༄༅། །བཀའ་ཐང་སྡེ་ལྔ།
ལེའུ་གསུམ་པ། འཁོར་ལོས་སྒྱུར་རྒྱལ་ཇི་ལྟར་བྱོན་པའི་ལེའུ།
Previous Chapter
Next Chapter

(ལེའུ་གསུམ་པ། འཁོར་ལོས་སྒྱུར་རྒྱལ་ཇི་ལྟར་བྱོན་པའི་ལེའུ།)

འཁོར་ལོས་སྒྱུར་རྒྱལ་ཇི་ལྟར་བྱོན་པ་ནི༔ གདུང་བརྒྱུད་རྒྱལ་པོའི་ལོ་རྒྱུས་མཚོན་པ་ལ༔ སྔོན་ཐོག་བསྐལ་པ་བཟང་པོ་སྔ་དུས་ན༔ ཟས་སུ་ས་ཞག་ས་ལུ་ཟ་བ་ཡི༔ སྐྱེ་རྒུས་ཚེ་ལོ་གྲངས་ཡོད་ཐུབ་པའི་དུས༔ མི་ཡི་མིང་དུ་སེམས་ཅན་ཞེས་པ་ལས༔ སེམས་ཅན་གཟུགས་བཟང་ཆེ་བའི་མཆོག་ཅིག་ལ༔ ཀུན་གྱིས་བཀུར་ནས་རྒྱལ་པོ་མངའ་ཡང་གསོལ༔ རྒྱལ་པོ་མང་པོས་བཀུར་བ་ཞེས་བྱར་གྲགས༔ སྐུ་མཆོག་མཛེས་པ་ལྟ་བས་ཆོག་མི་ཤེས༔ ཀ་ལ་པིང་ཀ་ཡན་

2-18b

ལག་བརྒྱད་ལྡན་གསུང་༔ ཐུགས་དགོངས་སྒམ་པོ་ཀླུ་བཟང་འཕྲུལ་བག་ལྡན༔ ལེགས་ལ་དགེ་སྦྱིན་ཉེས་ལ་འགལ་ཁྲིམས་གཅོད༔ བཀའ་ལུང་རྟགས་ཆེན་རྒྱལ་པོའི་ས་མནན་ནས༔ ཞིང་དང་སེམས་ཅན་ཀུན་ལ་དབང་བསྒྱུར་ཅིང་༔ གླིང་ཁམས་སེམས་ཅན་ཀུན་ལ་དབང་མཛད་སྐད༔ གདུང་བརྒྱུད་རིམ་པ་གསེར་གྱི་འཁོར་ལོ་བསྣམས༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ནས་བྱུང་༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁྲུངས་པའི་ཚེ༔ རིན་ཆེན་སྣ་བདུན་ས་ཡི་གཏེར་དུ་འབྱུང་༔ ཚོགས་ཆེན་རྫོགས་པའི་ནོར་གྱི་དབང་སྐལ་ལ༔ ཐོག་མར་ནོར་བུ་རིན་ཅེན་འབྱུང་བར་འགྱུར༔ ཐུགས་དགོངས་བསམ་འཕེལ་ལོངས་སྤྱོད་སྣ་ཚོགས་འབྱུང་༔ དེ་ནས་བཙུན་མོ་རིན་ཅེན་འབྱུང་བར་འགྱུར༔ ལྟ་བའི་གཟུགས་མཛེས་སེམས་འཕྲུལ་ཀུན་དང་ལྡན༔ དེ་ནས་བློན་པོ་རིན་ཅེན་འབྱུང་བར་འགྱུར༔ སྨྲ་བ་མི་དགོས་སྤྱན་དྲིག་དོན་རྣམས་གོ༔ དེ་ནས་རྟ་མཆོག་རིན་ཆེན་འབྱུང་

2-19a

༄༅༔      ༔བར་འགྱུར༔ བགྲོད་པའི་གནས་སུ་སྐད་ཅིག་ཙམ་ལ་ཕྱིན༔ དེ་ནས་དམག་དཔོན་རིན་ཅེན་འབྱུང་བར་འགྱུར༔ ཕ་རོལ་རྒོལ་བའི་དཔུང་རྣམས་རབ་ཏུ་འཇོམས༔ དེ་ནས་གླང་པོ་རིན་ཅེན་འབྱུང་བར་འགྱུར༔ སྟོབས་ཆེན་རྒྱལ་པོའི་དཔུང་ཚོགས་རབ་ཏུ་འདེགས༔ དེ་ནས་ཁྱིམ་བདག་རིན་ཅེན་འབྱུང་བར་འགྱུར༔ འདོད་ཡོན་རྒྱས་པའི་ཕུན་ཚོགས་སྒོ་མོ་འབྱེད༔ སྐྱེ་རྒུས་ཚེ་ལོ་དྲུག་ཁྲི་ཐུབ་པའི་དུས༔ འཁོར་ལོས་སྒྱུར་རྒྱལ་མཆོག་སྦྱིན་ཞེས་བྱ་བྱོན༔ གླིང་དང་སེམས་ཅན་ཀུན་ལ་དབང་ཡང་བྱེད༔ མི་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པའི་དུས༔ འཁོར་ལོས་སྒྱུར་རྒྱལ་ཙན་དྷུ་ཞེས་བྱ་བྱོན༔ གླིང་དང་སེམས་ཅན་ཀུན་ལ་དབང་ཡང་བྱེད༔ མི་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས༔ འཁོར་ལོས་སྒྱུར་རྒྱལ་ཀྲྀ་ཀི་ཞེས་བྱ་བྱོན༔ གླིང་དང་སེམས་ཅན་ཀུན་ལ་དབང་ཡང་བྱེད༔ མི་རྣམས་ཚེ་ལོ་བརྒྱ་པར་གྱུར་པའི་ཚེ༔ རྒྱལ་པོ་ཟས་གཙང་བྲེ་བོ་བདུད་

2-19b

རྩི་ཟས༔ ཞིང་ཁམས་སེམས་ཅན་ཀུན་ལ་དབང་ཡང་བྱེད༔ རྒྱལ་བུ་སྒྲ་གཅན་རབ་བྱུང་རྒྱལ་སྲིད་སྤངས༔ གདུང་བརྒྱུད་དགུ་ཁྲི་དགུ་བརྒྱ་དགུ་སྟོང་གི༔ རྒྱལ་བརྒྱུད་སྒྲ་གཅན་ཡན་ཆད་ཡིན་ཞེས་གསུང་༔ འཁོར་ལོས་སྒྱུར་རྒྱལ་ཇི་ལྟར་བྱོན་པའི་ལེའུ་སྟེ་གསུམ་པའོ༔       ༔ཐྲཐ྅རྦྱ།རྦྱ།༔       ༔