བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡. འབྲོ་ལུགས།
Previous Chapter
Next Chapter

(༡. འབྲོ་ལུགས།)

དང་པོ་ནི། དེ་ནས་ཁ་ཆེ་ཟླ་མགོན་བོད་དུ་བྱོན་ཁ་རག་གཉོས་ལ་བབས། འགྲེལ་པ་དྲི་མ་མེད་པའི་འོད་སྒྱུར། གསེར་སྲང་བརྒྱ་རྫོང་བར་ཆད། པཎྜི་ཏ་མ་མགུ་བར་འགྲེལ་པ་ཕྱེད་ལས་མ་བསྒྱུར། འགྱུར་བྱེད་འཕྲོ་བ་བསྣམས་ནས་འཕན་ཡུལ་གྲབ་ཏུ་བྱོན། ཞང་ཕོ་ཆུང་བས་བླ་མར་བཟུང་། འབྲོས་ལོཙྪ་བ་བྱས་ནས་ཡོངས་སུ་རྫོགས་པར་བསྒྱུར། གཉོས་ཀྱིས་ཞང་སྟོན་ལ་ཁྱོད་ཀྱིས་ངའི་བླ་མ་ཕྲོགས་པ་ཡིན་བས་ལྦང་གསེབ་ཏུ་ཡུངས་ཀར་རྩང་ངེ་བ་ཅིག་བྱ་ཡི་ཟེར་བ་ལ། ཁྲོ་བོ་བརྒྱ་ཡིས་བསྡིགས་ཀྱང་མི་འཇིགས། ལྷ་མོ་བརྒྱ་ཡིས་འཛུམ་བསྟན་ཀྱང་མི་ཆགས་པ་ཡིན་ཟེར་ནས་ཞབས་ཐོག་མཛད། གཉོས་སྟོན་ཡེ་ཤེས་མཆོག་གིས་གསེར་སྲང་བཅོ་བརྒྱད་ཕུལ། གྲ་པ་མངོན་ཤེས་ཀྱིས་ལོ་གསུམ་ཆོས་སྟོན་དྲངས། ནམ་མཇལ་དུས་ཕྱག་རྟེན་མ་ཆད་པར་བྱས། ཇོ་བཙུན་ཚུལ་ཁྲིམས་རིན་ཆེན་གྱིས་གསེར་སྲང་དྲུག་ཕུལ། གཡོ་རུ་འགར་སྟོན། མང་ཡུལ་སྟོན་མ་སྲི་དར། སྨོན་འགྲོའི་འཇམ་སྒོམ་ལ་སོགས་པས་ཞབས་ཐོག་ཆེ་བར་བྱས་ཀྱང་། སོ་སོར་སྤོང་ཙམ་མ་གཏོགས་

38b

པ་གཞན་མ་གནང་། འཕན་ཡུལ་གྲབ་ཏུ་སྐུ་འཁྲུངས་པ། སྒོམ་པ་དཀོན་མཆོག་སྲུངས་ཀྱིས་འབྱོར་པ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་སྟེ་ཕུལ། དར་ཡུག་གཅིག་སྐྱེ་ལ་བཏགས་ཏེ་ལུས་ཕུལ་ནས་ཞབས་ཐོག་མཛད་དོ། །མངོན་བ་དང་ས་སྡེ་དང་། སྨན་ལ་སོགས་པ་ཡོན་ཏན་ཆེ་ཞིང་ཇི་ལྟར་གསུངས་པ་བཞིན་བསྒྲུབས་པས་གཞུང་གདམས་ངག་མ་ལུས་པ་གནང་། དེ་ནས་སྣོར་བཟངས་ཀྱི་སྒྲོ་གནམ་ལ་བརྩེགས་ཀྱིས་ལོ་ཉི་ཤུ་རྩ་དྲུག་ནས་ལྔ་བཅུ་རྩ་བརྒྱད་ཀྱི་བར་དུ་སྦུ་སྡེའི་དགེ་བཤེས་ལོ་རོ་པའི་དྲུང་དུ་གཡུ་ཕུལ་གང་རྒྱགས་སུ་བསྣམས་ནས་སློབ་གཉེར་མཛད་། ལོ་རོ་པའི་ཞལ་ནས་མཆིམས་སྔགས་པ་ཆེན་པོ་ཞིག་ཡོད་པ་ལ་འདི་རྡོ་རྗེ་འཛིན་པ་དང་འདྲ། ང་བ་ལང་དང་འདྲ་བ་ཡིན། ད་ཟེར་ང་ཡང་ལེང་འབྲོག་འགོས་གསུམ་དང་ཐུག་པས་རྡོ་རྗེ་འཛིན་པ་དང་འདྲ། དུས་འཁོར་ཤེས་པ་གཅིག་བྱུང་ན་ང་བ་ལང་དང་འདྲ་བར་འདུག་གསུངས་པས། བླ་མ་གནམ་རྩེགས་ཤིན་ཏུ་དད་སྟེ། པཎྜི་ཏ་ལ་གསེར་སྲང་བཅུ་གཉིས་དང་། རྟ་ནག་པོ་གཅིག་ཕུལ་ཞབས་ཐོག་ཡུན་རིང་པོ་མཛད་ཀྱང་། སོ་སོར་སྤོང་མ་གཏོགས་པ་མ་གནང་། དེའི་དུས་སུ་བླ་མ་དཀོན་མཆོག་བསྲུངས་ལ་གསེར་ཕྲ་མོ་ཕུལ་ནས་ཞུས་ཀྱང་མ་གནང་། པཎྜི་ཏ་རྒྱ་གར་གཤེགས་པ་དང་ཤུལ་དུ་ལོ་གསུམ་གོ་བཏེག་མཛད་དེ་ཞུས་པས་གཞུང་མན་ངག་མ་ལུས་པ་གནང་པཎྜི་ཏ་ཕྱིས་བོད་དུ་བྱོན་པ་ལ་སློང་མ་ཀུན་གྱིས་སྒོམ་པས། སྒྲོ་ལ་གདམས་ངག་མ་ལུས་པ་བྱིན་བྱས་ཏེ་ཞུས་པས། པཎྜི་ཏས་སྒྲོ་ལ་གདམས་ངག་སྦྱིན་གསུངས་པས། གཞོན་པའི་དུས་སུ་གནང་དུ་མ་

39a

༄༅། །འདོད། ད་རྒས་པས་མི་ཞུ་བྱས་པས། ཁྱོད་དཀོན་མཆོག་བསྲུངས་ཀྱི་མན་ངག་གིས་ངོམས་འདུག་སྟེ། དེ་ང་ལས་མ་བྱུང་ན་སུ་ལས་བྱུང་གསུང་ནས་ཕྱག་ཕབ། དེ་མད་ལགས་བླ་མ་ཆེན་པོའི་བཀའ་དྲིན་ལགས་བྱས་པས། གང་བྱིན་གསུངས་པ་ལ། འདི་རྣམས་བྱིན་ཞེས་བརྙད་པས། དེ་རྣམས་ལས་ང་ལའང་མེད། ཐམས་ཅད་ཚང་འདུག་པས། སུ་ལའང་མ་སྟེར། སྟེར་རི་མནའང་སྐྱོལ་གསུངས་ནས་མགུལ་ལ་ཕྲེང་བ་བཅུག་པ་དང་བླ་མས་ནི་མ་གནང་། བླ་མ་དཀོན་མཆོག་བསྲུངས་ལ་ཞུས་པ་ལགས་མོད་བྱས་པས། ངན་པ་འདི་གསུང་ནས་དབུ་ལ་བྱེ་མ་བརྒྱབ་སྟེ། ད་ཆུད་མ་གསན་གསུང་བ་ལ། དེ་གསུང་མི་འཚལ་ཆུད་ཅི་ལ་གསོན་ཞེས་ཞུས། དེ་ལྟར་པཎྜི་ཏ་དང་བླ་མ་དཀོན་མཆོག་བསྲུངས་ལ་གཞུང་མན་ངག་དང་བཅས་པ་མ་ལུས་པར་གསན་ནོ། །དེ་ནས་གངས་ཏེ་སེའི་རྩར་སྐུ་འཁྲུངས་པ་རྔམ་ཁྲོམ་བ་དད་པ་རྒྱལ་པོ་ཞེས་བྱ་བ་ཞིག་ལ་སྲས་བཞི་ཡོད་པ་ལས། ཆུང་བ་བླ་མ་ཡུ་མོས་དོན་མོ་རིའི་སེ་སྟོན་སྒྲ་གཅན་འཛིན་དང་བར་སྟོན་ཐོས་པ་དགའི་དྲུང་དུ་ཆོས་གསན། མཚན་ཡུ་མོ་ཞེས་ཁོང་ཉིད་ཀྱིས་བཏགས། རྨ་དགེ་མཐོང་དང་སྙེགས་ལ་དབུ་ཚད་གསན། དེ་དུས་ན་འདུལ་བ་འཛིན་པ་ལ་སོགས་པས་ཆེ་བ་མེད་པར་བྱེད་པས་དེར་བྱོན་ཏེ་མདོ་རྩ་ཐུགས་ལ་བཤད། སྤྱོད་ཕྱོགས་རྣམས་ཀྱང་གསན། སྔགས་ལ་མོས་པས་དགེས་རྡོར་ལ་སོགས་པའི་སྔགས་འདྲ་བ་གསན་ཅིང་ཡོད་པ་ལ། གྲོགས་གཅིག་གིས་དགུན་ཅི་བྱེད་དྲིས་པས། མཚམས་བྱས་ནས་སྔགས་ཀྱི་དཔེ་ཆ་འདྲ་འདྲི་གསུངས་པས། འོ་བྱན་ཀླག་

39b

ཚང་ན་རྡོ་རྗེ་སྙིང་པོས་མཛད་པའི་འགྲེལ་པ་འདུག་ཟེར་བས་དེ་འབྲིའམ་བྱས་པས་སྔོན་གྱི་བག་ཆགས་སད་པས་ཤིན་ཏུ་མོས་ཏེ། དཔེ་དེ་ཁུགས་སམ་དྲིས་པས་ཁུགས་ཏེ། དེ་འདྲི་ཞིང་གཟིགས་པས་ཤིན་ཏུ་དད་དེ། སུས་ཤེས་དྲིས་པས། སོ་མ་ནཱ་ཐས་ཤེས་ཟེར་བ་ལ་སྔོན་གྱི་མིང་ཡིན་སྙམ་ནས་དབུས་སུ་འཁམས་པ་ལྟེའུ་བ་ལ་སྤྱོད་ཕྱོགས་ཉན་གྱིན་བཞུགས་པ་ན་པཎྜི་ཏ་ཟླ་མགོན་དཀར་ཆུང་ན་བཞུགས་ཟེར་བ་གསན་ཏེ་རྡོ་རྗེ་སྙིང་པོ་ཤེས་སམ་བྱས་པས་དེ་ཤེས་དེར་མ་ཟད་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པ་ཆེན་མོ་ཡང་མཁྱེན་ཟེར། ཞུས་ན་གནང་ངམ་དྲིས་པས། སྤྱིར་བཀའ་དོག་སྟེ་ད་ལྟ་བལ་ཡུལ་གཤེགས་པའི་ཞབས་ཐོག་མེད་པས་འགྲོ་ནུས་ན་གནང་འོང་ཟེར། པཎྜི་ཏ་དང་བླ་མ་གནམ་ལ་རྩེགས། དགྱེས་རྡོར་གྱི་རྩ་སྔགས་དང་ཡིག་བརྒྱ་ལ་ཞུ་དག་མཛད་གྱིན་བཞུགས་དུས་སུམ་པ་རྡོ་རྗེ་གཞོན་ནུས་ཞུ་སྣ་བྱས་ནས་ཞུས་པས། གསེར་ཐིག་པོ་དང་། གླ་རྩིའི་རྐྱལ་པ་མང་པོ་བསྟན་ནས། འདི་ཚོ་ཁྱོད་ལ་བསྐུར་ལ་ཁྱོད་བལ་ཡུལ་དུ་སླེབ་ཙ་ན་འདི་ཚོ་མགོ་ཐོན་ན། ང་བོད་ནས་འོང་། དེ་ནས་ཆོས་སྦྱིན་གསུང་ནས། བསྒོམས་པ་ཚུལ་ཁྲིམས་གྲགས་ལ་དཔེ་ཆ་ལེན་དུ་བྱོན་པས། ཁྱོད་གང་དུ་འགྲོ་ཟེར་བ་ལ་སྔར་གྱི་ལོ་རྒྱུས་བརྙད་པས། པཎྜི་ཏ་ལ་ཆོས་མི་ཁུགས། སྔར་གྱི་རྣམས་ཀྱིས་ཀྱང་མ་ཁུགས། དེ་བས་པཎྜི་ཏའི་ཆོས་མ་ལུས་པ་མཁྱེན་པ་ངེད་ཀྱི་བླ་མ་སྣོར་བཟངས་ན་བཞུགས་བྱས་པས། བློ་ནུར་ཏེ་སྟོན་པ་རྒྱལ་བ་འོད། སྒོམ་པ་དབང་བསོད། སྒོམ་པ་ཚུལ་གྲགས་རྣམས་ཀྱིས་ཞུ་སྣ་བྱས། ཞུ་རྟེན་དུ་གསེར་ཞོ་འགའ་ཞིག་དང་། དུང་

40a

༄༅།       །ཆོས་ལེགས་པ་གཅིག །ཀ་པ་ལ་གཅིག་ཕུལ་བས། ཁྱོད་ཀྱི་འདི་ཚོ་ལ་ཉེ་བཟང་། སོག་འདུལ་བ་འཛིན་པ་དེ་བཙུན་པ་ཟས་ཟ་མི་ཤེས་གོས་གྱོན་མི་ཤེས་པ་ཐམས་ཅད་ལ་ཞལ་ཆོས་ཕ་ལྟར་བྱེད་པ་ཡིན་ཟེར་དེའི་ཐུགས་ཟིན་ཁྱོད་ཡིན་བར་འདུག་པས། ཡོན་ཏན་གཅིག་ཡོད་པ་ཡིན་ཏེ་འོང་གསུངས་ནས་ཆོས་གནང་བར་ཞལ་གྱིས་བཞེས། བླ་མ་དགུང་ལོ་བདུན་ཅུ་རྩ་གཉིས་ལོན་པ་དང་ཞལ་མཇལ་ཏེ། ལོ་བཞི་བར་མེད་དུ་བཞུགས་ཏེ་དུས་འཁོར་དང་། མཚན་བརྗོད་མན་ངག་གི་བཤད་པ་དང་། སྒྲོན་གསལ་ལགས་པ་གསན་ཆོས་ཀྱི་གཏད་སོར་དགོངས་ནས་བསྙུང་བ་བག་ཙམ་བྱུང་བ་ན། རྩང་སྟོན་འདིའི་ཆོས་མ་ཚར་བར་དུ་ང་མ་བསད་ཅེས་མཁའ་འགྲོ་མ་ལ་གསོལ་བ་བཏབ་ནས་གདམས་པ་ཐམས་ཅད་གནང་། དགུང་ལོ་ལྔ་བཅུ་ནས་བརྒྱད་ཅུའི་བར་དུ་བཞུགས་ནས་གསུངས་པས་དར་ཞིང་རྒྱས་པར་མཛད། དེའི་དགུང་ལོ་ལྔ་བཅུ་རྩ་ལྔའི་སྲས་དྷརྨེ་ཤྭ་ར་སྔོན་གྱི་བག་ཆགས་ཀྱིས་སློབ་གཉེར་ཆུང་ངུ་ལ་མཛད། ལོ་བཅུ་གཉིས་ལོན་ནས་དབང་མདོར་བསྟན་གསུངས། ལོ་བཅུ་དྲུག་པ་ནས་འགྲེལ་ཆེན་གསུངས། གཞན་ཡང་སྤྱོད་ཕྱོགས་དང་ལམ་རིམ་དང་སྔགས་ཀྱི་སྒྲུབ་ཐབས་མང་པོ་རྣམས་དགུང་ལོ་སུམ་ཅུའི་བར་དུ་སློབ་གཉེན་མཛད། གཞན་ལའང་ཕན་པ་རྒྱ་ཆེན་པོ་བྱུང་། དེའི་སློབ་མ་ནམ་མཁའ་འོད་ཀྱིས་འགོས་དབང་བཙན་ལ་རིགས་ཚོགས་ལ་སོགས་པ་གསན། བླ་མ་དྷརྨ་ཤྭ་རྭ་ལ་དུས་འཁོར་འགྲེལ་ཆེན་ལ་སོགས་པ་གདམས་པ་དང་གཞུང་བཤད་མང་དུ་གསན། སྲས་དྷརྨ་ཤྭ་རའི་སྲས་གྲུབ་ཐོབ་ནམ་མཁའ་རྒྱལ་མཚན་གྱིས་ཀྱེའི་རྡོ་རྗེ་དང་། དུས་འཁོར་

40b

སོགས་གཞུང་གདམས་ངག་དང་བཅས་པ་མ་ལུས་པར་གསན། དེ་ལ་ཕར་ཚད་མངོན་པ་ལགས་ལ་མངའ་བརྙེས་པ་འཇམ་གསར་གྱིས་གཡས་རུ་སྨོན་མཁར་གྱི་གྲོང་ཆུང་དགོན་པར་དབང་ཞུས་རྒྱུད་འགྲེལ་དང་ཆ་ལག་གདམས་པ་མ་ལུས་པར་གསན། དེ་ལ་བླ་མ་རྒ་ལོས་གསན་ནོ། །