གསང་འདུས་ཆོས་འབྱུང་།
དང་པོ། འཕགས་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་འཕགས་སྐོར་དར་བའི་ཚུལ།
Previous Chapter
Next Chapter

(དང་པོ། འཕགས་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་འཕགས་སྐོར་དར་བའི་ཚུལ།)

དང་པོ་ནི། གོང་དུ་བསྟན་པ་ལྟར་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་རྒྱལ་ཆེན་ཨིནྡྲ་བྷཱུ་ཏི་འཁོར་དང་བཅས་པ་སྨིན་པར་མཛད་པའི་རྗེས་སུ། སླར་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཀླུ་ལས་གྱུར་པའི་དཔའ་བོ་དང་མཁའ་འགྲོ་མ་མང་པོ་ལ་གསང་བ་འདུས་པ་བསྟན། འདུས་པའི་རྒྱུད་ཀྱི་གླེགས་བམ་རྣམས་ཀྱང་ཀླུ་ལས་གྱུར་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་གཏད་ནས་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ན་ཆེས་དར་བར་ཡོད་པ་ལས།