(༧ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཀ་བ་སྦྲུལ་མགོ་ཅན་གྱི་ལེའུ།)
༄༅༔ ༔ཀ་བ་སྦྲུལ་མགོ་ཅན་གྱི་གཏད་ཀྱི་གཏེར་ཡོད་ཅེས་པ་ནི༔ ཀ་བ་སྦྲུལ་མགོ་ཅན་གྱི་གཡོན་ཟུར་གྱི་ལྕམ་སྣའི་མཇུག་ཐུར་དུ་ཚང་ཐིག་དྲངས་པའི་ཐད་ཀ་ཁྲུ་ཕྱེད་གཉིས་ན༔ གླ་བའི་ཤིང་ཆེན་པོ་ཞིག་གི་འོག༔ སོ་ཕག་གི་སྒྲོམ་སོལ་བས་བཀང་བའི་ནང་ན༔ རུས་སྦལ་གྱི་ཁོག་པ་ཆེ་བར་ཀླུའི་ཡུལ་གྱི་ནོར་བུ་བསམ་འཕེལ་ཙིད་ཀ་ལིང་ཞེས་བྱ་བ་དང་༔ བྷ་སུ་ར་ཙི་ཏྲ་བྱ་བ་གཉིས༔ ཆུ་དར་གྱིས་གྲིལ་ནས་བཞུགས་སོ༔ གཏད་ཁྲམ་དུག་མཚོ་ཁོལ་མའི་རྒྱུད༔ ཙི་ཅི་ཛྭ་ལ་ཕོལ་ནག་འབར་བའི་སྒྲུབ་ཐབས་དད༔ ཀླུའི་རང་གཤེད་གཉེན་པོ་རང་གནད་ཀྱི་སྐོར་རྣམས་་་་དར་མཆིང་ཁ་ལ་རིན་ཅེན་གསེར་གྱི་ཡི་གེ་བྲིས་ནས་བཞུགས་ཏེ༔ མཚམས་སུ་རྡོ་བསེ་དམར་པོའི་རུས་སྦལ་གྱི་རྐང་ལག་མགོ་དང་སྟོད་དེ་རྒྱས་བཏབ་པ་ཡོད་དོ༔ འདོན་པའི་དུས་སུ་ཀླུ་གཉན་ལ་མཆོད་པ་རྒྱས་པར་བྱ་སྟེ༔ སོ་ཕག་གཟོང་གིས་བཀན་ལ་འདོན༔ དཔེ་
བཤུས་ལ་ཕྱི་མོ་རྣམས་རུས་སྦལ་གྱི་ཁོག་པར་སྔར་བཞིན་རྒྱས་བཏབ་བོ༔ སོ་ཕག་གིས་ཁ་ལེགས་པར་བཅད་དེ༔ མི་དམིགས་པའི་རྒྱས་བཏབ་པ་གཅེས་སོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས༔ ཀ་བ་སྦྲུལ་མགོ་ཅན་གྱི་ལེའུ་སྟེ་བདུན་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔