བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༢. བར་དུ་ཚོགས་བསགས་ཚུལ།
Previous Chapter
Next Chapter

(༢. བར་དུ་ཚོགས་བསགས་ཚུལ།)

གཉིས་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་བསྙེན་བཀུར་བ་ནས་བཟུང་སྟེ་རིན་ཆེན་གཙུག་ཏོར་ཅན་བསྙེན་བཀུར་བ་ཡན་ཆད་སངས་རྒྱས་བདུན་ཁྲི་ལྔ་སྟོང་བསྙེན་བཀུར་ཏེ་བསྐལ་པ་གྲངས་མེད་དང་པོ་རྫོགས། དེ་ནས་མར་མེ་མཛད་ཡན་ཆད་སངས་རྒྱས་བདུན་ཁྲི་དྲུག་སྟོང་བསྙེན་བཀུར་ཏེ་གྲངས་མེད་གཉིས་པ་རྫོགས། དེ་ནས་སངས་རྒྱས་རྣམ་གཟིགས་ཡན་ཆད་བདུན་ཁྲི་བདུན་སྟོང་བསྙེན་བཀུར་ཏེ་གྲངས་མེད་གསུམ་པ་རྫོགས། དེ་ནས་བསྐལ་པ་ཆེན་པོ་བརྒྱར་མཚན་གྱི་རྒྱུ་བསྒྲུབ་དགོས་པ་ལ། སངས་རྒྱས་སྐར་རྒྱལ་ལ་ཚིགས་སུ་བཅད་པ་གཅིག་པས་ཞག་བདུན་དུ་བར་མ་ཆད་པར་བསྟོད་པས་བརྩོན་འགྲུས་རྫོགས་ཤིང་བསྐལ་པ་ཆེན་པོ་དགུའི་ཚོགས་འདུམ་སྟེ། བསྐལ་པ་འདིའི་སངས་རྒྱས་འོད་སྲུངས་ལ་བསྙེན་བཀུར་བ་ཡན་ཆད་བསྐལ་པ་ཆེན་པོ་དགུ་བཅུ་རྩ་གཅིག་གིས་མཚན་གྱི་རྒྱུ་རྫོགས་ཏེ། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་སོ། །དེ་ནས། དགའ་ལྡན་དུ་དམ་པ་ཏོག་དཀར་པོར་འཁྲུངས་པ་

4b

ལགས་མཛད་པ་བཅུ་གཉིས་བསྟན་པར་འདོད་དོ། །