༄༅། །བཀའ་ཐང་སྡེ་ལྔ།
༡༠ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཆིམས་ཕུ་ནམ་རའི་ལེའུ།
Previous Chapter
Next Chapter

(༡༠ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཆིམས་ཕུ་ནམ་རའི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ རྒྱལ་པོ་ཁྲི་ལྡེ་ཨག་ཚོམ་གྱིས༔ མཆིམས་ཕུ་ནམ་རའི་གཙུག་ལག་ཁང་༔ གཙོ་བོའི་གདན་གྱི་མཎྜལ་

2-85b

འོག༔ ཟངས་བུམ་རྡོ་སྒྲོམ་ནང་དུ་བཅུག༔ རིན་ཅེན་ས་ལེ་སྦྲམ་གྱིས་བཀང་༔ ཕྱི་རབས་གཙུག་ལག་རྐྱེན་དུ་བཞག༔ ཅེས་པས༔ མཆིམས་ཕུ་ནམ་རའི་གཙུག་ལག་ཁང་གི༔ ལྷའི་གཙོ་བོའི་ཐུགས་ཀ་ནས་མཎྜལ་སྟེང་དུ༔ འདོམ་གསུམ་ཁྲུ་གང་བཅལ་བའི་ས་རུ༔ མདའ་གང་བརྐོས་པ་ན༔ ཟངས་ཀྱི་བུམ་པ་གཅིག་གི་ནང་དུ་གསེར་སྦྲམ་བུ་དང་ཁྲོལ་བུ་ཕྱེ་མ་བྲེ་ལ་བཅལ་བའི་ཁལ་ཕྱེད་ཡོད༔ བུམ་པའི་ཁ་ཟངས་ཀྱིས་གཏུམས་ཏེ་མཐའ་སོལ་བས་བཀང་ནས་ཡོད༔ སྟེང་ནས་རྡོ་སྒྲོམ་གྱི་ཁ་གཡམ་པས་བཅད་དེ་ཡོད་དོ༔ སྲུངས་མ་མཆིམས་ཕུའི་བཙན་ཡིན་པས༔ བཤོས་བུ་ཤ་ཁྲག་གིས་བརྒྱན་པས་ཉིན་ལན་གསུམ་མཚན་ལན་གསུམ་མཆོད་དོ༔ རྗེས་ལ་ཟངས་སྣོད་ནས་ཀྱིས་བཀང་བའི་དཀྱིལ་དུ་གསེར་ཕུར་བྲེ་གང་བླུག་ལ་ཁ་བཅད་དེ༔ སྔ་མ་བཞིན་དུ་རྒྱས་བཏབ་བོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་

2-86a

༄༅༔      ༔མཆིམས་ཕུ་ནམ་རའི་ལེའུ་སྟེ་བཅུ་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔