(ལེའུ་ཉེར་གསུམ་པ། བསྟན་ཞབས་གཏེར་སྐྱོང་མཛད་པའི་ལེའུ།)
རྒྱལ་བའི་དགོངས་བརྒྱུད་མ་བསུབས་
པ༔ རིགས་འཛིན་བརྡ་བརྒྱུད་མ་ཆད་པ༔ ཐུགས་རྗེའི་བྱིན་བརྒྱུད་མ་བསྐམས་པ༔ མཁའ་འགྲོའི་བཏད་བརྒྱུད་མ་ཟགས་པ༔ ལུང་བསྟན་སྨོན་བརྒྱུད་མ་འཕྱུགས་པ༔ གྲུབ་ཐོབ་ཀྱི་དངོས་གྲུབ་མ་བོ་བ༔ གང་ཟག་བཀའ་བརྒྱུད་མ་ཉམས་པ༔ ལས་ཅན་སྙན་བརྒྱུད་མ་བྱི་བ༔ གཏེར་བདག་ཚིག་བརྒྱུད་མ་སླད་པ༔ སྐལ་ལྡན་དོན་བརྒྱུད་མ་ཤོར་བ༔ གསང་གཏེར་བཅུ་དྲུག་གཏེར་ཕྲན་བཞི༔ ཐུགས་གཏེར་ལྔ་དང་དགོངས་གཏེར་གསུམ༔ གཏེར་ཁ་ཉེར་བརྒྱད་གཏེར་དུ་སྦས༔ དགོངས་གཏེར་གསུམ་ནི་ཇོ་མོ་གླིང་གསུམ་སྦས༔ རྒྱལ་པོའི་ཐང་ཡིག་དགེ་རྒྱས་བྱེ་མ་གླིང་༔ བཙུན་མོའི་ཐང་ཡིག་ཁམས་གསུམ་ཟངས་ཁང་གླིང་༔ ལྷ་འདྲེའི་ཐང་ཡིག་བུ་ཚལ་གསེར་ཁང་གླིང་༔ ཐུགས་གཏེར་ལྔ་ནི་གླིང་བཞི་གླིང་ཕྲན་སྦས༔ ཝརྞ་གཟོ་ཐབས་ཕན་གནོད་བཻ་ཙ་གླིང་༔ ཆུ་གཏེར་དང་ནི་ཕྱིར་ཟློག་རྒྱ་གར་གླིང་༔ ཚོགས་རྒྱུད་འདུས་པ་ཚང་མར་གླིང་དུ་སྦས༔ རླུང་འཁོར་བསྟན་སྲུངས་
༄༅༔ ༔དཔེ་ཀར་གླིང་དུ་སྦས༔ གསང་སྔགས་གསང་བའི་གཏེར་ཁ་བཅུ་དྲུག་ནི༔ ཞི་དྲག་སྐོར་བཅུ་ཡར་ཀླུངས་ཤེལ་བྲག་ཕུག༔ ཐུན་མོང་ལྔ་དང་ཁྱད་པར་ལྔ་སོགས་གཏེར༔ ཟུང་མཁར་རྡོ་ཡི་མཆོད་རྟེན་དབུས་ལ་སྦས༔ འདུས་པ་བཞི་དང་ཟུར་པ་བཞི་ལ་སོགས༔ གྲ་ཡི་གཡུ་སྒོང་བྲག་ལ་གཏེར་དུ་སྦས༔ གཉིས་པ་རྒྱ་མཚོ་འོན་གྱི་སྟག་ཚང་ཕུག༔ གཏེར་གཏད་བཀའ་དབང་རབ་འབྱམས་རྣམ་སྣང་རྒྱབ༔ སྙན་བརྒྱུད་རྣམ་སྲས་ཡུམ་བུ་བླ་མཁར་སྦས༔ ཆར་འབུམ་ཞི་དྲག་འདུས་པ་ཤམ་པོ་གངས༔ ཕྱག་རྡོར་རྟ་མགྲིན་ཁྱུང་སྒྲུབ་ཕོ་ལྕོག་བྲག༔ དེ་དག་གསང་གཏེར་ཕ་བཞི་མ་བཞིའོ༔ ད་ནི་གསང་གཏེར་བུ་བཞི་བུ་མོ་བཞི༔ སྤུ་གུ་རྡོ་འབུམ་མོན་མཁར་མགོན་པོ་གདོང་༔ སྐྱིད་པོ་རི་གདོང་ཟངས་ཀྱི་མཚོ་བྲག་བཞི༔ བསམ་ཡས་མཆིམས་ཕུ་རུ་ར་མཆོད་རྟེན་འཁོར༔ གསལ་རྗེ་གངས་ལྷོ་ལྷ་ཡུལ་ཕུག་པའི་ནང་༔ འོལ་དྭགས་མཚམས་ཀྱི་
ལུང་གསུམ་དཀར་མོ་ལྗོངས༔ བསྟན་ཞབས་གཏེར་སྐྱོང་མཛད་པའི་ལེའུ་སྟེ་ཉེར་གསུམ་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔