༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་གཉིས་པ། རྒྱལ་བརྒྱུད་གཙུག་ལག་ཁང་ཆེན་བརྩིགས་པའི་ལེའུ།
Previous Chapter
Next Chapter

(ལེའུ་བཅུ་གཉིས་པ། རྒྱལ་བརྒྱུད་གཙུག་ལག་ཁང་ཆེན་བརྩིགས་པའི་ལེའུ།)

རྒྱལ་བརྒྱུད་གཙུག་ལག་ཁང་ཆེན་བརྩིགས་པ་ནི༔ རྒྱལ་པོ་མུ་ཏིག་བཙན་པོའི་སྐུ་རིང་ལ༔ ཇོ་མོ་དཔལ་གྱི་ངང་བཙུན་ཁབ་ཏུ་བཞེས༔

2-63a

༄༅༔      ༔བསམ་ཡས་ལྕགས་རི་ནག་པོའི་ཤར་ལྷོའི་མཚམས༔ དམ་པའི་རྒྱ་མཁར་རྩེ་དགུ་བཞེངས་པ་ནི༔ རྒྱ་ཁྱོན་དཔངས་ནི་དབུ་རྩེ་སུམ་ལྡབ་ལ༔ འོག་ཁང་གཞི་མ་བོད་ཀྱི་ལུགས་སུ་ཕུབ༔ ལི་ཡི་ཤིང་མཁན་བོད་དུ་གདན་དྲངས་ནས༔ གོང་གི་ཐོག་གཉིས་ལི་ཡི་ལུགས་སུ་ཕུབ༔ རྒྱ་ནག་བེ་ཆུའི་ཤིང་མཁན་གདན་དྲངས་ནས༔ དེ་སྟེང་ཐོག་གསུམ་རྒྱ་ནག་ལུགས་སུ་ཕུབ༔ རྒྱ་གར་ཤིང་མཁན་མཁས་པ་གདན་དྲངས་ནས༔ དེ་གོང་ཐོག་གསུམ་རྒྱ་གར་ལུགས་སུ་ཕུབ༔ ལྷ་ཡི་བཀོད་པ་དབུ་རྩེ་རིགས་གསུམ་གྱི༔ འོག་ཁང་བར་དང་སྟེང་གི་བཀོད་པ་རྣམས༔ ལན་གསུམ་འདབས་ཏེ་དགུ་ཐོག་ནང་དུ་བཀོད༔ སྔ་ཁང་ཁྱམས་དང་འཁོར་ས་རིམ་པ་དང་༔ དཀོར་མཛོད་བཅོ་བརྒྱད་རྡོ་རིང་བཟོ་ཡི་ཁྱད༔ གཞའ་ཚེ་གྲུ་སྐས་ཕིབས་ཟུར་ལྕོག་ཆུང་དང་༔ དབུ་རྩེ་བྱ་འདབ་སྟེང་གི་ལྕོག་བཞི་ཡི༔ བཀོད་པའི་རིམ་པ་ཁྱད་

2-63b

མེད་འདྲ་བ་ལ༔ ལན་གསུམ་འདབས་ཏེ་དགུ་ཐོག་བཞེངས་སུ་གསོལ༔ རྗེས་ལ་དབུ་རུ་ཀླུངས་ཤོད་གཙུག་ལག་ཁང་༔ སྐར་མ་གཅིག་གི་རྒྱ་ཁྱོན་དཔེ་རུ་བླངས༔ སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས༔ དབུས་ཀྱི་ལྟེ་བ་རྒྱལ་ཁང་གཟོ་ཐོན་ལ༔ ཕྱོགས་མཚམས་བརྒྱད་དུ་བཀའ་རྟགས་མཆོད་རྟེན་བཞེངས༔ རྩིས་ཀྱི་རྡོ་རིང་ལ་སོགས་གཙུག་ལག་ཁང་༔ སྟོང་སྡེའི་མི་བྲན་ས་རྡོ་ཤིང་གཤོག་དང་༔ ཕྱོགས་རེ་དག་ན་བཟོ་བོ་བརྒྱ་བརྒྱ་ཡིས༔ རྡོ་ཡི་རྨང་བཏིང་ཤིང་དང་འདམ་པས་བརྩིགས༔ གཞན་ཡང་ཡར་ཀླུངས་བཙན་ཐང་གཙུག་ལག་ཁང་༔ དཔལ་གྱི་ངང་བཙུན་རྒྱལ་མོས་བཞེངས་སུ་གསོལ༔ གཡུ་ཕིབས་སྔོན་པོ་ལྟ་བར་མཛེས་པ་ལ༔ གཡུ་ཡི་མགོ་ཅན་ཆུ་སྲིན་བུམ་སྣ་ཅན༔ ཅོང་ཁང་རྟ་བབས་གཡུ་ཐོག་བཻ་ཌཱུཪྻ༔ ཞལ་འདམ་ལྡེར་བཟོ་རྒྱུད་རིས་མཁན་པོ་ནི༔ བཟོ་བོ་བདུན་ཅུ་དོན་བརྒྱད་ཕྱག་གིས་བདར༔ རྒྱལ་

2-64a

༄༅༔      ༔བརྒྱུད་གཙུག་ལག་ཁང་ཆེན་བརྩིགས་པའི་ལེའུ་སྟེ་བཅུ་གཉིས་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔