བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༤༽.བཏགས་པའི་དགོས་པ།
Previous Chapter
Next Chapter

(༤༽.བཏགས་པའི་དགོས་པ།)

བཞི་པ་ནི། རྒྱ་གར་གྱི་སྐད་གྱིས་བཏགས་པའི་དགོས་པ་སྐད་དེའི་བག་ཆགས་འཇོག་ཅིང་། དེའི་མིང་དོན་བརྡ་འཕྲོད་པར་འགྱུར་བ་དང་། བོད་སྐད་དུ་བཏགས་པས། དབང་པོ་རྣོན་པོས་རྒྱུད་འགྲེལ་གྱི་དོན་ཡོངས་སུ་རྫོགས་པར་ཤེས་ཤིང་། འབྲིང་པོས་རྣམ་པ་གོ། །རྟུལ་པོས་ཀྱང་མིང་དོན་བརྡ་འགྲེལ་ཤེས་པར་འགྱུར་བའོ། །གཉིས་ཀའི་སྐད་ཐོག་མར་སྨོས་པས་སྤྱིར་ཆོས་བཙལ་བླ། སྐད་གཉིས་མིང་རྣམ་གྲངས་པར་ཤེས་པ་ལགས་པའི་དགོས་པ་ཡོད་དོ། །