༄༅། །བཀའ་ཐང་སྡེ་ལྔ།
༥ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཀ་བ་སེང་གེ་ཅན་གྱི་ལེའུ།
Previous Chapter
Next Chapter

(༥ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཀ་བ་སེང་གེ་ཅན་གྱི་ལེའུ།)

ཀ་བ་སེང་གེ་ཅན་ལ་མཐུའི་གཏེར་ཡོད་ཅེས་པ་ནི༔ ཀ་གཞུའི་གཡས་ཟུར་སྟེང་གི་ལྕམ་སྣའི་འོག་ནས་ཁྲུ་གསུམ་ཐུར་དུ་བཅལ་བའི་ས་ན༔ རྩིག་པའི་ལྡེབས་ལ་རྡོ་སྒྲོམ་ཁ་སོ་ཕག་གིས་བཅད་ནས་ཡོད༔ སོ་ཕག་དེ་གཟོང་གིས་དུབ་བུར་བཅག་པའི་འོག༔ ཟངས་ཀྱི་སྒྲོམ་བུ་ཆུ་སྲིན་གྱི་མཚུལ་པ་ཅན་གྱི་ནང་ན༔ ལྷའི་ཡུལ་གྱི་རིན་པོ་ཆེ་སྟག་ཤ་དྷེ་བ༔ ནོར་བུ་བསམ་འཕེལ་མཐེ་བོང་གི་ཚད་ཙམ་ཞིག་གསེར་ཤོག་གིས་གྲིལ་ནས་བཞུགས་སོ༔ སྲིན་པོ་ལངྐ་མགྲིན་བཅུའི་སྲོག་སྒྲུབ་ཅིག་དང་༔ གཞན་ཡང་ཡ་བདུད་རྒྱལ་པོ་དང་མ་བདུད་རྒྱལ་མོའི་མཐུ་ཞག་གཅིག་མ་དང་༔ གིང་

2-79a

༄༅༔      ༔སྲོག་ཟན་དམར་པོའི་སྒྲུབ་ཐབས་དང་༔ སྲོག་གི་བཤན་པའི་སྲོ་ཐུ་ཞག་གསུམ་མ་སོགས་རིན་པོ་ཆེ་གསེར་གྱི་བྱང་བུ་ལ་བཻ་ཌཱུཪྻ་ཞུན་མས་བྲིས་པ་བཞུགས་ཏེ༔ རྒྱ་རིམ་པ་གསུམ་གྱིས་བཏབ་ནས་ཡོད་དོ༔ འདོན་པའི་དུས་སུ་སྲིན་པོ་མཆོད་པ་དང་༔ དཔེ་བཤུས་ཏེ་ཕྱི་མོ་ཤུལ་དུ་བཞག་པ་དང་༔ རིན་པོ་ཆེ་གསེར་དངུལ་གྱིས་ཟངས་ཀྱི་སྒྲོམ་བུ་བཀང་ལ་བཞག་སྟེ༔ མི་དམིགས་པའི་རྒྱས་བཏབ་པ་གལ་ཆེའོ༔ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས༔ ཀ་བ་སེང་གེ་ཅན་གྱི་ལེའུ་སྟེ་ལྔ་པའོ༔ ཐྲཐ྅རྦྱ།རྦྱ།༔       ༔