ལྡེའུ་ཆོས་འབྱུང་།
བོད་ལ་ཆོས་སྤྱོད་པའི་ཁོད་ཤམས་པ།
Previous Chapter
Next Chapter

(བོད་ལ་ཆོས་སྤྱོད་པའི་ཁོད་ཤམས་པ།)

བོད་ལ་ཆོས་སྤྱོད་པའི་ཁོད་ཤམས་ཅེས་པ་ནི། དཔལ་ཤི་ལེན་ན་ལེན་ཏྲ་ལ་དཔེ་བླང་ནས། སླབ་པའི་གྲ་བཅུ་གཉིས། ལྷར་འབུལ་བ་དྲུག་

200a

༄༅།       །སྒོམས་ས་ཆེན་པོ་བརྒྱད། སྒོམ་གྲྭ་ཆེན་པོ་བཞི། བློ་སྦྱོང་གི་གྲ་བཅུ་གཉིས། དབུས་ན་ཁམས་གསུམ་མི་ལྡོག་སྒྲོལ་མ་དང་། དཀར་ཆུང་གི་ལྷ་ཁང་དང་། འོན་ཅང་རྡོ་དང་། དགྱེས་མཚལ་དང་བཞི་འོ། །མདོ་ཁམས་ན་ལྗང་གི་ར་མགོ་དང་། ཏྲེའི་ཀ་བྲག་དང་། སྤྱི་ཐོག་ངང་མོ་འགྲིན་དང་། སྟེང་ཁང་ཆེན་མོ་དང་བཞིའོ། །མདོ་སྨད་ན་སྣའི་འོར་འཇེད་དང་། ཞའི་བེར་ཀ་དང་། ལྕོང་ཁང་ཆེན་མོ་དང་། ཀའི་ཀླུང་ཤོད་དང་བཅུ་གཉིས། ལྷར་འབུལ་བ་དྲུག་ལ། དབུས་ན་ལྷ་ས་དང་། བསམ་ཡས་གཉིས། ཁམས་ན་ཀ་ཆུའི་གཡུ་རྩེ་དང་གསུམ། བཀའ་ཁོང་གི་ཐུགས་རྗེ་ལྷུན་གྲུབ་དང་། མདོ་ཁམས་ཀློང་ཐང་འཇིག་རྟེན་སྒྲོལ་མ་དང་། འུ་རུའི་བྱམས་ཆེན་སྙོམས་དྲུག་གོ །བསྒོམས་ས་བརྒྱད་ལ། དབུས་ན་འཆིང་བུ་དང་ཡེར་པ་གཉིས། མྱང་གི་ཞྭ་དང་གསུམ། དཔལ་ཆུ་བོ་རི་དང་བཞི། མདོ་ཁམས་ན་དན་ཏིག་ཤན་དང་ལྔ། འབུམ་གླིང་དང་དྲུག །ཨ་ལུང་དང་བདུན། མདོ་ཁམས་ན་ཀློང་ཐང་ཨརྱའི་གླིང་དང་བརྒྱད་དོ། །བློ་སྦྱོང་གི་གྲྭ་བཅུ་གཉིས་ལ། དབུས་ན་འཆིང་བུ་ཡེར་པ་དང་ཞྭའི་ལྷ་ཁང་དང་བཞི། ཁམས་ན་དན་ཏིག་ཤན་དང་། འབུམ་གླིང་དང་། ཨན་ཆུང་དང་། དེ་བའི་བླ་ཚལ་དང་བཞི། མདོ་སྨད་ན་ཀློང་ཐང་ཨརྱའི་ལུང་དང་། མེས་ཤོད་སིང་གླིང་གི་དབེན་གནས། འཛེང་རྒྱལ་བྱིན་གྱིས་དབེན་གནས། དཔུང་བོར་གྱི་ཐང་ཤིང་རྒྱལ་བའི་དབེན་གནས་དང་། གླང་ལུང་གི་དྲའུ་ཏོག་དང་བཅུ་གཉིས་ཏེ། སྤྱིར་དབེན་གནས་སུམ་ཅུ་ཡོད་དོ། །སྒོམ་དྲ་བཞི་ནི། ཤར་ཕྱོགས་དགས་ལྷའི་བྲག་ཕུག་ནི། འདྲེ་རྒྱལ་

200b

བའི་བློ་གྲོས་ཀྱིས་མཛད། ལྷོ་ཕྱོགས་སྟག་དང་སེང་གེ་ལུང་གི་བྲག་ཕུབ་ནི་གླང་དཔལ་གྱི་སེང་གེ་མཛད། ནུབ་བྲག་དམར་པོའི་མཐིང་ཕུབ་ནི་སྣུབས་ནམ་མཁའ་སྙིང་པོས་མཛད། བྱང་ཕྱོགས་ཨརྱ་པ་ལོའི་སྒོམ་དྲ་ནི་ངན་ལམ་རྒྱལ་མཆོག་སྦྱངས་ཀྱིས་མཛད། སད་མི་བཅུ་གསུམ་རབ་ཏུ་ཆུང་ཅེས་པ་ནི། དགེ་སློང་ལ་མངའ་བ་རྦའི་བན་དྷེ་གཉིས་ཏེ། སྦ་གསལ་སྣང་། སྦ་གསལ་སྦྱར་གཉིས་སོ། །ཙུན་པ་ངན་ལམ། ལྷ་ལུང་དཔལ་གྱིས་རྡོ་རྗེ། བློ་རྣོ་བ་རིན་ཆེན་དང་། ལན་གསུམ་རྒྱལ་བ་བྱང་ཆུབ། མཁས་པ་བེ་རོ་རྩ་ནའོ། །གནས་རྟན་ལ་མངའ་བ་འོར་རྒྱད་ཁ་ཕུན། སྨན་ཤཱཀྱ། འགར་ཤཱཀྱ་འོད།  མཐུ་ཆེ་བ་སྣུབས་ནམ་མཁའ་སྙིང་པོ། བློ་རྣོ་བ་ཡོན་ཏན་སྙིང་པོ། བློ་རྣོ་བ་ཤེས་རབ་དང་ལྡན་པ་མྱང་ཁམས་པ་གོ་ཆ། ཆོས་ཁྲིམས་རྒྱལ་ཁྲིམས་ཉི་མ་ཤར་བ་འདྲ་ཅེས་པ་ནི། དེ་ལྟར་ཆོས་ལུགས་ཟབ་མོ་མི་ནུབ་པའི་རྒྱལ་མཚན་དར་ཞིང་རྒྱས་པར་གྱུར། མི་ལུགས་བཟང་པོས་བཀའ་དྲིན་ཀུན་ལ་ཁྱབ། དེའི་དབང་གི་མངའ་ཐང་ཆེ། ཆབ་སྲིད་མཐོ། དབུ་རྔོག་བཙན། གུང་ལོ་ལྔ་བཅུ་ང་དགུ་ལ་ཟུང་མཁར་དུ་སྐུ་གཤེགས་སོ། །སྐུ་ཚེ་ཐུང་ཡང་ཐུགས་དམ་ཡིད་བཞིན་དུ་འགྲུབ་པ་ལགས་སོ། །