(སྔགས་རྙིང་མའི་འགྱུར་གཞུག།)
སྙིང་མའི་འགྱུར་བཞུགས་ཙནྟྲ་འགིརྟིས་ཅད་ཅེས་པ། རྒྱ་གར་ཙནྟྲ་འགིརྟི་བྱོན་ནས། འོ་བྲན་བློ་གྲོས་དབང་ཕྱུག་ལ་གཤིན་རྗེ་ཐེབས་རྒྱ་གནང་པ་དང་། དེ་དང་དུས་མཉམ་དུ་སྣུབས་ཡོན་ཏན་རྒྱ་མཚོ་ལ། རྒྱ་གར་དྷ་ན་དྷ་ལས་གཤིན་རྗེ་ཁ་ཐུན་དང་། མ་མོ་ཨེ་ཀ་རྩ་ཏི་ལ་སོགས་པ་ངན་སྔགས་མང་དུ་གནང་ཏེ། སྔོན་གྱི་སྤུན་ཟླར་སྨོས་ཏེ་གནང་ངོ་། །ཡང་རྒྱ་གར་གྱི་ཡུལ་དགེ་གནས་ཤོད་བྱ་བ་ན། བྲམ་ཟེ་དབུལ་པོ་གཟའ་མི་གཉིས་ལ་བུ་གཉིས་ཡོད་པ་ལ། བུ་ཆེ་བ་ལ་ངན་སྔགས་སླབ་སྟེ། མིང་ཡང་དྷ་ན་དྷ་ལའོ། །ཆུང་པ་ལ་མཚན་ཉིད་སླབ་ཏེ། མིང་པྲ་ཏི་ད་རའོ། །པྲ་ཏི་གྲོངས་ནས་ལོ་དུ་མ་ལོན་རྩ་ན་སྤྲ་སྟག་ནས་གར་སྐྱེས་དྲིས་པས། ཐམས་ཅད་ཁ་མཐུན་བོད་འཐའ་ཁོབ་གཅིག་ན་སྣུབས་ཡོན་ཏན་རྒྱ་མཚོ་བྱ་བར་སྐྱེས་ནས། འགྲོ་དོན་བྱེད་ཀྱི་འདུག་ཟེར་ནས། ཕུ་བོ་དྷ་ན་དྷ་ལའི་ཐུག་དགོང་ལ། ནོ་བོ་དེ་འཐའ་ཁོབ་དུ་སྐྱེས་པ་དེ་ལ། ཕན་གཅིག་བདག་དགོས་མཉམ་ནས། སློབ་དཔོན་རོང་པོ་འགུ་ཡ་ལ་གཤིན་རྗེ་ཁ་ཐུན་དང་མ་མོ་སྔགས་སྲུངས་ཞུས་ནས། བདུད་རོལ་པོ་སྐྱ་གཅིག་སྒྲུབས་ནས། གཡོག་པོ་གཅིག་
༄༅། །དང་གཉིས་བདུད་ཀྱི་ཐུ་བར་ཞུགས་ཏེ་རྒྱ་གར་ནས་ནམ་ལང་ནས་སྟང་པས། བོད་མཚོ་སྐྱེས་ཐང་དུ་ཉི་མ་དྲོས་རྩམ་ན་སླེབ་ནས། དཔོན་གཡོག་གཉིས་བདུད་ཀྱི་ཐུ་བ་ནས་བབས་སྟེ། ཁུ་ལུང་སྣ་རུ་རྩན་རྟ་པ་སྐྱ་བདུན་གྱི་ཞེ་ས་ལུགས་སུ་ཕུལ་ལོ། །དེ་ནས་ཡུལ་མི་ལ་ཅུང་པོ་དྲིས་པས། ཁུ་ལུང་སྒང་བུ་འཚལ་ན་མི་ཅིག་གི་ཆོ་ག་བྱེད་ཀྱི་ཡོད་ཟེར་ནས། དེར་ནང་དུ་ཚངས་ཀྱིས་ཕྱིན་རྩ་ན། ཆོ་ག་ཟིན་ནས་དབང་དང་ཚེ་ཆོག་མ་ཟིན་པར་འདུག་ཏེ། ཚེའི་ཁྲུས་བུམ་དགྱེལ་བས་ཐམས་ཅད་བྲེད་ནས་བྱུང་། དྷ་ན་དྷ་ལས་ཐུགས་དགོངས་མཛད་པ་ལ། ཚེ་སྔར་བས་ཀྱང་མཐོ་བ་བཀྲག་དང་གཟིམས་མདང་དང་ལྡན་པར་གྱུར་ནས། སུས་ཀྱང་འགུལ་བར་མ་ནུས་པའི་ཚེ་སྒྲུབས་ནས་རྟགས་སྟོན་ནོ། །དེ་ནས་ཁུ་ལུང་གི་བྲག་དབེན་གནས་ཐོད་པ་གནང་དུ་སྐྱེ་བ་སྔན་མ་ལ་སྤུན་ཡིན་པའི་ལོ་རྒྱུས་བཤད། ཁ་ཐུན་སྔགས་སྲུངས་ལགས་པའི་ངན་སྔགས་ཐམས་ཅད་ཅུང་པོ་ལ་གནང་ནས། ཅུང་པོ་བལ་ཡུལ་ཡ་ལེ་ཤོད་དུ་སྐྱལ་ནས་སྐྱེ་བ་ཕྱི་མ་ལ་འཕྲད་པར་སྨོན་ལམ་སྟབ་པོ། །དེ་ནི་སྔགས་སྙིང་མའི་འགྱུར་བཞུག་ཆད་ལུགས་སོ། །