༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དགུ་པ། བོད་དུ་དམ་ཆོས་ཇི་ལྟར་དར་བའི་ལེའུ།
Previous Chapter
Next Chapter

(ལེའུ་དགུ་པ། བོད་དུ་དམ་ཆོས་ཇི་ལྟར་དར་བའི་ལེའུ།)

བོད་དུ་དམ་ཆོས་ཇི་ལྟར་དར་བ་ནི༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ༔ བསམ་ཡས་བརྩིག་པའི་ས་གཞི་འདུལ་བ་ལ༔ ཟ་ཧོར་ཡུལ་ན་མཁས་པར་གྲགས་པ་ཡི་༔ སློབ་དཔོན་བོ་དྷི་ས་ཏྭ་གདན་དྲངས་ནས༔ ས་གཞི་བཏུལ་བས་ཐུལ་བར་མ་གྱུར་ནས༔ པདྨ་འབྱུང་གནས་གདན་འདྲེན་ལུང་ཡང་བསྟན༔ པདྨ་འབྱུང་གནས་

2-38a

༄༅༔      ༔བོད་དུ་བྱོན་ནས་ནི༔ ལྷ་སྲིན་སྡེ་བརྒྱད་མངར་བསྡུས་བྲན་དུ་བཀོལ༔ བྲག་དམར་བསམ་ཡས་རྒྱལ་པོའི་ཐུགས་དམ་བཞེངས༔ དམ་པའི་ཆོས་རྣམས་དར་བར་མཛད་པ་ལ༔ ཐོག་མར་མཁན་པོ་བོ་དྷི་ས་ཏྭ་ཡིས༔ ཞབས་འོག་སྡེའུ་བཏོན་ནས་དབུ་སྐྲ་བཅད༔ མཚན་ཉིད་སྡེ་དང་ཀྲྀ་ཡོག་སྡེ་གསུམ་གསུངས༔ དམ་ཆོས་བཤད་གྲྭའི་སྡེ་ཚན་བཙུགས་ནས་ནི༔ ཐེག་པ་སྤྱི་ཡི་བསྟན་པ་དར་བར་བྱས༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བསམ་ཡས་དབུ་རྩེའི་རབ་གནས་མཛད་པའི་དུས༔ ཐེག་ཆེན་ནང་གི་དམ་ཆོས་བཤད་པ་ལ༔ གསང་སྔགས་སྣོད་དུ་རུང་བར་བྱ་བའི་ཕྱིར༔ ཐུགས་ཀྱི་སྲས་དང་རྗེ་འབངས་རྒྱ་མཚོ་ལ༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེ་ནས༔ གསང་སྔགས་སྤྱི་བླུགས་ཆེན་པོའི་དབང་བསྐུར་ཚེ༔ ཐུགས་ཀྱི་སྲས་བརྒྱད་ཐོ་རངས་ལུང་བསྟན་མཛད༔ ལྷ་ཚོགས་བདུན་བརྒྱ་ཉེར་བདུན་ལྷ་བྲན་

2-38b

བཅས༔ མེ་ལོང་གཟུགས་བརྙན་བཞིན་དུ་ཞལ་བསྟན་ནས༔ མེ་ཏོག་གང་བབས་ལྷ་རྒྱུད་སྒྲུབ་ཐབས་གསུངས༔ བོད་ཀྱི་གནུབས་བན་ནམ་མཁའི་སྙིང་པོ་ལ༔ ཡང་དག་ཐུགས་ཀྱི་རྒྱུད་དང་སྒྲུབ་ཐབས་གསུངས༔ གནུབས་ཀྱི་བནྡེ་སངས་རྒྱས་ཡེ་ཤེས་ལ༔ འཇམ་དཔལ་སྐུ་དང་རྒྱུད་དང་སྒྲུབ་ཐབས་གསུངས༔ ངན་ལམ་བཙུན་པ་རྒྱལ་བ་མཆོག་དབྱངས་ལ༔ པདྨ་གསུང་གི་རྒྱུད་དང་སྒྲུབ་ཐབས་གསུངས༔ ལ་སེའི་སྤྲུལ་པ་ཇོ་མོ་མཚོ་རྒྱལ་ལ༔ ཕུར་པ་འཕྲིན་ལས་རྒྱུད་དང་སྒྲུབ་ཐབས་གསུངས༔ བནྡེ་འབྲོག་མི་དཔལ་གྱི་ཡེ་ཤེས་ལ༔ མ་མོ་རྦོད་གཏོང་རྒྱུད་དང་སྒྲུབ་ཐབས་གསུངས༔ གླང་ཆེན་དཔལ་གྱི་སེང་གེ་ཕྱི་མ་ལ༔ འཇིག་རྟེན་མཆོད་སྟོད་རྒྱུད་དང་སྒྲུབ་ཐབས་གསུངས༔ ལོ་ཙཱ་སྤ་གོར་བཻ་རོ་ཙ་ན་ལ༔ དམོད་པ་དྲག་སྔགས་རྒྱུད་དང་སྒྲུབ་ཐབས་གསུངས༔ མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ ཆེ་མཆོག་

2-39a

༄༅༔      ༔ཡོན་ཏན་རྒྱུད་དང་སྒྲུབ་ཐབས་གསུངས༔ བདེ་གཤེགས་ཀུན་འདུས་རྒྱུད་སྡེ་ལྔ་དང་ནི༔ བྱེ་བྲག་རྒྱུད་སྡེ་ཆེན་པོ་བཅུར་གསུངས་ཤིང་༔ ཆོས་ཚན་བརྒྱ་དང་སུམ་ཅུ་རྩ་བརྒྱད་གསུངས༔ གསང་སྔགས་ཆོས་སྒོ་དབང་ལ་ཐུག་པ་ལ༔ དབང་གི་ཆུ་བོ་རྒྱུན་ཆད་མེད་པ་དགོས༔ དབང་གི་ཆུ་བོ་ཆེན་པོ་བབས་ཚུལ་ནི༔ དེ་ལ་དང་པོ་འོག་མིན་ཆོས་དབྱིངས་སུ༔ སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་ཁང་༔ གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་ཀུན་ཏུ་བཟང་པོ་དང་༔ དུས་གསུམ་ཡུམ་ཆེན་ཀུན་ཏུ་བཟང་མོ་ཡིས༔ རིགས་ལྔ་རྒྱལ་བ་འཁོར་དང་བཅས་པ་ཡི༔ སྤྱི་བླུགས་རྒྱལ་ཐབས་ཆེན་མོའི་དབང་བསྐུར་ཏེ༔ ལོངས་སྤྱོད་རྫོགས་པའི་སྐུ་རུ་བྱིན་གྱིས་བརླབས༔ རིགས་ལྔའི་གཙོ་བོ་རྣམ་པར་སྣང་མཛད་ཀྱིས༔ སུམ་ཅུ་རྩ་གསུམ་ལྷ་གནས་ཆེན་པོ་ཡི༔ དགའ་ལྡན་

2-39b

རྣམ་པར་རྒྱལ་བའི་ཁང་བཟང་དུ༔ དམ་པ་ཏོག་དཀར་ལྷ་ལ་དབང་བསྐུར་ནས༔ ཐུབ་པ་ཆེན་པོ་དྲུག་ཏུ་བྱིན་གྱིས་བརླབས༔ འགྲོ་བ་རིགས་དྲུག་སྡུག་བསྔལ་སྨིན་པར་བྱས༔ དམ་ཆོས་ཐེག་པ་ཕྱི་ནང་བཀའ་སྩལ་ཏོ༔ མཁྱེན་རབ་བདག་པོ་འཇམ་དཔལ་རྣོན་པོ་དང་༔ སྒྲུབ་པའི་རིག་འཛིན་རྡོ་རྗེ་ཆོས་ཀྱིས་བསྡུས༔ བཀའ་སྩལ་དབང་བསྐུར་གཉེར་དུ་གཏད་པའི་དུས༔ གསང་སྔགས་ཐམས་ཅད་གསེར་གྱི་གླེགས་བམ་ལ༔ བཻ་ཌཱུར་ཞུན་མས་ཡི་གེའི་རིས་སུ་བྲིས༔ དར་ཟབ་རིན་ཅེན་གསེར་གྱིས་གྲིལ་ནས་བཞུགས༔ དེ་ཡང་དབང་གི་ཆུ་བོ་བཞི་རུ་བབས༔ དེ་ལ་རྒྱ་གར་དབང་གི་ཆུ་བོ་ནི༔ ཡི་དམ་ལྷ་ཡི་དབང་བསྐུར་ཐོབ་པ་དང་༔ བཀའ་རྟགས་པོ་ཏིའི་དབང་བསྐུར་ཐོབ་པ་དང་༔ རང་རིག་རྩལ་ཆེན་དབང་བསྐུར་ཐོབ་པ་དང་༔ དགེ་བའི་བཤེས་གཉེན་དབང་བསྐུར་ཐོབ་དང་བཞི༔ རྒྱ་གར་ཡུལ་གྱི་དབང་གི་ཆུ་བོ་ཡིན༔

2-40a

༄༅༔      ༔བཀའ་བརྒྱུད་པོ་ཏིའི་དབང་བསྐུར་ཐོབ་པ་ནི༔ རྒྱལ་པོ་ཛཿཞེས་ཨིནྡྲ་བོ་དྷི་ཡིན༔ མ་ལ་ཡ་ན་དགོངས་པ་མཛད་པའི་དུས༔ འཇམ་དཔལ་རྣོན་པོ་རྡོ་རྗེ་ཆོས་དང་ནི༔ གྲུབ་ཐོབ་རིག་འཛིན་ཆེན་པོ་རྣམས་ཀྱིས་སུ༔ རྒྱལ་པོ་ཆོས་ལ་ལས་འཕྲོ་སད་པར་གཟིགས༔ གླེགས་བམ་རྒྱུད་སྡེ་རྒྱལ་པོའི་ཁང་ཐོག་ཏུ༔ མཁའ་ལ་རང་བབས་ཚུལ་དུ་གདན་ཡང་དྲངས༔ ནུབ་མོ་རྒྱལ་པོ་མནལ་བའི་རྨི་ལམ་དུ༔ གླེགས་བམ་བཻཌཱུར་ཞུན་མའི་པོ་ཏི་ནི༔ ཕོ་བྲང་ཐོག་ཏུ་ཆར་ལྟར་བབས་པ་རྨིས༔ ནང་པར་གཟིགས་པས་དེ་བཞིན་ཁོ་ནར་གདའ༔ ཞལ་ཕྱེ་གཟིགས་པས་ཤེས་པར་མ་གྱུར་ནས༔ ཀུ་ཀུ་རཱ་ཛ་ཞེས་བྱའི་པཎྜི་ཏ༔ མཁྱེན་པ་ཅན་གྱི་སྤྱན་སྔར་བསྟན་གྱུར་ཀྱང་༔ བརྡ་ཡང་མ་འཕྲོད་ཤེས་པར་མ་གྱུར་ཏེ༔ ཀུ་ཀུ་རཱ་ཛས་སླར་ཡང་ཚུར་བརྫངས་ནས༔ བདག་གིས་བལྟས་

2-40b

ཀྱང་ཤེས་པར་མ་གྱུར་པས༔ རྒྱལ་པོ་ཉིད་རང་ལས་དང་སྐལ་བར་ལྡན༔ དགོངས་པ་དཔག་པར་ཞུ་ཞེས་སྤྱན་སྔར་བརྫངས༔ དེ་ནས་རྒྱལ་པོ་ཨིནྡྲ་བྷུ་ཏི་ཡིས༔ གསེར་གྱི་གླེགས་བམ་སྤྱི་བོར་ཞུགས་ནས་ནི༔ གདུང་བ་བསྐྱེད་ནས་ཞག་བདུན་བ་སྤུ་ཟིངས༔ མཆི་མ་གླགས་ཏེ་མཉམ་གཞག་དགོངས་པ་མཛད༔ ཞག་བདུན་ནངས་པར་གླེགས་བམ་ཞལ་ཕྱེ་བས༔ རྡོ་རྗེ་སེམས་དཔའི་ཞལ་མཐོང་ལེའུ་མཁྱེན༔ སླར་ཡང་ཉི་མ་ཉེར་གཅིག་མཉམ་གཞག་པས༔ རྒྱུད་སྡེ་བཅོ་བརྒྱད་དོན་རྣམས་ཁོང་དུ་ཆུད༔ གསང་སྔགས་དོན་ལ་མཁས་པར་གྱུར་པ་ཡི༔ ཕྱི་ནང་གསང་བའི་དོན་གྱི་དབང་རྣམས་ཐོབ༔ རྒྱལ་པོ་ཚོམ་བུ་ལྔ་ཡི་འཁོར་དང་བཅས༔ རྡོ་རྗེ་ལྟ་བུའི་ལུས་སུ་གྱུར་ནས་ནི༔ ཀུན་གྱིས་མཐོང་བར་མངོན་སུམ་སངས་རྒྱས་སོ༔ ཨིནྡྲ་བྷུ་ཏིས་ཨུ་པ་རཱ་ཛ་ལ༔ ཕྱི་ནང་གསང་བའི་དབང་རྣམས་

2-41a

༄༅༔      ༔རྫོགས་པར་བསྐུར༔ ཨུ་པ་རཱ་ཛས་ཨོ་རྒྱན་ཀོ་ཤ་རུ༔ ཨོ་རྒྱན་ཐོར་ཅོག་ཅན་ལ་དབང་ཡང་བསྐུར༔ དེ་ཡིས་སིང་གའི་ཡུལ་གྱི་རྒྱ་མཚོའི་འགྲམ༔ སིང་གའི་རྒྱལ་པོ་སིང་ག་རཱ་ཛ་ལ༔ ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར༔ ཟ་ཧོར་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ༔ ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར༔ ཁ་ཆེའི་མཁས་པ་མ་ཧཱ་རཱ་ཛ་ལ༔ ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར༔ རྒྱ་གར་ཡུལ་གྱི་གསེར་བྲག་བྱ་ཁྱུང་དུ༔ སློབ་དཔོན་ཆེན་པོ་ཧཱུཾ་ཆེན་ཀཱ་ར་ལ༔ ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར༔ དེ་རྣམས་ཐམས་ཅད་ཚོམ་བུ་ལྔ་བརྒྱར་བཅས༔ མངོན་སུམ་རྡོ་རྗེའི་ལུས་སུ་སངས་རྒྱས་སོ༔ ཁ་ཆེའི་མཁས་པ་མ་ཧཱ་རཱ་ཛ་ཡིས༔ རྒྱ་གར་ཡུལ་གྱི་ཤྲཱི་ནཱ་ལནྡྲར༔ པཎ་ཆེན་མཁས་པ་བི་མ་མི་ཏྲ་ལ༔ ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར༔

2-41b

ཡི་དམ་ལྷ་ཡི་དབང་བསྐུར་ཐོབ་པ་ནི༔ སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཡིན༔ དེ་ཡི་འཁྲུངས་ཚུལ་མདོ་ཙམ་བསྟན་པ་ནི༔ རྒྱ་གར་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ༔ སྲས་མོ་ལྷ་ལྕམ་གཡུང་དྲུང་སྐྱིད་ཅེས་ཡོད༔ དེ་ལ་མིག་སྔར་མདུན་གྱི་ནམ་མཁའ་ལ༔ གསེར་གྱི་རྨ་བྱས་སྐད་སྙན་ལན་གསུམ་བསྒྲགས༔ ཁ་ནས་ཤེལ་གྱི་ཁུ་འཕང་རྡོག་པོ་གསུམ༔ འགྲེལ་ནས་བུ་མོའི་ཐུགས་ཀར་ཐིམ་པ་ལས༔ ཟླ་དགུ་ངོ་དང་བཅུ་ན་སྲས་ཤིག་བལྟམས༔ བ་སྤུའི་ཁུང་ནས་ནང་པར་ཉི་ཟེར་ལ༔ བདེ་གཤེགས་མང་པོ་ཕྱི་རུ་གཤེགས་པ་དང་༔ དགོངས་མོ་བ་སྤུའི་ཁུང་དུ་བཞུད་པ་མཐོང་༔ ལྷ་སྲིན་མང་པོས་ཕྱག་དང་སྐོར་བ་བྱེད༔ མདུན་གྱི་མཁའ་ལས་བདེ་གཤེགས་གསུང་རྣམས་བྱོན༔ སེམས་ཅན་དོན་ལ་ཀུན་གྱིས་ལུང་ཡང་བསྟན༔ ལྷ་ལྕམ་ཉིད་ལ་དགེ་བའི་བསམ་པ་བྱུང་༔ སྲས་ལ་དགའ་རབ་རྡོ་རྗེར་མཚན་ཡང་བཏགས༔ དུས་

2-42a

༄༅༔      ༔གསུམ་སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས༔ གསང་སྔགས་བདག་ཉིད་རྡོ་རྗེ་སེམས་དཔའ་བྱོན༔ ཀློང་ཆེན་བམ་པོ་ཉི་ཁྲི་ཕྱག་ཏུ་གཏད༔ རྫོགས་ཆེན་སེམས་མདོ་བཅོ་བརྒྱད་གཏད་ནས་ནི༔ སེམས་ཉིད་མ་བཅོས་ཡེ་སངས་རྒྱས་པར་བཤད༔ སྐྱེ་འཆི་མེད་པའི་དབང་རྣམས་རྫོགས་པར་བསྐུར༔ པཎྜི་ཏ་ཡི་དབང་བསྐུར་ཐོབ་པ་ནི༔ སློབ་དཔོན་ཆེན་པོ་བི་མ་མི་ཏྲ་ཡིན༔ དེ་ཡི་འཁྲུངས་ཚུལ་མདོ་ཙམ་བསྟན་པ་ནི༔ རྒྱ་གར་རྒྱལ་པོ་དྷརྨ་རཱ་ཛ་ཡི༔ སྲས་མོ་ལྷ་ལྕམ་རིན་ཅེན་གསལ་ཞེས་ལ༔ རྨི་ལམ་བྱ་ཁྲ་གཡུ་ཡི་གཤོག་པ་ཅན༔ ལུས་ལས་འོད་ཟེར་སྣ་ལྔ་འཕྲོ་བ་ཡིས༔ དངུལ་བུམ་བདུད་རྩིས་བཀང་བ་སྤྱི་བོར་བཞག༔ བདུད་རྩི་སླུད་པས་བདེ་བས་གང་བ་རྨིས༔ ཟླ་བ་བཅུ་ནས་ཁྱེའུ་བཙས་པ་ན༔ བདག་ཉིད་སྐྱེས་པ་སྤངས་པའི་བུད་མེད་ལ༔ ཕ་མེད་བུ་ནི་ཤིན་ཏུ་གནོང་བར་འདུག༔ གཡོག་མོ་

2-42b

བུ་འདི་བས་མཐར་བོར་ལས་ཤོག༔ གཡོག་མོས་བྱེ་མའི་ཁུང་དུ་བོར་བ་ལས༔ མིག་འབུར་བཀྲ་བ་ཧྲིག་ཧྲིག་འདུག་ནས་ནི༔ རྨི་ལམ་ལྟར་བྱས་སྤྲུལ་སྐུར་སྲིད་སྙམ་ནས༔ སླར་བླངས་བསོས་པས་སྤྲུལ་པའི་སྐུ་རུ་བྱོན༔ ལྔ་བརྒྱའི་ནང་ནས་མཁས་པ་ཆེན་པོར་གྱུར༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ རྒྱ་གར་ཆོས་སྐྱོང་དྷརྨ་རཱ་ཛའི་དྲུང་༔ ཡར་ཀླུངས་གཉགས་བན་ཛྙཱ་ན་ཀུ་མཱ་ར༔ ལོ་ཙཱ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་༔ ཨ་ཙཪྻ་རིན་ཆེན་མཆོག་སྟེ་མི་གསུམ་ལ༔ གསེར་བྱེ་གླ་བའི་རླིད་བུ་གང་བརྫངས་ནས༔ དངུལ་ལ་གསེར་གྱིས་བྲིས་པའི་ཡི་གེ་ལ༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་ཁྱོད་ལ་ནི༔ སྐུ་ཡི་བླ་མཆོད་མཁས་པ་པཎྜི་ཏ༔ རིག་གནས་མཐར་ཕྱིན་གྲུབ་པར་མངའ་བརྙེས་པ༔ མཆོག་ཏུ་གྱུར་པ་ལྔ་བརྒྱ་བཞུགས་སྐད་པས༔ བདག་ལ་སྐྱེས་ལན་མཁས་པ་པཎྜི་ཏ༔ ལྔ་བརྒྱའི་ནང་ནས་ཀུན་གྱིས་བཀུར་བ་ཅིག༔ བདག་གི་

2-43a

༄༅༔      ༔དྲུང་དུ་བོད་དུ་རྫོང་བར་ཞུ༔ ལོ་ཙཱ་གསུམ་གྱི་རྒྱ་གར་ཡུལ་དུ་ཕྱིན༔ རྒྱལ་པོའི་སྤྱན་སྔར་དངུལ་གྱི་བཀའ་ཤོག་གཏད༔ གསེར་ཕྱེ་ཕུལ་ནས་སྔར་གྱི་ཞུ་བ་བྱས༔ དེ་ནས་ནང་མོ་ཚ་བའི་གྲལ་དུ་ནི༔ རྒྱལ་པོས་བྱོན་ནས་བླ་མཆོད་ལྔ་བརྒྱ་ལ༔ དབུས་སུ་གསེར་གྱི་མཎྜལ་ཕུལ་ནས་ནི༔ བདག་ལ་བོད་ཀྱི་རྒྱལ་པོ་ཆེན་པོ་ཡིས༔ གསེར་ཕྱེ་གླ་བའི་རླིད་བུ་གང་ཕུལ་ནས༔ གསེར་གྱི་སྐྱེས་ལན་མཁས་པ་པཎྜི་ཏ༔ བོད་དུ་རྒྱལ་པོའི་སྤྱན་སྔར་རྫོངས་ཤིག་གསུངས༔ ཁྱེད་རྣམས་ནང་ནས་ཆེ་ཞིང་མཁས་པ་ཅིག༔ བོད་ཀྱི་རྒྱལ་པོའི་སྤྱན་སྔར་གཤེགས་པར་ཞུ༔ དེ་སྐད་རྒྱལ་པོས་བཀའ་གསལ་གསུངས་པ་དང་༔ དབུས་ནས་བི་མ་མི་ཏྲ་བཞུགས་པ་ལ༔ ཡར་གྱི་གྲལ་རིམ་མར་གྱི་གྲལ་རིམ་རྣམས༔ དབུས་ཀྱི་པཎ་ཆེན་བི་མ་མི་ཏྲ་ལ༔ ཞལ་ནས་མི་གསུང་སྤྱན་ནི་རུབ་ཀྱིས་གཟིགས༔ དོན་ལ་སོང་ཞིག་བརྡ་

2-43b

ཡིས་བསྐུལ་བ་ལས༔ བི་མ་མི་ཏྲས་དྷ་ཐིམ་ལན་གསུམ་གསུངས༔ གདན་འདྲེན་གསུམ་གྱིས་བརྡ་ཡི་སྐད་ཅིག་ལ༔ གོ་ལུགས་མ་གཅིག་བརྡ་སྐད་གསུམ་དུ་གོ༔ གྲུ་བོ་དག་ལ་བརྟེན་པའི་མི༔ སྐྱེས་བུས་སྐྱ་བས་རྩོལ་ཕོད་ན༔ གྲུས་ཀྱང་ཕ་རོལ་ཕྱིན་པར་འགྱུར༔ གཅིག་གིས་དེ་ལྟར་གོ་བའི་དུས༔ གཅིག་གིས་གོ་ལུགས་འདི་ལྟ་སྟེ༔ གཞུ་མོ་དག་ལ་བརྟེན་པའི་མདའ༔ སྐྱེས་བུས་མཐེབ་འཛུབ་རྩོལ་ཕོད་ན༔ མདས་ཀྱང་འབེན་ངོར་ཕྱིན་པར་འགྱུར༔ གཅིག་གིས་འདི་ལྟར་གོ་བ་ལ༔ རིག་པ་དག་ལ་བརྟེན་པའི་མི༔ སྐྱེས་བུས་འདུ་ཤེས་བསྐྱོད་ཕོད་ན༔ ལུས་ཀྱི་བུམ་པ་གང་འགྲིལ་བ༔ སེམས་ཀྱི་ཆུ་བོ་དེ་རུ་འབོ༔ བོད་དུ་འབྱོན་པར་ཞལ་གྱིས་བཞེས༔ གདན་འདྲེན་གསུམ་གྱིས་གདན་འདྲོངས་ཏེ༔ བསམ་ཡས་མཐིལ་དུ་ཕྱགས་ཕེབས་ནས༔ རྒྱལ་བློན་འཁོར་དང་བཅས་པ་ཡིས༔ འདོད་ཡོན་ལྔ་ཡིས་

2-44a

༄༅༔      ༔མཉེས་པར་མཛད༔ དགེ་བའི་བཤེས་གཉེན་པཎྜི་ཏ༔ ལྔ་བརྒྱས་དབང་བསྐུར་ཐོབ་པ་ནི༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཏེ༔ ལྷོ་ནུབ་ཨོ་རྒྱན་རྒྱ་མཚོ་གསེར་གྱི་གླིང་༔ རིན་ཅེན་ཆུ་གླིང་པདྨའི་སྡོང་པོ་ལ༔ མངལ་གྱིས་མ་གོས་པདྨའི་སྐྱེས་བུ་འཁྲུངས༔ ཐོག་མར་བསྐལ་པ་བཟང་པོའི་རྒྱལ་སྲིད་བཟུང་༔ བར་དུ་ཐོས་བསམ་སློབ་དཔོན་མང་པོ་བསྟེན༔ ཐ་མར་ཡོ་ག་ཚེ་ཡི་རིག་འཛིན་བརྙེས༔ སྐྱེ་འཆིའི་རྒྱུན་ཆད་རྡོ་རྗེའི་སྐུ་རུ་གྱུར༔ ཕྱི་ནང་སྣང་སྲིད་རང་བྱུང་རིག་པར་ཤར༔ སྣོད་བཅུད་འཁོར་འདས་རང་རིག་བྱང་ཆུབ་སེམས༔ སེམས་ཀྱི་རྩལ་ཆེན་རང་དབང་རང་གི་ཐོབ༔ ཁམས་གསུམ་ཡོངས་བསྒྲལ་དུག་གསུམ་རྩད་ནས་བཅད༔ རིགས་གསུམ་གཏན་དཀྲུགས་རང་རིག་རྩལ་ཆེན་རྫོགས༔ མཐུ་རྩལ་ནུས་པ་ནམ་མཁའི་ཐོག་དང་འདྲ༔ བསམ་ཡས་མཐིལ་དུ་རྒྱལ་པོས་གདན་

2-44b

དྲངས་ནས༔ ལྷ་སྲིན་གདུག་པ་རྡུལ་དུ་བརླག་ནས་ནི༔ རྒྱལ་པོའི་ཐུགས་དམ་དཔལ་གྱི་བསམ་ཡས་བཞེངས༔ ཐུགས་ཀྱི་སྲས་བརྒྱད་རྗེ་འབངས་རྒྱ་མཚོ་ལ༔ རང་རིག་གསལ་བའི་མེ་ལོང་བསྟན་ནས་ནི༔ རིག་པ་རང་ཤར་དགོངས་པ་གཏན་ལ་ཕབ༔ གསང་སྔགས་ཟབ་མོའི་དམ་ཆོས་ཆར་ལྟར་ཕབ༔ བོད་ལ་བཀའ་དྲིན་ཆེ་བར་མཛད་པ་ཡིན༔ བོད་དུ་དབང་གི་ཆུ་བོ་བྱོན་ཚུལ་ནི༔ དགའ་རབ་རྡོ་རྗེས་ལྷ་ཡི་དབང་ཐོབ་ནས༔ དེས་ནི་ཤྲཱི་སིང་ཧ་ལ་དབང་བསྐུར༔ དེ་ཡིས་མཁས་པ་བཻ་རོ་ཙ་ན་ལ༔ ཤྲཱི་ན་ལེནྡྲ་ཡི་གཙུག་ལག་ཏུ༔ དབང་བསྐུར་བྱང་སེམས་རྣམ་པ་ལྔ་རུ་བཤད༔ རང་བཞིན་རྣམ་དག་ལྷུན་གྱིས་གྲུབ་པ་ཡི༔ གནས་ལུགས་རྫོགས་པ་ཆེན་པོའི་དབང་བསྐུར་རོ༔ བཻ་རོ་ཙ་ནས་ཁྲི་སྲོང་ལྡེའུ་བཙན་ལ༔ རང་སེམས་སྐྱེ་མེད་ཆོས་སྐུར་ངོ་སྤྲད་ནས༔ སེམས་ལ་རྫོགས་པ་ཆེན་པོའི་དབང་བསྐུར་རོ༔ བོད་ཀྱི་

2-45a

༄༅༔      ༔བློན་པོ་གདུག་པ་ཅན་རྣམས་ཀྱིས༔ བཻ་རོ་ཙཱ་ན་ཚ་བ་རོང་དུ་སྤྱུགས༔ བཻ་རོ་ཙ་ནས་གཡུ་སྒྲ་སྙིང་པོ་ལ༔ དབང་བསྐུར་དམ་ཆོས་རྫོགས་ཆེན་མ་ལུས་གསུངས༔ རྒྱལ་པོའི་སྤྱན་སྔར་གཡུ་སྒྲ་སྙིང་པོས་བྱོན༔ རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ ལོ་ཙཱ་ཛྙཱ་ན་ཀུ་མ་ར་གཉིས་ལ༔ བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ༔ རྫོགས་ཆེན་ནམ་མཁའ་ཐུགས་ཀྱི་ཉི་མ་དང་༔ སངས་རྒྱས་ཐུགས་དགོངས་དགའ་བའི་ཡེ་ཤེས་སུ༔ རང་བཞིན་རྣམ་པར་དག་པའི་དབང་བསྐུར་ནས༔ མི་ནུབ་རྒྱལ་མཚན་ཆེན་པོར་མངའ་གསོལ་ཏེ༔ དམ་པའི་ཆོས་རྣམས་དར་ཞིང་རྒྱས་པར་མཛད༔ དབང་གི་ཆུ་བོ་ཆེན་པོ་གཅིག་ཡིན་ནོ༔ པོ་ཏི་གླེགས་བམ་དབང་བསྐུར་ཐོབ་པ་ནི༔ རྒྱལ་པོ་ཛ་ཞེས་ཨིནྡྲ་བྷཱུ་ཏི་ཡིན༔ ཨོ་རྒྱན་ཡུལ་གྱི་ཕོ་བྲང་མ་ལ་ཡར༔ ཨུ་པ་རཱ་ཛ་ཉིད་ལ་དབང་ཡང་བསྐུར༔ དེ་ཡིས་

2-45b

ཐོར་ཅོག་ཅན་ལ་དབང་བསྐུར་ནས༔ དེ་ཡིས་སིང་གའི་དྷརྨ་རཱ་ཛ་ལ༔ དེ་ཡིས་ཟ་ཧོར་ཨིནྡྲ་བྷུ་ཏི་ལ༔ དེ་ཡིས་ཁ་ཆེའི་མ་ཧཱ་རཱ་ཛ་ལ༔ དེ་ཡིས་སློབ་དཔོན་ཧཱུཾ་ཆེན་ཀཱ་ར་ལ༔ དེ་ལ་གནུབས་བན་ནམ་མཁའི་སྙིང་པོ་ཡིས༔ ཡང་དག་སྒྲུབ་པའི་དབང་བསྐུར་ནོད་པའི་ཚེ༔ དཔལ་ཆེན་བཛྲ་ཧེ་རུའི་ཞལ་མཐོང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་གཉིས་ཀ་ཐོབ༔ སྒྲགས་ཀྱི་ཡང་རྫོང་ཆེན་པོའི་དབེན་གནས་སུ༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ གཉགས་ཀྱི་བནྡེ་དྲི་མེད་ཟླ་ཤར་ལ༔ ཡེ་ཤེས་པ་དང་འཇིག་རྟེན་པ་ལ་སོགས༔ སྲོག་གི་སྙིང་པོ་འཕྲོག་པའི་དབང་བསྐུར་ཚེ༔ ཡི་དམ་ཞལ་མཐོང་ལྷ་སྲིན་བྲན་དུ་འཁོལ༔ ཡང་དག་དམ་ཆོས་དར་ཞིང་རྒྱས་པར་མཛད༔ བོད་དུ་དབང་གི་ཆུ་བོ་གཉིས་པའོ༔ པཎྜི་ཏ་ཡི་དབང་བསྐུར་ཐོབ་པ་ནི༔ སློབ་དཔོན་ཆེན་པོ་བི་མ་མི་ཏྲ་ཡིས༔ ཡར་ཀླུངས་ཤེལ་རྫོང་པདྨ་

2-46a

༄༅༔      ༔བརྩེགས་པ་རུ༔ བདུད་རྩི་མཆོག་གི་དཀྱིལ་འཁོར་ཞལ་ཕྱེ་ནས༔ རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ བནྡེ་ཛྙཱ་ན་ཀུ་མ་ར་གཉིས་ལ༔ ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར༔ གསང་མཚན་ཚངས་པ་ལྷ་ཡི་མེ་ཏོག་དང་༔ ཛྙཱ་ན་དྲི་མེད་ཟླ་ཤར་རྩལ་དུ་བཏགས༔ བོད་དུ་དབང་གི་ཆུ་བོ་གསུམ་པའོ༔ རང་རིག་རྩལ་གྱི་དབང་བསྐུར་ཐོབ་པ་ནི༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ སྤ་གྲོ་སྟག་ཚང་སེང་གེའི་བསམ་གྲུབ་ཏུ༔ ཕུར་པ་ཨེ་ཁྲམ་དཀྱིལ་འཁོར་ཞལ་ཕྱེ་ནས༔ རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ ཀུ་མཱ་ར་དང་མཁར་ཆེན་མཚོ་རྒྱལ་དང་༔ དྲེགས་པ་ཚར་གཅོད་ཕུར་པའི་དབང་བསྐུར་ནས༔ རྡོ་རྗེ་ཕུར་པའི་དམ་ཆོས་དར་བར་མཛད༔ བོད་དུ་དབང་གི་ཆུ་བོ་བཞི་པའོ༔ སླར་ཡང་དབང་གི་ཆུ་བོ་འདུས་པ་ནི༔ རྒྱལ་པོ་མཇིང་ཡོན་མུ་ཏིག་

2-46b

བཙན་པོ་ལ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བསམ་ཡས་མཆིམས་ཕུ་བྲག་དམར་དབེན་གནས་སུ༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་ནས༔ གསང་བ་མཆོག་གི་དབང་བསྐུར་མཛད་པའི་ཚེ༔ ལྷ་མཆོག་རྡོ་རྗེ་གཞོན་ནུས་ཞལ་བསྟན་ནས༔ བར་གཅོད་དམ་སྲི་བདུད་ཚོགས་རྡུལ་དུ་བརླག༔ བར་ཆད་ལམ་འཇོམས་གནད་ཀྱི་འཕྲང་སེལ་གནང་༔ དབང་གི་ཆུ་བོ་བབས་པའི་བཀའ་གཅིག་ཡིན༔ ཟུང་མཁར་རྡོ་ཡི་མཆོད་རྟེན་དབེན་གནས་སུ༔ སློབ་དཔོན་ཆེན་པོ་བི་མ་མི་ཏྲ་ཡིས༔ བདུད་རྩི་སྨན་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས༔ ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར༔ རྫོགས་ཆེན་སྙིང་ཐིག་མན་ཤེལ་ངོ་སྤྲོད་གནང་༔ དབང་གི་ཆུ་བོ་གཉིས་པ་ཐོབ་པ་ཡིན༔ གྲུབ་ཐོབ་ཆེན་པོ་ནམ་མཁའི་སྙིང་པོ་ཡིས༔ ལྷོ་བྲག་མཁར་ཆུ་བྲག་གི་དབེན་གནས་སུ༔ ཡང་དག་སྒྲུབ་

2-47a

༄༅༔      ༔པའི་དཀྱིལ་འཁོར་ཞལ་ཕྱེ་ནས༔ རྗེ་བཙན་རྒྱལ་པོ་མུ་ཏིག་བཙན་པོ་དང་༔ གནུབས་ཀྱི་བནྡེ་སངས་རྒྱས་ཡེ་ཤེས་ལ༔ བླ་ན་མེད་པའི་དབང་བསྐུར་གནང་བའི་ཚེ༔ ཁྲག་འཐུང་ལྷ་ཚོགས་མེ་ལོང་གཟུགས་བརྙན་བསྟན༔ སེམས་ཉིད་དཔལ་ཆེན་དགོངས་པ་ངོ་སྤྲོད་མཛད༔ དབང་གི་ཆུ་བོ་གསུམ་པ་བབས་པ་ཡིན༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་ཡིས༔ བསམ་ཡས་བྲག་དམར་ཆུ་རྒྱུན་ནེའུ་གསིང་དུ༔ ལྷ་སྲས་མུ་ཏིག་བཙན་པོ་རྗེ་འབངས་ལ༔ ཀློང་ཆེན་རབ་འབྱམས་རྫོགས་ཆེན་གསུངས་པའི་ཚེ༔ དྲི་མེད་ཀ་དག་ཆོས་དབང་སེམས་ལ་བསྐུར༔ སེམས་ཀྱི་གནས་ལུགས་དགོངས་པ་ངོ་སྤྲོད་མཛད༔ དབང་གི་ཆུ་བོ་བཞི་རུ་འདུས་པ་ནི༔ རྒྱལ་པོ་ཆེན་པོ་མུ་ཏིག་བཙན་པོ་ཡིས༔ རྒྱལ་པོས་ཆོས་རྣམས་གཏེར་དུ་སྦས་པའི་དུས༔ ཕྱི་རབས་སྐལ་ལྡན་ལུང་གི་དབང་བསྐུར་བ༔ སྐལ་ལྡན་ལས་འཕྲོ་

2-47b

ཅན་དང་འཕྲད་པར་ཤོག༔ དམ་ཆོས་བསྟན་པ་དར་ཞིང་རྒྱས་པར་ཤོག༔ ལུང་བསྟན་དམོད་བོར་བཀའ་ཡི་གནང་བ་བྱིན༔ ཐུགས་རྗེ་ཆེན་པོའི་དབང་གི་ཆུ་བོ་ནི༔ དུས་གསུམ་སངས་རྒྱས་བྱེ་བ་བཅུ་གཅིག་གིས༔ བདེ་བ་ཅན་གྱི་ཞིང་ཁམས་ཆེན་པོ་རུ༔ ཚེ་དཔག་མེད་ཀྱི་རྒྱལ་པོར་དབང་བསྐུར་རོ༔ སྣང་བ་མཐའ་ཡས་ཚེ་དཔག་མེད་པ་ཡིས༔ རིགས་དྲུག་སེམས་ཅན་རྣམས་ཀྱི་དོན་ཉིད་དུ༔ འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས་སུ་སྤྲུལ༔ རིགས་དྲུག་སྨིན་པར་མཛད་པའི་དབང་བསྐུར་རོ༔ བདེ་གཤེགས་རྒྱལ་བ་སྣང་བ་མཐའ་ཡས་ཀྱིས༔ འགྲོ་བ་མི་དང་ལྷ་མིན་འདུལ་བ་ལ༔ སློབ་དཔོན་པདྨ་འབྱུང་གནས་སྐུར་སྤྲུལ་ནས༔ ཕོ་བྲང་རི་བོ་ཏ་ལའི་བྲག་ཕུག་ཏུ༔ སྐུ་དངོས་བསྟན་ནས་བདུད་རྩི་ཞལ་དུ་བླུད༔ སྐྱེ་འཆི་མེད་པའི་དབང་བསྐུར་རིག་འཛིན་ཐོབ༔ སྤྱན་རས་གཟིགས་དབང་དངོས་སུ་བྱོན་ནས་ཀྱང་༔ བོད་ཡུལ་

2-48a

༄༅༔      ༔ཁ་བ་ཅན་གྱི་སེམས་ཅན་རྣམས༔ བདེ་བ་མཆོག་ལ་འགོད་པའི་དབང་བསྐུར་རོ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བསམ་ཡས་མཆིམས་ཕུའི་ཡང་དབེན་ཆེན་པོ་རུ༔ འགྲོ་བ་འདུལ་བའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ མངའ་བདག་རྒྱལ་པོ་རྗེ་འབངས་ཀུན་རྣམས་ལ༔ ཐུགས་རྗེ་ཆེན་པོའི་དབང་བསྐུར་ཆེན་པོ་མཛད༔ ཁྱད་པར་མངའ་བདག་མུ་ཏིག་བཙན་པོ་དང་༔ ཇོ་མོ་མཁར་ཆེན་མཚོ་རྒྱལ་རྣམ་གཉིས་ལ༔ ཐུགས་རྗེ་རིག་པ་རྩལ་གྱི་དབང་བསྐུར་ཏེ༔ རང་ལུས་རི་བོ་དབེན་པའི་དགོན་པ་རུ༔ ཕུང་པོ་ཁམས་དང་སྐྱེ་མཆེད་དཀྱིལ་འཁོར་དུ༔ རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོ་འདི༔ རྒྱུ་ཡིས་མ་སྐྱེད་རྐྱེན་གྱིས་མི་འཇིགས་པ༔ རྒྱུན་ཆད་མེད་པར་རང་ལ་གནས་པ་འདི༔ རང་བྱུང་རང་གསལ་ཐོག་མཐའ་མེད་པར་གསལ༔ གཟུགས་བརྙན་དེ་ལ་ཕལ་པའི་དོ་མ་ཡིན༔ སེམས་ཉིད་ཐུགས་

2-48b

རྗེ་ཆེན་པོར་མཐོང་བ་འདི༔ དབང་བསྐུར་གདོང་གཡོགས་བཀྲོལ་བའི་དོ་མ་ཡིན༔ རིག་པ་རང་བྱུང་རང་ངོ་ཤེས་པ་འདི༔ རྡོ་རྗེ་སྤྱན་འབྱེད་བྱས་པའི་དོ་མ་ཡིན༔ སེམས་ཉིད་གསལ་དག་ཉམས་སུ་མྱོང་བ་འདི༔ རྡུལ་ཚོན་དཀྱིལ་འཁོར་མཐོང་བའི་དོ་མ་ཡིན༔ རང་སེམས་མངོན་རྫོགས་ལྷ་རུ་ཤེས་པ་འདི༔ རྣམ་རྟོག་ལྷ་གཟུགས་མཐོང་བའི་དོ་མ་ཡིན༔ དུག་ལྔ་སྤང་མེད་ཡེ་ཤེས་བསྒྲུབ་ཏུ་མེད༔ སྤོང་ལེན་བཟང་ངན་བླང་དོར་མེད་པ་འདི༔ སྣང་སྲིད་ཀློང་དག་སྐྱེ་འགག་མེད་པ་སྟེ༔ དེ་ཉིད་ཤེས་ན་མཆོག་གི་དངོས་གྲུབ་ཐོབ༔ རང་རིག་གསལ་བའི་རྩལ་དུ་ངོ་ཤེས་ན༔ རང་དབང་རང་ཐོབ་རང་ངོ་རང་གིས་ཤེས༔ སདྱས་མི་རེའི་རིག་པ་རང་སངས་རྒྱས༔ འཁོར་བར་མི་དྭོགས་རྣམ་རྟོག་རང་སར་དག༔ དེ་ལྟར་རྟོགས་ཤིང་ཁོང་དུ་ཆུད་པས་ན༔ རིག་པ་རྩལ་གྱི་རང་དབང་རང་གིས་ཐོབ༔ དེ་སྐད་གསུངས་པས་ལྷ་སྲས་ཇོ་མོ་གཉིས༔ རིག་པ་རྩལ་

2-49a

༄༅༔      ༔གྱི་དབང་བསྐུར་ཐོབ་གྱུར་ཏེ༔ སྣང་སྲིད་ཐམས་ཅད་ནམ་མཁར་ངོ་ཤེས་ནས༔ ནམ་མཁའི་ངོ་བོ་རང་རིག་ངོ་ཤེས་ཏེ༔ རང་རིག་རྩལ་ཆེན་སེམས་ལ་དབང་བསྒྱུར་རོ༔ དེ་ལྟར་དབང་གི་ཆུ་བོ་ཆེན་པོ་རྣམས༔ བོད་དུ་དམ་ཆོས་དར་ཞིང་རྒྱས་པར་མཛད༔ དམ་ཆོས་ཇི་ལྟར་དར་བའི་ལེའུ་སྟེ་དགུ་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔