༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དྲུག་པ། ལྷའི་འགྲོ་དོན་མཛད་པའི་ལེའུ།
Previous Chapter
(ལེའུ་དྲུག་པ། ལྷའི་འགྲོ་དོན་མཛད་པའི་ལེའུ།)
དཔེ་བྱད་བརྒྱད་ཅུའི་རང་བཞིན་སྤྱི་བོ་ནས༔ ཡི་གེ་སུ་དཀར་ལྷ་ཡི་ཡུལ་དུ་འཕྲོས༔ ཐད་ཕྱོགས་དགའ་བདེས་ལོངས་སྦྱོད་སྣང་སྲིད་གང་༔ མ་ལུས་གུ་རུ་སྲིད་ཐུབ་འཛིན་གྱི་ཞིང་༔ ཅིར་སྣང་ཆོས་སྐུ་རྫོགས་ཆེན་གཞལ་ཡས་ཁང་༔ ཆོས་ཀྱི་འབྱུང་གནས་ཨ་ནུའི་གཞལ་ཡས་ཁང་༔ རིག་པའི་འབྱུང་གནས་མ་ཧཱའི་གཞལ་ཡས་ཁང་༔ དགའ་བའི་འབྱུང་གནས་ཡོ་གའི་གཞལ་ཡས་ཁང་༔ ཆགས་མཆོག་འབྱུང་གནས་ཨུ་པའི་གཞལ་ཡས་ཁང་༔ ཡོན་ཏན་འབྱུང་གནས་ཀྲི་ཡའི་གཞལ་ཡས་ཁང་༔ ཤེས་རབ་འབྱུང་གནས་དབུ་མའི་གཞལ་ཡས་ཁང་༔ ཡེ་ཤེས་འབྱུང་གནས་སེམས་ཙམ་གཞལ་ཡས་ཁང་༔ དྲི་མེད་འབྱུང་གནས་ཉན་ཐོས་གཞལ་ཡས་ཁང་༔ ཆོས་སྒོ་གསལ་བྱེད་ཐེག་པའི་ལམ་ཕྱེ་ནས༔ བློ་ཡི་བག་ཆགས་འཁྲུལ་པའི་རྟོག་པ་སངས༔ ལྷའི་
1-6b
འགྲོ་དོན་མཛད་པའི་ལེའུ་སྟེ་དྲུག་པའོ༔ ༔ཐྲཐཉྲརྦྱ།རྦྱ།༔