ལྡེའུ་ཆོས་འབྱུང་།
རལ་པ་ཅན།
Previous Chapter
Next Chapter

(རལ་པ་ཅན།)

སད་ནེ་ལེགས་ལ་སྲས་ལྔ་བྱོན་ཏེ། ལྡེན་རྗེ་ལྷུན་གྲུབ་གཉིས་ལྔར་གྲོགས་ནས། རལ་ཅན་རྩང་མ་དར་གསུམ་ཡོད་པ་ལ། རལ་པ་ཅན་གྱིས་རྒྱལ་ས་གཟུང་ཏེ། འདི་ཡང་ཀྱི་ལོ་འོན་ལྗང་རྡོར་སྐུ་བལྟམས། ལོ་གཉིས་ན་ཡབ་གཤེགས། ཆབ་སྲིད་ལོ་

201b

བཅུ་གཉིས་གཟུང་། སྦ་མ་རྗེ་ལྷ་ལོད་དང་། འབྲིང་ཁྲི་གསུམ་རྗེ་སྟག་སྣང་གི་བློན་པོ་བྱས། བྲན་བཀའ་དཔལ་གྱིས་ཡོན་ཏན་གྱིས་བློན་པོ་བྱས། བྲན་བཀའ་ལ་ཉེས་སྐྱོན་ཕབ། འབེབས་པའི་རྒྱུ་མཚན་ནི། སྦས་རྒྱལ་ཏོ་རེ་སྟག་སྣང་གིས་འཕྲ་མ་བྱས་ཏེ། བྲན་ཀ་དང་སྦས་བྱིས་པ་གཅིག་གི་རྟ་མཚོ་བའི་ཚེ། རྟ་ལོག་མེན་དུ་སོང་པ་ལ། སྦས་བྱིས་པ་དེ་ལ་རྟ་ཁུག་བྱས་པས་འགུག་དུ་མ་སྟུབ་པས། དེར་ཆར་པ་བྱུང་པས་བྱིས་པ་ལ་ཆར་ཁབ་མེད། བྲན་ཀ་ལ་ཆར་ཁབ་འཕྱིང་པ་ཡོད་པས། ཕྱིང་པའི་འཆན་གཡར་བྱུང་རྩ་ན། རྟ་འགུག་པའི་རྩི་ཁ་བྱ་སྙམས་རྩ་ན། བྱིས་པ་ར་གུ་གསར་པ་བྱེ་མའི་གསེབ་དུ་སྦས། ཁོ་རང་ཆུར་བེང་དུ་སྐེ་རྫིད་དེ་བསྡད་ནས་ཆར་པ་ཆད་རྩ་ན་ཁོ་རས་གུ་དེ་བྱེ་མའི་གསེབ་ནས་སྤྲུག་བྱས་ནས་གོན་པས། བྱིས་པ་ན་སོ་མ་རེད་པར་སྲུག་སུ་ཅབ་རྒྱུས་འདུག་བྱས་པས། ཁོས་ཐོས་ནས་ཞེ་ལ་བཞག་སྟེ། སང་ཕོད་ལོ་དུས་སུ་སོང་རྩ་ན་གླེང་གླེང་བྱུང་པས། དེ་ཇི་རྩ་ན་བྱས་པས། སྦས་ན་རེ་ཇོ་བོ་རྗེན་སྲུངས་གསོལ་རྩ་ན་ཟེར་བས། ཁོ་མ་དགའ་ནས་ཞེ་ལ་བཞག་པ་ཡིན། ད་ང་ལ་དགའ་བ་མི་ཡོངས་སྙམས་ནས། བུ་མོ་ཁོ་ལ་སྟང་ན་ཕན་ནམ་སྙམས་ནས། ཁོ་ལ་བུ་མོ་སྦྱིན་ཏེ། བུ་མོ་ལ་ཁོ་ཅུ་རྩུག་བྱེད་ཀྱི་འདུག །གང་རྩུག་དུ་ཉལ་བར་འདུག་བྱས་པས། གལ་རྐྱལ་དུ་རྩེར་གྱི་ཉལ་གྱི་འདུག་བྱས་པས། ཁོ་སེར་

202a

༄༅།       །བཞིག་བྲང་ལ་འགྲེམས་པ་ཡིན། བུ་མོས་ཁོ་ཁ་བུབ་ཉིན་རྩེར་ཉལ་གྱིས་འདུག་བྱས་པས། ཁའི་མདུན་ཐོག་ནས་སྙིང་པོ་བྲང་འོག་དུ་འཇུག་པ་ཡིན་ཟེར་སྐད། དེར་ཁོས་བློན་པོ་དང་རྒྱལ་པོའི་བར་དུ་ཕྲ་མ་བཅུག་ཏེ། བློན་པོ་དང་བཙུན་མོ་མཐུན་བྱས་ནས་ཅུག་ཅུག་ལོ་རྒྱུས་མང་པོ་ཡོད། དེར་བློན་པོས་ཡར་ལུང་ཡིད་མོའི་ནང་དུ་སྤང་ལ་ཆོལ་དྲུས་ནས་ལྕགས་ཀྱི་སྲོགས་པ་རྩ་སྒྲུབས་ཀྱིན་བསྡད་པས། ལོང་པ་དཔོན་གཡོག་གཉིས་གྱི་དེར་ཚུར་ཡོང་། སླེབ་རྩ་ན་ཡོན་སློང་ཟེར། ལོང་ཁྲིད་པས་རི་ཀ་སྟོང་པར་ཡོན་ག་ནས་སྙེད་བྱས་པས། ལོང་པ་ན་རེ་མེ་སྣམ་གྱི་འདུག་པས་གྲོང་ཡོད་ངེས་བྱས་པས། ཐང་ལ་སྡད་པས་ཡ་གིའི་སེར་ཀ་གཅིག་ན་ཡར་དུ་བ་འདུག་ནས། འབེར་ཀས་བརྡུང་ནས་ཡོན་བླང་པས་བྲན་ཀས་ཆོལ་ཀློག་ནས་ཡོན་བྱིན། ང་འདི་ན་འདུག་མི་ལ་མ་ཟློས་གཅིག །བྱས་ནས་སྔན་པར་རལ་གུ་རེ་བྱིན། ལོང་པས་མི་ཐོང་སྙམས་ནས་ཟོང་མ་བཀོན། འཁྲིད་མི་འཇམས་པོ་བཀོན། ལོང་པས་ལག་ནོམས་བྱས་པས་འཇམས་རྩུབ་ངོ་ཤེས། སྦས་སྟོ་རེའི་སྒོ་རྩར་སླེབ་རྩ་ན། བྲན་ཀ་དཔལ་གྱིས་བྱིན་པའི་ཡོན་རྩམ་གཅིག་ཞུ་བྱས་པས། སྦས་ན་རེ་བྲན་ཀ་ག་ན་ཡོད་ཟེར་ནས་ཟླས་པས། སྦས་ཀྱིས་ཡིད་མོའི་སྤང་ཆོལ་ནས་སྟོན་ནས་བྲིད་པ་དང་། བྲན་ཀ་དཔལ་ན་རེ་ལྕགས་ཀྱི་སྲོག་པ་རྩ་གཅིག་དོ་འགྲུབ་ཟེར་བས། སྦས་ན་རེ་ཁྱོད་ཀྱིས་གྲུབ་

202b

ཀྱང་ངས་སོལ་བ་དགེ་གང་མི་སྙེད་དམ་ཟེར། ང་བསོད་པ་ལ་ཉི་མ་ཕྱེད་དྲོས་འཚམས་ནས་འཆར་བ། བྲག་དང་ཆུ་འཐབ་པ། ཤིང་རྩ་སྣམ་དུ་སྟན་པ་མགོ་མཐུར་དུ་སྟན་ནས་དེར་བསོད་དགོས། ང་བསོད་པ་ལ་མདུང་ཤིང་བྱ་བལ་མ་གཅིག་དགོས། ལུག་དྲོ་མོ། ར་རྒྱ་མོ། དར་ཚག་གཅིག་དགོས་པ་ཡིན། དེ་ཚོ་མེད་ན་ཁྱེད་རང་ལ་དགའ་བ་མི་ཡོང་། འོལ་ཀ་ཐད་ཀ་ན་རྩང་ཆུ་དང་བྲག་འཐབ་པ། ཉི་མ་ཕྱེད་གྲོས་རྩམ་ནས་འཆར་བ། བྲག་གི་མགོ་ནས་འཆར་པ་མགོ་མཐུར་དུ་སྟན་པ་གཅིག་ཡོད་པ་དེར་ཁྲིད་ནས། ད་ཁྱེད་ལ་ཁ་ཆེམས་འདྲ་བ་མེད་དམ་བྱས་པས། བྲན་ཀ་ན་རེ། གནམ་མཐིང་པས་སྔོ་བར་ཤོག །ས་བྱ་བས་དམར་བར་ཤོག །རྗེ་ཁེང་ལོག་པར་ཤོག །རྒྱལ་པོའི་གདུང་ཆད་པར་ཤོག །ཟེར་ནས། དེར་བསད་ནས་ཡར་ཕྱིན་པ་དང་། བློན་པོ་མགོས་ན་རེ་བྲན་ཀ་གསད་དམ་བྱས་པས། ཨེ་ཤ་མི་གསོད་པ་ཡིན་པ་ལ། ཁོ་ན་རེ་ཅད་ཟེར་བྱས་པས། གནམ་མཐིང་ལས་སྔོ་བར་ཤོག །ས་བྱ་བས་དམར་བར་ཤོག །རྒྱལ་པོའི་གདུང་ཆད་པར་ཤོག །རྗེ་ཁེང་ལོག་པར་ཤོག་ཟེར། མདུང་ཤིང་ལགས་སོགས་པ་ཚོ་ཁྱོག་ཟེར་ནས་དགོས་པ་མི་འདུག་བྱས་པས། བློན་པོ་མགོས་ན་རེ། ཁོས་མ་ལན་པའི་སྟག་ཡིན། མདུང་ཤིང་བྱ་བལ་མ་དགོས་པ་དེ། ངའི་སེམས་འདུང་ཤིང་པས་སྲོང་བྱ་བའི་རྟགས་ཡིན། གནམ་མཐིང་པས་སྔོ་བར་ཤོག་བྱ་བ་

203a

༄༅།       །དེ་གནམ་ལ་ཐན་པ་བྱུང་ནས། ས་ལ་རྩ་མི་སྐྱེ་ཏེ། བྱ་བས་དམར་བར་འགྲོ། རྒྱལ་པོ་གདུང་མཆད་ཉེན་ཡོད། རྗེ་ཁེང་ལོག་ཀྱང་འགྲོ། དེ་མ་ལེགས་ཟེར་བ་དང་། མངའ་བདག་རལ་པ་ཅན་གྱི་ཇོ་མོས་བློན་པོ་བཀྲོང་པ་ཐོས་ནས། ལུས་པོ་མ་བདེ་བར་ཡོད་པ་དེ། ཤེལ་དཀར་གྱི་གྲི་གུས་གསུས་པ་བཤེགས་ནས་ང་དང་བློན་པོ་འགྲོག་མ་འགྲོག་འདི་ལ་གཟིགས་ཟེར་ནས། ལྟོ་ན་རྒྱའུ་སོ་དུང་སོ་འཁོར་བ་ཡོད་པ། གཡུའི་སྨིན་པ་ཡོད་པ་གཅིག་འདུག་ནས། དེ་གོང་ཡན་ཆད་རྒྱལ་རྒྱུད་ལ་སོ་དུང་སོ་འཁོར་བ་ཡོད་པ། གཡུའི་སྨིན་མ་ཡོད་པ་དང་། རྩས་མ་ཐོག་དུ་ཡོངས་པས། བྲན་ཀས་མ་ཉེས་པར་ཡིད་ཆེས་སྟེ། ར་རྩ་འགྱོད་པས། བྱོ་མོའི་ཁྲག་དང་གནག་ཚ་སྲེས་ནས་ཇོ་མོའི་དགེ་རྩར་འབུམ་ར་གཟིགས་དམར་པོ་བཞེངས་ནས་རྒྱལ་པོ་ཉིད་ཀྱི་རལ་པའི་སྟན་ལ་མཆོད་གནས་པ་བཞུགས་སུ་བཅུག་ནས། རྗེའི་སྙན་དྲུག་གི་འགུར་ཀྱང་དུས་དེར་བླངས་སོ། །དེ་ནས་སྐུ་ཚེ་ལོ་བཞི་ཅུ་ཞེ་གཅིག་བཞེས་ནས། ཅུང་དར་མང་རྒྱལ་ས་འཕྲོག་སྟེ། འབངས་ཀྱིས་བྱི་བའི་ལོ་ལ་ལན་དཀར་དུ་བཀྲོངས། རྒྱལ་པོ་འདི་ཡང་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་སོ། །སྐུ་ཚེ་སྟོད་ལ་མཐའི་རྒྱ་དྲུག་མ་བཏུལ་བས། ཕྱིས་སྡེ་གསུམ་འཐབ་པས་ས་མ་ཟིན། གསད་པས་མ་ཟད། ཁམས་ཀྱི་ཡར་མོ་ཐང་དུ་དགུན་གྱི་ཟླ་བ་གསུམ་ན་དབྱར་གྱི་རྩི་ཐོག་དུ་མཛད་ནས་དུམས་མཛད་དེ། རྡོ་ལ་ཉི་ཟླའི་གཟུགས་

203b

བྲིས་ནས་ཐང་ཚིགས་མཛད་དོ། །རྫུ་འཕྲུལ་ཡ་མ་གཟུང་དུ་སྤྲུལ་ནས་མཐའི་སྒྲ་ཡང་ཐབས་ཀྱི་བཏུལ། ཚེ་སྨད་ལ་ངན་སོང་སྦྱོང་པའི་ལྷ་ཁང་བཞེང་ཏེ། ཡབ་མེས་ཀྱི་ལྷ་ཁང་པས་ཀྱང་། གཟོ་སྣ་བཅུ་གསུམ་ལས་ཁྱད་པར་འཕགས་པ་བཞེངས། མེས་ཀྱི་དུས་ན་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ནས་དྲངས་མ་ཐེམ་པ་ཡང་། འགུར་མོ་ལྷ་ཁང་། མྱང་རོ་རྩིབས་ཀྱི་ཁྲབ་སྒོ་ཅན་གྱིས་དྲང་ཐེམ་པར་བྱས། སྡེ་སྣོད་གསུམ་གྱིས་དང་གསང་སྔགས་ཀྱི་ཆོས་མང་དུ་བསྒྱུར་ནས། སྐད་གསར་ཆད་དུ་སྟན་ལ་ཕབ། སྔར་གྱིས་སྒྱུར་འཕྲོའི་ལྷག་ལུས་པ་དང་། མ་འགྱུར་བ་ཡང་སྒྱུར་ཏེ། ཕྱི་མི་བཅོས་པར་བཀའ་བཅད་དོ། །གང་ཟག་དད་བཙོན་ཅན་རྣམས་རབ་དུ་བྱུང་ཏེ་དབུའི་མཆོད་གནས་སུ་གཟུང་། འབངས་བན་དྷེ་རྣམས་ལ་ཐབས་དང་སྐྱར་ནས་སྣང་། མདོ་རྒྱུད་འཆད་པའི་སྟོན་པ་རྣམས་ལ་སེང་གེའི་ཁྲི་དང་། ཁྲི་སྙན་ས་ལེའི་གདན་སྟིང་། དབུའི་ཐོག་དུ་གདུག་ཕུབ། གཡས་རྒྱལ་མཚན་ཕྱར། གཡོན་དུ་བ་དན་ཕྱར། མདུན་དུ་མཎྜལ་དང་མཆོད་པ་བཤམས། མཚན་བླ་མ་དང་སློབ་དཔོན་དུ་བརྟགས། རྒྱལ་པོ་དེ་ཡང་སྐུ་ཚེ་ཐུང་། བཞུགས་རིན་ལ་ཐུགས་དགོངས་ཡིད་བཞིན་དུ་འགྲུབ་བོ། །དེ་ལྟར་བོད་མུན་པའི་དམག་རུམ་འདིར། སྟན་པའི་སྒྲོན་མེས་དཀར་པོར་སྒྱུར་བ་ལགས་སོ། །དེ་དུས་ཡན་ཆད་དུ་དགྲ་ཐབས་ཟབ་མོས་ཕྱིའི་དགྲ་ཐུལ། རྒྱལ་ཁྲིམས་གསེར་གྱིས་གཉའ་ཤིང་དང་འདྲ་སྟེ། སྦོམ་ལ་ལྕི་

204a

༄༅།       །ཆོས་ཁྲིམས་དར་གྱིས་མདུད་པ་དང་འདྲ་སྟེ་འཇམས་ལ་དམ། མི་ཆོས་སོག་མའི་ཕོན་ཐག་དང་འདྲ་སྟེ་མང་ལ་འདུས། རྗེ་བླ་ན་བཞུགས་པ་ནི་ཐུགས་སྒམ། འབངས་འོག་ན་བཞུགས་པ་རྣམས་ནི་རྗེའི་བཀའ་ཉན་ཅིང་ཁྲིམས་ལ་གནས། འབངས་བན་དྷེ་རྣམས་འཚོ་བ་བླ་ནས་སྦྱོར། དགེ་བ་ཉམས་འཕགས་སུ་ཅོད། མི་ཡན་ལ་དགྲ་མེད། རྟ་ཡན་ལ་སྒྲོག་མེད། བ་ཡན་ལ་སྣ་མེད། སྟོད་མངའ་རིས་དཀོར་གསུམ་ན་གསང་འཇལ། མཐའི་སྒོ་བཞི་ནས་སྤྱང་འབུལ། རོང་ཁ་བརྒྱད་ནས་སྐྱེས་རྫོང་། རྒོད་སྟོད་སྡེ་ཞེ་གཉིས་ཐུལ། ཡུ་མོ་སྡེ་བཅུ་གཉིས་ནི་ཉན། བལ་ཡུལ་ཏ་ལ་ཝ་ཏི། ཀློང་ཡུལ་བྲག་ར་ལི་ཡུལ་འུ་ཐེན་རྒྱ་ཡུལ་སྟན་བཟང་ཡན་ཆད་མངའ་འོག་དུ་འདུས། ཁོས་དང་ཁྲིམས་ཐམས་ཅད་མེས་ཀྱི་ལ་སྟེན། ལེགས་དགུ་མཁར་དུ་རྩིགས། སྙན་དགུ་གཏམ་དུ་སྨྲ། དཔའ་མཛང་ཀྱི་རུ་འཕྱེད། མཁས་བཙུན་གྱིས་གྲལ་མཚོལ། མི་ཉི་མས་སློང་། ཕྱུག་ནམ་ཟླས་བསྡུད། འབངས་ལྷ་རིས་པ་རྣམས་ནི་དཀོན་ཅོག་གསུམ་དུས་སུ་མཆོད། རྗེའི་མངའ་ཐང་ནམ་མཁའི་མཐའ་དང་མཉམ། འབངས་ཀྱི་ཆབ་སྲིད་ཆུ་བོའི་གཞུང་དང་མཚུངས། བོད་རྗེ་འབངས་སྐྱིད་པའི་གཡུང་དྲུང་ཉི་མ་ཤར་བ་བཞིན་དུ་གྱུར་ནས། མི་ལུགས་མཐར་ཕྱིན། ཐུག་པོ་བཀོད་པའི་ཞིང་ཁམས་འདྲ་ཏེ་དམ་པའི་ཆོས་དར་ཞིང་རྒྱས་སོ། །