ཏུ་རྒྱས་པར་འགྱུར། །སྣ་ཆེན་པོ་བློན་པོ་གློ་བ་ཉེ་བ་རྣམས་ན་རེ། ངེད་དང་རྒྱལ་པོ་མ་མཇལ་མཇལ་སྙིང་འདོད་ཟེར་ན། ངའི་ལྷ་འདི་ལ་མོས་པ་གྱིས་ཅིག །ཇི་ལྟར་བསམ་པའི་དོན་འགྲུབ་པོ་གསུངས། ཁྲི་བཙུན་ཞལ་ཕྱིར་ལོགས་ནས། སྣ་ཆེན་པོ་བོད་ཀྱི་བློན་འཕངས་རྣམས། ངེད་དང་ཁྲི་བཙུན་ཞལ་མ་མཇལ་ཟེར་ན། ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་མོས་གུས་གྱིས་གཅིག །ཨོང་ཅོང་ཞལ་ཕྱིར་ལོགས་ནས། སྣ་ཆེན་པོ་བོད་ཀྱི་བློན་པོ་རྣམས་ངེད་དང་ལྷ་གཅིག་ཨོང་ཅོང་ཞལ་མ་མཇལ་ཟེར་ན། ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་མོས་གུས་གྱིས་གཅིག་གསུང་ནས། རྒྱལ་པོས་ཕྱག་གཉིས་ལྷ་གཅིག་གཉིས་ཀྱི་སྤྱི་བོར་བཞག་པས། ཁྲི་བཙུན་པདྨ་དཀར་པོ་འདབ་བརྒྱད་གྱུར། ཨོང་ཅོང་ཨུདཔལླ་འདབ་མ་བཅུ་དྲུག་དུ་གྱུར་ནས། ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་པར་གྱུར་ཏོ། །དེར་ཇོ་བོ་དང་ར་སའི་ལྷ་ཚོགས་གིས་ཐུགས་ཁ་ནས་འོད་ཟེར་བྱུང་ནས། ར་སའི་ཕྱི་ནང་ཐམས་ཅད་ཁྱབ་བོ། །དེ་ནས་ཕྱི་བློན་རྣམས་ནང་དུ་འོངས་ནས་རྒྱལ་པོ་བེར་འོང་ངེ་བྱས་མི་བཞུགས་པ་མཐོང་ནས། འགྲོ་སེ་རུ་གོང་སྟོན་ན་རེ། སྣ་ཆེན་པོ་ཁྱོད་རྗེའི་སྐུ་གསུངས་དུ་བཅུག་པ་ལ་རྒྱལ་པོ་གར་བཞུད་ཟེར། དེ་འདྲ་ལན་གསུམ་དུ་ཟེར་ཀྱང་། སྣ་ཆེན་པོ་སྙམས་ན་སུ་ལ་བྱས་ཀྱང་ཡིད་མི་ཆེས་སྙམས་ནས་འདུག་པ་ལ། བློན་པོ་འབལ་གྱི་དན་རིང་བྱ་བ་ན་རེ། ཁྱོད་བོད་ཀྱི་ཞང་བློན་ཆེན་པོའི་བཀའ་ཅོག་གམ་ཀེ་ཅོད་ཟེར་བ་ལ། མོང་བཟའ་སྙམས་ན། སྣ་ཆེན་པོའི་སྐེ་ཅད་ན་བོད་འཁྲུག་ཏེ། ཁྱོ་

166a

༄༅།       །ནི་ལྷ་ལ་ཐིམ་སྲས་ནི་ཆུངས་བོད་ཀྱི་ཁྲིམས་འཇིག་སྙམས་ནས། ཁོང་སྟེང་ཞལ་གསུམ་ཁ་ལྷ་ལ་ཐིམ་བྱས་པས། སྣ་ཆེན་པོ་སྙམས་ན་ཇོ་མོས་ཁ་ཤགས་འབྱེད་པར་འདུག་སྙམས། ཐིམས་པའི་ལོ་རྒྱུས་རྣམས་ཞིབ་དུ་སྨྲས་སོ། །ཁོང་སྤྲུལ་པའི་རྒྱལ་པོར་འདུག་གོ་བྱས་པས། བློན་པོ་གཞན་རྣམས་ཡིད་ཆེས་པ་ལ། འབལ་གྱི་སྟན་རིང་པོ་ན་རེ་སྤྲུལ་པ་ཡིན་པའི་བཏགས་ཅི་ལ་བྱེད་ཟེར། བློན་པོ་ཐོན་མི་སམ་བྷོ་ཊ་ན་རེ། སྤྲུལ་པ་ཡིན་པའི་རྟགས་ང་ལ་གསུམ་ཡོད། རྒྱལ་བུ་བྱམས་པ་མི་འགྱུར་དུ་སྐུ་ལྟམས་པའི་དུས་སུ། དབུ་བཅུ་གཅིག་བྱུང་པས། མིས་ལྟ་ངན་ཡིན་བྱས་པས། ཡབ་ཀྱིས་དེ་མི་ལ་མི་སྟོན་པའི་ཆེད་དུ་དབུ་ལ་དར་ཞ་བཀོན་པ་ཡིན། ཕོ་བྲང་དེ་ཉིད་དུ་བཞུགས་པའི་དུས་སུ། མཆོད་རྟེན་མགོ་ལྔའི་རྩ་ན། རབ་བྱུང་ཁ་བྱད་ངན་པ་གཅིག་འདུག་པ་ལ། རྒྱལ་བུས་ཕྱག་བྱས་ནས། ང་ས་བདག་རྒྱལ་པོ་གཅིག་གི་ཁྱོད་ལ་ཕྱག་བྱས་པ་དེ་ངོ་མཚར་རམ་བྱས་པས། དགེ་སློང་ན་རེ་ང་ཁ་བྱད་ངན་ཀྱང་རྣམ་སྤྲུལ་འདི་ངོ་མཚར་རམ་ཟེར་ནས། མཆོད་རྟེན་ལྔ་པོ་ཕྱག་གིས་བཏེགས། ཁྱོད་སངས་རྒྱས་ཀྱི་སྟན་པ་ལ་སླབ་པ་ལ་དེ་ངོ་མཚར་རྒྱུ་མེད། ངའི་རྒྱལ་སྲིད་སྐྱེ་བོ་འདི་ངོ་མཚར་རམ་གསུངས་ནས་ཞ་ཕུད་པས། ཞལ་བཅུ་གཅིག་པ་འདུག་པ་ལ། དགེ་སློང་ན་རེ་ཁྱོད་ལ་ལྷ་གཅིག་ལས་མི་འདུག་པ་གསུངས་ནས། བྲང་ཁ་ཕྱེ་ནས་གསང་པ་འདུས་པའི་ལྷ་ཚོགས་སྟན་པ་དང་། ཡང་ལི་ཡུལ་གྱི་དགེ་ཚུལ་གཉིས་ཀྱིས་ཐུགས་རྗེ་ཆེན་པོ་སྒྲུབས་པས། འཇམ་དཔལ་གྱི་ཞལ་ནས་ཐུགས་རྗེ་ཆེན་པོ་བོད་ན་བཞུགས། དེར་སོང་ལ་ལྟོས་

166b

གསུང་ནས། ཡར་ལུངས་སུ་བྱོན་ནས། དབུ་རའི་ནང་ན། རྒྱལ་པོས་མཆད་པ་ཅད་པའི་མིག་གི་ཕུང་པོ་མཐོང་པས། སྡིག་སྤྱོད་ཀྱིས་རྒྱལ་པོར་འདུག་སྤྲུལ་པ་མེན་ཟེར་ནས། ལྷ་སར་ཕྱིན་རྩ་ན། ལྷ་ས་དན་བག་གི་ནང་ན། ཆད་པ་ཅོད་པ་མཐོང་ནས། འཇམ་དཔལ་བདུད་དུ་སོང་ཟེར་རྒྱལ་པོ་ལ་སྔན་འདྲེན་གི་ཕྱིན་རྩ་ན། རྒྱལ་པོས་མངོན་ཤེས་ཀྱི་གཟིགས་ནས། བློན་པོ་གཅིག་ལ་རྟ་ནག་སྐྱོན་ནས་དན་བག་གི་ཐང་ན་མར་བཙུན་པ་ཧྲུལ་པོ་གཉིས་ཡོད་པས། དེ་གཉིས་ནན་གྱིས་ཁྲིད་ཤོག་གསུང་ནས། ཁྲིད་བྱུང་ནས། རྒྱལ་པོས་ལིའི་སྐད་སྨྲས་པ་ཁྱེད་གཉིས་བོད་དུ་ཅི་ལ་འོངས་གསུངས་པས། ཁོང་གཉིས་ན་རེ་ལྟད་མོ་ཅི་ཡོད། འཕགས་པ་འཇམ་དཔལ་བདུད་དུ་གྱུར། བོད་ན་ཐུགས་རྗེ་ཆེན་པོ་བཞུགས་ཟེར་ནས་འོང་པ་ཡིན་ཏེ། བདུད་ཡིན་པ་འདྲ་བྱས་པས། རྒྱལ་པོའི་ཞལ་ནས་ཁྱེད་གཉིས་ཐུགས་རྗེ་ཆེན་པོ་དང་མཇལ་བར་འདོད་ན། སྟན་གཅིག་གསུང་ནས། ལྷ་ས་བྱེ་མ་གླིང་དུ་ཁྲིད་ནས་དབུ་ཞ་ཕུད་ནས་ཞལ་བཅུ་གཅིག་པ་མཐོང་ནས་ཡིད་ཆེས་ཏེ། ཁྱེད་འཕགས་པར་འདུག་པ་ལ་འདི་འདྲ་བའི་མཆད་པ་སྤྱོད་པ་རྩུགས་ལགས་ཞུས་པས། རྒྱལ་པོའི་ཞལ་ནས། ངའི་འབངས་རྣམས་ཞི་བས་མ་ཐུལ་བས་ངས་སྤྲུལ་པ་མཛད་པ་ཡིན་པ། ངས་སེམས་ཅན་གྱིས་བ་སྤུ་གཅིག་ལའང་གནོད་པ་སྐྱེལ་མ་མྱོང་། ད་ཁྱེད་གཉིས་དངོས་གྲུབ་ཅི་འདོད་གསུངས་པས། ཁོང་གཉིས་སྐྱེངས་ནས་ཡུལ་དུ་བརྟོལ་འཚལ་བྱས་པས། འོ་ན་ཁྱེད་གཉིས་ས་སྤ་ར་རེ་གཟུང་ལ་ངའི་སྤུས་མོ་ལ་སྔས་གྱིས་གསུངས་ནས། ཕྱག་གདོང་པ་

167a

༄༅།       །ལ་བྱིལ་བྱས་པས། མིག་ཕྱེ་རྩ་ན་ལ་ཡུལ་ན་བརྟོལ་ནས་ལགས་པའི་ས་གསེར་དུ་རེད་ནས་འདུག་སྐད་བྱས་པས་བློན་པོ་ཐམས་ཅད་ཆིད་ཆེས་ཏེ། གྲོང་ཁྱེར་གྱི་མི་རྣམས་སྙམས་ན་ར་སའི་ཕྱི་ནང་ཐམས་ཅད་འོད་ཀྱི་ཁེངས་པ་འདི་ཅི་ཡིན་སྙམས་པ་ར་སའི་རབ་གནས་མཛད་པའི་བརྟགས་ཡིན་ནམ་ཟེར་ནས། ཐམས་ཅད་ཀྱི་དགའ་སྟོན་ཆེར་མཛད་དོ། །