བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
དང་པོ། རྒྱུད་འགྲེལ་བཤད་ཐབས་ཀྱི་ཡན་ལག་རྣམ་པར་གཞག་པ།
Previous Chapter
(དང་པོ། རྒྱུད་འགྲེལ་བཤད་ཐབས་ཀྱི་ཡན་ལག་རྣམ་པར་གཞག་པ།)
དང་པོ་ལ། བླ་མ་ར་པའི་བཤད་སྲོལ་གྱིས། གང་ཞིག་གང་ལས་ཡོན་ཏན་མཆོག་བརྙེས་པའི། །སྟོན་པའི་མཆོག་གྱུར་སྐུ་བཞི་ལ་ཕྱག་འཚལ། །ཞེས་པའི་གསུང་གིས་གསུང་བ་པོ་སྟོན་པ་གཏན་ལ་དབབ་པ་དང་། ཐུན་མོང་ཁྱད་པར་བླ་ན་མེད་པ་ཡི། །བསྟན་པའི་སྙིང་པོ་དུས་འཁོར་ལ་ཕྱག་འཚལ། །ཞེས་པའི་གསུང་གིས་དེས་གསུངས་པའི་ཆོས་གཏན་ལ་དབབ་པ་དང་། སངས་རྒྱས་རིགས་ལྡན་རིམ་པར་བརྒྱུད། །དཔལ་གྱི་བརྒྱུད་པ་ལ་ཕྱག་འཚལ། །ཞེས་པའི་གསུང་གིས་སངས་རྒྱས་ནས་རིགས་ལྡན་དང་བླ་མ་རྣམས་ཀྱི་བར་བརྒྱུད་པའི་ཚུལ་བསྟན་པ་དང་། དཔལ་གྱི་བླ་མ་སློབ་མས་བསྟེན། ། བཤད་པ་དོན་གྲུབ་ལ་ཕྱག་འཚལ། །ཞེས་པའི་གསུང་གིས་བརྒྱུད་པའི་རྒྱུད་འགྲེལ་
2b
ལ་བཤད་ཉན་ཇི་ལྟར་བྱ་བའི་ཚུལ་དང་རྣམ་པ་བཞིར་འཆད་དོ། །