༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བརྒྱད་པ། ལོ་པཎ་སྐྱེས་བུ་ཇི་ལྟར་བྱོན་པའི་ལེའུ།
Previous Chapter
Next Chapter

(ལེའུ་བརྒྱད་པ། ལོ་པཎ་སྐྱེས་བུ་ཇི་ལྟར་བྱོན་པའི་ལེའུ།)

ལོ་པཎ་སྐྱེས་བུ་ཇི་ལྟར་བྱོན་པ་ནི༔ འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས་དབང་གིས༔ སྐུ་ཡི་སྤྲུལ་པ་རྒྱལ་པོའི་རྟགས་འཛིན་པ༔ ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ༔ ལོ་ཙཱ་ཐུ་མི་སམྦྷོ་ཊ་ཞེས་བྱོན༔ ཆོས་བསྒྱུར་པིར་ཐོགས་ཡི་གེ་དེ་ནས་བྱུང་༔ དམ་ཆོས་སྤྱོད་པའི་མངའ་སྲོལ་དཀྱུས་ལ་ཕབ༔ ཆོས་རྒྱལ་འཇམ་དབྱངས་རྒྱལ་པོའི་སྐུའི་སྤྲུལ་པ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ༔

2-37a

༄༅༔      ༔ལོ་ཙཱ་སྤ་གོར་བཻ་ར་ཙ་ན་བྱོན༔ རྒྱ་གར་ཐེག་ཆེན་དམ་ཆོས་བོད་དུ་བསྒྱུར༔ ཟ་ཧོར་ཡུལ་ན་མཁས་པར་གྲགས་པ་ཡི༔ བོ་དྷི་ས་ཏྭ་བོད་དུ་གདན་དྲངས་ནས༔ ལོ་ཙཱ་མཁས་པ་སྐ་བ་དཔལ་བརྩེགས་ཀྱིས༔ མཁན་པོ་བོ་དྷི་ས་ཏྭའི་གསུང་བགྲོས་བསྒྱུར༔ རྒྱ་ནག་ཡུལ་ན་མཁས་པར་གྲགས་པ་ཡི༔ ཧྭ་ཤང་མ་ཧཱ་ཡ་ན་གདན་དྲངས་ནས༔ རྒྱ་ནག་སྨན་དང་འབྱུང་བའི་རྩིས་ལ་སོགས༔ ལོ་ཙཱ་སྣ་ནམ་ས་ལ་བཙུན་གྱིས་བསྒྱུར༔ ཨོ་རྒྱན་ཡུལ་དུ་མཁས་པར་གྲགས་པ་ཡི༔ པདྨ་འབྱུང་གནས་བོད་དུ་གདན་དྲངས་ནས༔ གསང་སྔགས་ཟབ་མོ་བདེ་གཤེགས་འདུས་པའི་ཆོས༔ མན་ངག་ཟབ་མོ་དཔག་མེད་གསུངས་པ་རྣམས༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་དང་༔ ལོ་ཙཱ་ཆེན་པོ་ལྡན་མ་རྩེ་མང་གིས༔ སྒྲ་བསྒྱུར་རྒྱ་གར་གླིང་དུ་བསྒྱུར་ཅིང་བཀོད༔ རྒྱ་གར་ཡུལ་ན་ཆེ་ཞིང་མཁས་པ་ཡི༔ པཎ་ཆེན་བི་མ་མི་ཏྲ་གདན་

2-37b

དྲངས་ནས༔ ལོ་ཙཱ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་༔ སྐད་སྣ་བདུན་ལ་མཁས་པར་སྦྱངས་པ་ནི༔ གནུབས་ཀྱི་ལོ་ཙཱ་སངས་རྒྱས་ཡེ་ཤེས་ཀྱིས༔ རྒྱ་གར་མཁས་པའི་དམ་ཆོས་བོད་དུ་བསྒྱུར༔ གཞན་ཡང་སློབ་དཔོན་པདྨའི་ཞལ་སྔ་ནས༔ ལོ་ཙཱ་གནུབས་བན་ནམ་མཁའི་སྙིང་པོ་དང་༔ ལོ་ཙཱ་ཡེ་ཤེས་ཛྙཱ་ན་ཀུ་མཱ་ར༔ ལོ་ཙཱ་རིན་ཅེན་མཆོག་ལ་སོགས་པ་ཡིས༔ གསང་སྔགས་དོན་དམ་འབྲས་བུའི་དམ་ཆོས་བསྒྱུར༔ ལོ་པཎ་སྐྱེས་བུ་ཇི་ལྟར་བྱོན་པའི་ལེའུ་སྟེ་བརྒྱད་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔