༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དང་པོ། དམྱལ་བའི་འགྲོ་དོན་མཛད་པའི་ལེའུ།
Previous Chapter
Next Chapter
1-1a

༄༅༔ ༔ལྷ་འདྲེ་བཀའི་ཐང་ཡིག་བཞུགས་སོ༔

1-1b

(ལེའུ་དང་པོ། དམྱལ་བའི་འགྲོ་དོན་མཛད་པའི་ལེའུ།)

༄༅༅༔       ༔ཐྲཐགརྐཱཐ༔ རྒྱ་གར་སྐད་དུ༔ ཨ་མ་ནུ་ཛྙཱ་ན་ནཱ་མ༔ བོད་སྐད་དུ༔ ལྷ་འདྲེ་བཀའི་ཐང་ཡིག་ཅེས་བྱ་བ༔ འཛམ་གླིང་ཐེག་དགུ་སྟོན་ལ་ཕྱག་འཚལ་ལོ༔ འདྲེན་པའི་སྐྱེས་བུ་ཀོ་ཤའི་མཚོ་ལས་བྱོན༔ དྲི་མེད་མདངས་ལྡན་དཔག་ཚད་འབུམ་ཕྲག་གཅིག༔ དབྱིབས་ཟླུམ་འཁྱིལ་བ་མཚོ་རྒྱ་ཆེ་ལ་དངས༔ རྒྱ་གར་མཛད་པ་བཅུ་གཅིག་གཞན་དུ་ཤེས༔ བོད་དུ་

1-2a

༄༅༔       ༔གྲགས་པའི་མཛད་པ་བཅུ་གཅིག་ལ༔ འགྲོ་དྲུག་དོན་མཛད་བརྒྱད་ལྔ་ཆེ་བ་མཛད༔ ལྷ་འདྲེ་བཏུལ་མཛད་གཙུག་ལག་ཁང་བཞེངས་མཛད༔ མདོ་རྒྱུད་བསྒྱུར་མཛད་འཕྲིན་ལས་རྣམ་བཞི་མཛད༔ སྦྱོར་སྒྲོལ་གཉིས་མཛད་མནན་བསྲེགས་འཕང་གསུམ་མཛད༔ དུས་བཞི་མཁྱེན་མཛད་བསྟན་ཞབས་གཏེར་སྐྱོང་མཛད༔ རྒྱ་བོད་དྲིན་ཆེ་གང་ལ་གང་འདུལ་མཛད༔ དང་པོ་

1-2b

འགྲོ་དྲུག་དོན་གྱི་མཛད་ཚུལ་ནི༔ སྐུ་མཆོག་སྐུ་ཡི་མཚན་མཆོག་པདྨ་འབྱུང་༔ ཡབ་མེད་ཡུམ་མེད་ཨུ་དུམྦ་རའི་ཚལ༔ ལོ་སྐོར་རེ་ན་གསར་རྙིང་བརྗེས་ནས་སྐྱེ༔ ཉིན་པར་གཏིང་དུ་བྱིང་བས་མདངས་དང་ལྡན༔ མཚན་མོར་ཁ་རུ་འཐོན་པས་འོད་དང་ལྡན༔ སྡོང་པོ་དཔངས་ཀྱིས་མི་འཁྱུད་གེ་སར་སྡོང་༔ མི་ཏོག་རིས་བྱེད་མི་འདྲ་ལྔ་རུ་སྐྱེས༔ བྲམ་ཟེའི་མེ་ཏོག་དམར་པོའི་ནང་དབུས་སུ༔ སྣང་བ་མཐའ་ཡས་ཐུགས་ཀའི་ས་བོན་ཧྲཱི༔ འོད་དུ་ཞུ་བས་བརྫུས་སྐྱེས་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་ཞི་ཞིང་རབ་ཏུ་ཞི༔ དེ་ལ་སྤྲིན་གྱི་གསེབ་ནས་ལྷ་རྣམས་ཀུན༔ རོལ་མོ་སྣ་ཚོགས་ཀྱིས་ནི་མཆོད་པ་འབུལ༔ མཁའ་འགྲོ་མང་པོ་བར་སྣང་གར་ནི་བསྒྱུར༔ ལྷ་སྲིན་སྡེ་བརྒྱད་མཚོ་འགྲམ་སྐོར་བ་བྱེད༔ མེ་ཏོག་རིན་པོ་ཆེ་ཡི་ཆར་ཆེན་འབེབས༔ ཀླུ་ཆེན་བརྒྱད་རྣམས་པད་སྡོང་སྐོར་བ་བསྐོར༔ ནོར་བུ་རིན་ཅེན་མང་པོ་འཐོར་བར་བྱེད༔ གུ་རུ་གསང་སྔགས་ཆེ་བའི་

1-3a

༄༅༔       ༔མཆོག༔ པདྨ་རྒྱས་པའི་གདན་ལ་བཞུགས༔ ཟག་བཅས་མངོན་པར་ཤེས་པ་ལྔ༔ ཐུན་མོང་མངོན་པར་ཤེས་པ་ལྔ༔ ཁྱད་པར་མངོན་པར་ཤེས་པ་ལྔ༔ བླ་མེད་མངོན་པར་ཤེས་པ་ལྔ༔ རྫུ་འཕྲུལ་མངོན་པར་ཤེས་པ་ལྔ༔ འདས་པའི་མངོན་པར་ཤེས་པ་ལྔ༔ མ་འོངས་མངོན་པར་ཤེས་པ་ལྔ༔ ད་ལྟའི་མངོན་པར་ཤེས་པ་ལྔ༔ མ་ངེས་མངོན་པར་ཤེས་པ་ལྔ༔ ཞབས་གཉིས་མཐིལ་ནས་ཡི་གེ་དུ་ནག་གཉིས༔ ཞེ་སྡང་ཁོང་ཁྲོ་དམྱལ་བའི་གནས་སུ་འཕྲོས༔ ཐབས་ལ་མཁས་པའི་རྣམ་པར་གནོན་དུ་གྱུར༔ ལས་ཀྱི་དབང་གིས་དམྱལ་བའི་་སེམས་ཅན་འདྲེན༔ བདེ་མཆོག་དུས་ཀྱི་སྙིང་པོ་དགེ་བའི་མཆོག༔ དོན་དམ་བདེ་སྟོང་ངང་ལས་མི་གཡོ་བས༔ བདེ་བའི་དངོས་གྲུབ་སྨྲ་བསམ་ཚིག་ལས་འདས༔ ཚ་གྲང་ཐམས་ཅད་ཀུན་ལ་ཕན་འདོགས་པའི༔ ནག་པོ་སྤྱོད་པ་བསམ་པ་ཡིད་བཞིན་འགྲུབ༔ གྲང་དམྱལ་བརྒྱད་ཀྱི་སྡུག་

1-3b

བསྔལ་མྱ་ངན་འདས༔ གཟི་བརྗིད་འོད་འབར་བདེ་བའི་ངང་ལ་བཀོད༔ འཆལ་པ་མེད་པའི་ཚུལ་ཁྲིམས་ཆེན་པོར་ལྡན༔ བི་རཱུ་པ་ནི་ཚ་དམྱལ་བརྒྱད་སྒྲིབ་སྦྱོང་༔ བཏང་སྙོམས་མེད་པའི་བརྩོན་འགྲུས་གསུམ་དང་ལྡན༔ པདྨ་ཀུན་སྒྱུར་ཉི་ཚེ་ཉེ་འཁོར་སྦྱོང་༔ འགྱུར་ལྡོག་མེད་པ་བསམ་གཏན་ཆེན་པོའི་ངང་༔ ཁྱིའུ་ཆུང་མཁའ་ལྡིང་མནར་མེད་དམྱལ་བ་འཇོམས༔ དམྱལ་བའི་འགྲོ་ཀུན་རང་སེམས་རང་གིས་བསྲེག༔ བདག་ཕྱོགས་མེད་པའི་སྙིང་རྗེ་ཆེན་པོས་ཕྱུག༔ ས་ར་ཧ་ནི་རྡོ་རྗེ་དམྱལ་བར་འགྲོ༔ དམྱལ་བའི་འགྲོ་དོན་མཛད་པའི་ལེའུ་སྟེ་དང་པོའོ༔ ཐྲཐཉྲརྦྱ།རྦྱ།༔