ལྡེའུ་ཆོས་འབྱུང་།
ཤཱཀ་ཐུབ་ཀྱི་བསྟན་པའི་གནས་ཚད་དང་བྱམས་པ་འབྱོན་ལུགས།
Previous Chapter
Next Chapter

(ཤཱཀ་ཐུབ་ཀྱི་བསྟན་པའི་གནས་ཚད་དང་བྱམས་པ་འབྱོན་ལུགས།)

ཤཀ་ཐུབ་ཀྱི་སྟན་པ་ལྔ་སྟོང་དུ་གནས་

229a

༄༅།       །པ་ལ་དུས་བཞིར་བྱུང་པ་ནི། འབྲས་བུའི་དུས། སྒྲུབས་པའི་དུས། སྡེ་སྣོད་གསུམ་གྱིས་དུས། སྟག་རྩམ་མཛིན་པའི་དུས་སོ། །དང་པོ་འབྲས་བུའི་དུས་ལའང་གསུམ་ཏེ། དང་པོ་དགྲ་བཅོམ་པ་ཞེ་སྟག་བྱུང་ལྔ་རྒྱ་ནུབ། གཉིས་པ་ལན་གཅིག་ཕྱིར་འོང་པ་དང་། མི་འོང་པ་གཉིས་བྱུང་ལྔ་བརྒྱ་ནུབ་བཞི་སྟོང་དུ་སོང་ངོ་། །ཚེ་ལོ་དགུ་བཅུ་པར་སོང་། གསུམ་པ་རྒྱུན་དུ་ཞུག་པ་བྱུང་། ལྔ་བརྒྱ་ནུབ། ལྔ་བརྒྱ་ཕྲག་གསུམ། དུས་གཉིས་པ་སྒྲུབས་པའི་དུས་ལའང་གསུམ་ཏེ། སླབ་པ་གསུམ་འཕེལ་བའི་དུས་ཡིན་པས། དང་པོ་ལྷག་པ་ཤེས་རབ་ཀྱི་སླབ་པ་བྱུང་ལྔ་རྒྱ་ནུབ། སུམ་སྟོང་པར་སོང་། ཚེ་ལོ་རྒྱ་བཅུ་པར་སོང་། གཉིས་པ་ལྷག་པ་ཏིང་འཛིན་དང་ལྡན་པའི་སླབ་པ་བྱུང་། ལྔ་རྒྱ་ནུབ། གསུམ་པ་ལྷག་པ་ཚུལ་ཁྲིམས་དང་ལྡན་པའི་སླབ་པ་བྱུང་། ལྔ་རྒྱ་ནུབ་སྟེ། ལྔ་རྒྱ་ཕྲག་དྲུག །གཉིས་སྟོང་པར་སོང་ཏེ། ཚེ་ལོ་བདུན་བཅུ་པར་སོང་། དེ་ནས་ལུང་གི་དུས་སྟེ་སྡེ་སྣོད་གསུམ་གྱིས་དུས་ལའང་གསུམ་སྟེ། དང་པོ་མངོན་པ་དང་ལྡན་པའི་དུས་བྱུང་ལྔ་རྒྱ་ནུབ། དེ་ནས་མདོ་སྡེ་དང་ལྡན་པའི་དུས་བྱུང་ལྔ་རྒྱ་ནུབ། སྟོང་གནས་པར་སོང་། ཚེ་ལོ་དྲུག་བཅུ་པར་སོང་། དེ་ནས་འདུལ་བ་དང་ལྡན་པ་བྱུང་ལྔ་རྒྱ་ནུབ་ཏེ། ཚེ་ལོ་ལྔ་བཅུ་པར་སོང་། དེ་ནས་རྟག་རྩམ་མཛིན་པའི་དུས་བྱུང་། ལྔ་རྒྱ་ནུབ་ཏེ། ལྔ་སྟོང་ཐལ་ནས་ཚེ་ལོ་ལྔ་བཅུ་པར་སོང་ངོ་། །དེ་ནས་ཚེ་ལོ་བཞི་བཅུའི་བར་དུ་ཀླུ་གྲུབ་ཀྱི་སྟན་

229b

ཆུང་གཅིག་གནས་ཞེས་བཤད་དོ། །དེ་ནས་བཞི་བཅུ་ནས་སུམ་བཅུའི་བར་དུ་མུ་གེའི་སྐལ་པ་འབྱུང་། ལོ་བདུན་ཟླ་བདུན་ཞག་བདུན་འབྱུང་། ད་ལྟ་སྦྱིན་པ་བཏང་པ་ཚོ། དེར་མི་སྐྱེ་བོ། །ཚེ་ལོ་ཉི་ཤུ་པ་ནས་བཅུ་པའི་བར་ལ་ནད་ཀྱིས་སྐལ་པ་ཟླ་བ་བདུན་འབྱུང་། ད་ལྟ་སྨན་སྦྱིན་བཏང་པ་ནད་གཡོག་བྱས་པ་ཚོ་དེར་མི་སྐྱེའོ། །ཚེ་ལོ་བཅུ་པ་ལ་མཚོན་གྱིས་བསྐལ་པ་ཞགས་བདུན་འབྱུང་ཏེ་མཐོང་ཚད་དགྲ་དང་རེག་ཚད་མཚོན་དུ་གྱུར་ནས་གསོད་དོ། །ད་ལྟ་བྱམས་སྙིང་རྗེ་སྒོམས་པ་ཚོ་དེར་མི་སྐྱེའོ། །དེ་སྐད་དུ་ཡང་མངོན་པ་མཛོད་ཀྱི་གནས་གསུམ་པ་ལས། སྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གི་མཐར་ཕྱིན་ཏོ། །ཞག་དང་ཟླ་བ་དག་དང་ནི། །ལོ་བདུན་དག་ཏེ་གོ་རིམས་བཞིན། །ཞེས་སོ། །དེ་ལ་འཆིམས་ཀྱིས་རྩིས་པས་ལོ་ལྔ་སྟོང་གནས་པ་ལ། སྔར་སུམ་སྟོང་ཉི་དང་རྒྱ་གཉིས་སོ། །སྟོང་བདུན་དང་བརྒྱ་བཅྭོ་བརྒྱད་ལུས་ཟེར་རོ། །རིན་པོ་ཆེ་ཆོས་རྗེས་རྩིས་པས་ནི། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱིས། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེ་རྗེས་ལོ་ནི་སྟོང་ཕྲག་གཅིག །བདུན་རྒྱ་དང་ནི་ལྔ་བཅུ་དང་། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉིན་མོ་ལྔ་རབས་འདས། །ལོ་ནི་སྟོང་ཕྲག་གསུམ་དག་དང་། །ཉི་རྒྱ་དང་ནི་བཞི་བཅུ་དགུ། །ཟླ་བ་དགུ་

230a

༄༅།       །དང་ཉིན་མོ་བཅུ། །མ་འོངས་བསྟན་པའི་ལྷག་མར་གནས། །སྤྲ་བྷ་བ་ནས་མེ་མོ་ཡོས། །སྦྱར་ཟླ་འབྲིང་པོ་བྱ་ཕོ་ཡིས། །དཀར་ཕྱོགས་དྲལ་ཚེ་ལྔའི་ཉིན། །ཐང་ཆེན་གནས་སུ་ཆོས་རྗེས་བརྩིས། །ཞེས་སོ། །ལྕག་མོ་བྱའི་ལོ་ལ་བརྩིས་པས་མངོན་པའི་དུས་ཀྱི་གསུམ་བརྒྱ་གྱ་ལྔ་འདས། རྒྱ་དང་བཅྭོ་ལྔ་དང་འབྱུང་གསུངས་སོ། །ད་ལྟ་མངོན་པའི་དུས་སོ། །ཤཀ་ཐུབ་འདས་ནས་ལོ་དུ་ལོན་པ་ནི་རྒྱ་གར་རྒྱལ་པོ་དང་། བལ་པོའི་འོད་ཟེར་གོ་ཆ་དང་། བོད་ཀྱི་ཁྲི་སྲོང་ལྡེབས་བཙན་གསུམ་གི་བརྩིས་པས། ལོ་སུམ་སྟོང་རྒྱ་ཉི་ཤུ་རྩ་ལྔ་སོང་། ད་ཉིས་སྟོང་ཉེ་རྩམ་གཅིག་གནས་སོ། །བོད་དུ་དམ་པའི་ཆོས་དར་ནས་ལོ་ཉི་རྒྱ་དང་དགུ་ལོན། དུས་གསུམ་ལས་ལྔ་རྒྱ་ཕྲག་བདུན་ལས། མདོ་སྡེ་ལ་སྟེན་པ་མང་དུ་འབྱུང་། ལྔ་རྒྱ་ཕྲག་དགུ་པ་ལ་འདུལ་བ་ལ་སྟེན། ལྔ་རྒྱ་ཕྲག་བདུན་ལ་མངོན་པ་ལ་སྟེན་པ་འབྱུང་ཏེ་མངོན་པའི་དུས་སོ། །དེ་ནི་ཤཀ་ཐུབ་ཀྱི་སྟན་པ་ནུབ་ལུགས་སོ། །གླད་ཀྱི་བྱམས་པ་འབྱོན་ལུག་ནི། གཞུང་ལས། དེ་ནས་མར་འགྲིབ་ཚེ་ལོ་བཅུ་པ་ལ། །བྱམས་པའི་སྤྲུལ་པས་སྐལ་པ་ཡར་འཕེལ་ཙམ། །ཞེས་པ། ཚེ་ལོ་བཅུ་པ་ལ་བྱམས་པའི་སྤྲུལ་པ་བོང་གེ་ཁྲུ་དོ་པ་གཅིག་བྱོན་ནས། གཞན་ཁྲུ་གང་པར་ཡོད་པ་ལ། ཁྱོད་ཆེ་བ་ཅི་ཡིན་བྱས་པས།

230b

ངས་ནི་མི་དགེ་བ་བཅུ་སྤངས་ནས་དགེ་བཅུ་དངས་དུ་སླང་པས་བྱུང་བྱས་པས། ཀུན་གྱིས་དེ་ལྟར་བྱས་པས་ཚེ་ལོ་ཉི་ཤུ་ཐུབ་པར་སོང་། བོང་གེ་ཁྲུ་དོ་པར་སོང་། དེ་ནས་ཡར་འཕེལ་ནས་ཚེ་ལོ་རྒྱ་ཁྲི་པར་སོང་། དེ་རྩམ་ན་བྱམས་པ་བྲམ་ཟེའི་རིགས་ལས་སངས་རྒྱས་པར་བཤད་དོ། །དེ་ལྟར་གནས་པའི་སྐལ་པ་ཉི་ཤུ་ལ། ཡུལ་འཁོར་སྐྱོངས་ཀྱི་བུ་རྣམས་སངས་རྒྱས་ཏེ། སེམས་ཅན་རྣམས་ཀྱང་སངས་རྒྱས་ས་ལ་བཀོད། ཞེས་པ། སྤྱིར་སྐལ་པ་ལ་འཇིགས་ཆགས་ཀྱི་སྐལ་པ་དྲུག་བཅུ་ཡོད་དེ། སྐལ་པ་འཇིག་པ་ལ་བར་གྱིས་སྐལ་པ་ཉི་ཤུ་འགོར། ཆགས་པ་ལ་སྐལ་པ་ཉི་ཤུ་འགོར། གནས་པ་ལ་ཉི་ཤུའོ། །ད་ལྟའི་སྐལ་པ་བཟང་པོ་འདི་ཡང་ཉི་ཤུར་གནས་པ་ལ། ཡུལ་འཁོར་སྲུངས་ཀྱི་བུ་སྟོང་སངས་རྒྱས་ནས། སེམས་ཅན་རྣམས་ཀྱང་འདྲེན་པའོ། །ད་ལྟ་ལྔ་རྒྱ་ཐ་མའི་དུས་འདི་རུ། །མར་མེ་འཆི་དཀར་འོད་ནི་གསལ་བ་བཞིན། །སྟན་པའི་ཐ་མར་ཟབ་ཆོས་དར་གྱུར་བས། །དགོན་པར་ལོ་མངས་སྒོམས་པའི་གང་ཟག་དང་། །ད་ལྟ་གདམས་ངག་སྐད་གཅིག་ཐོབ་པ་གཉིས། །ཞེན་པ་ཐམས་ཅད་སྐད་གཅིག་དེ་ཡི་སྤོངས། །སྐད་པ། ཐ་མ་སྙིང་མའི་དུས་འདི་རུ། །མར་མེ་འཆི་ཀར་འོད་གསལ་བ་ལྟར། །སྟན་པ་ནུབ་ཁར་ཆོས་ཟབ་མོ་གསང་སྔགས་དར་བས། དགོན་པར་མཚན་ཉིད་ཀྱི་ཞི་གནས་ལོ་གཅིག་སྒོམས་པ་དང་།

231a

༄༅།       །ད་ལྟ་གསང་སྔགས་ཀྱི་གདམས་ངག་ཐོས་པ་དང་གྲོལ་བས། ཞེན་པ་ཐམས་ཅད་སྐད་གཅིག་མ་ཡི་སྤོང་ཞེས་སོ། །དེ་ལྟ་བུའི་ཐེགས་པ་ཟབ་མོ་འདི་ལ་སྤྱོད་ཞེས་པ། བཟང་ངན་དང་དྲག་ཞན་མེད་པར་འཆི་ངེས། ནམ་འཆི་ཆ་མེད། འཆི་ངེས་པའི་རྒྱུ་མཚན་གསུམ་ལ། སྔར་སྐྱེས་པ་ཐམས་ཅད་འཆི་ངེས། འདུས་བྱས་ཐམས་ཅད་མི་སྟག་པར་ངེས། དངོས་པོ་ཐམས་ཅད་སྐད་གཅིག་མ་ཡིན་པས་འཆི་ངེས། ནམ་འཆི་ཆ་མེད་པའི་རྒྱུ་མཚན་གསུམ་ལ། ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད། འཆི་བའི་རྐྱེན་མང་པས་ནམ་འཆི་ཆ་མེད། གནས་དང་གྲོགས་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད། གནས་འདིར་འཆི་འདིར་མི་འཆི་མེད་དེ། འཆི་བ་ལ་ཅིས་ཀྱང་མི་སྟོང་པའི་མཚན་ཉིད་གསུམ། ལུས་ཀྱི་བཀྲག་གཟིམས་མདང་དང་སྟོབས་ཀྱིས་མི་སྟོངས། ཉེ་དུ་འབྲེལ་པས་མི་སྟོང་། རྫས་ཡོ་བྱད་ཀྱིས་མི་སྟོང་། ཚན་གཅིག་ཤི་ན་ཡང་ཤི་མོད་ཟེར་སྟེ། ཤི་ནས་ནམ་ཤི་སངས་རྒྱས་མེན། ཐོད་པ་བོར་ཆོག་མེན། ཆོས་མ་བྱས་ན་ངན་སོང་དུ་འགྲོ་ཏེ། ངན་འགྲོའི་སྡུག་བསྔལ་སོམས་ལ་ཆོས་ལ་སྤྱོད་སྐད་པའོ། །དམྱལ་བ་ཚ་དྲང་གི་སྡུག་བསྔལ། ཡི་དགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། བྱོལ་སོང་ལ་ཀོལ་ཅོད་ཀྱི་སྡུག་བསྔལ། ལྷ་མ་ཡིན་ལ་འཐབ་བཙོད་ཀྱི་སྡུག་བསྔལ། མི་ལ་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་ཡོད་པས། དེ་ལ་སོམས་ལ་ཆོས་གྱིས་ཤིག་པའོ། །ཐོས་པས་སྒྲོ་འདོག་ཆོད་ལ་ཉམས་སུ་ལོང་གཅིག་ཆོས་ཤེས་

231b

པས་མི་ཆོག་གོ །སྟོན་ཆེན་གྱིས་མལ་ནས་ཐ་མལ་གྱི་རོ་ཡོངས་པས་མ་བྱུང་བ་གལ་ཆེའོ། །དེས་གཞུང་དོན་རྫོགས་ནས། །