ལྡེའུ་ཆོས་འབྱུང་།
སྤྱི་དོན་གསུམ་པ། མཇུག་གི་དོན་སྟན་པ།
Previous Chapter
(སྤྱི་དོན་གསུམ་པ། མཇུག་གི་དོན་སྟན་པ།)
སྤྱི་དོན་གསུམ་པ་མཇུག་གི་དོན་སྟན་པ་ནི། སྔོན་ཆད་མ་གསུང་པ་ཡང་འདིར་བརྗོད་མེད་ཞེས་པ། སངས་རྒྱས་ཀྱི་ཞལ་ནས་གསུངས་པ་ལ་མ་སྟེན་པར། རིགས་གཟོས་མ་ཅད་པའོ། །སྡེབས་སྦྱོར་མཁས་པ་འང་བདག་ལ་མེད་པ་མ་ཡིན་ཏེ། རང་གི་རྗེད་དོགས་པ་དང་། ཕྱི་རབས་ཀྱིས་གང་ཟག་ལ་ཕན་བཏགས་པའི་ཕྱིར། འདི་ཉིད་རྩམས་པའོ། །དེ་ལ་འགལ་འཁྲུལ་བྱུང་སྲིད་ན། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོངས་སྲུངས་མའི་ཚོགས་ལ་བཟོད་པར་གསོལ། མཁས་པས་གཟིགས་ནས་འདི་ལ་མི་སྤྱ་འཚལ་ཞེས་པ། ཕྲག་དོག་གམ་ཁྱད་གསོད་ཀྱིས་ཚིག་མ་རྗོད་པའོ། །བོད་དུ་དམ་པའི་ཆོས་ཀྱིས་བྱོན་ཚུལ་དང་རྒྱལ་རབ་ཤིན་ཏུ་རྒྱས་པ་མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་རྒྱས་པ་རྫོགས་སོ། ། དགེའོ། ། དགེའོ། །
ཞུས་དག །འཁྲུག་ལོང་མེད་པར་གྱུར་གཅིག་བཀྲ་ཤིས། ། ། །