༄༅། །བཀའ་ཐང་སྡེ་ལྔ།
༡༢ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཆོས་གཏེར་དང་རྒྱལ་པོའི་བླ་གཏེར་གྱི་ལེའུ།
Previous Chapter
Next Chapter

(༡༢ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཆོས་གཏེར་དང་རྒྱལ་པོའི་བླ་གཏེར་གྱི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ༔ རྒྱལ་པོའི་བླ་གཏེར་སྦས་པ་ནི༔ དགུ་རྩེའི་འོག་ཁང་སྐུ་རྒྱབ་ཀྱི༔ ཀེའུ་ཚང་ནང་ན་ཆོས་ཀྱི་གཏེར༔ བོད་དུ་བསྒྱུར་བའི་ཕྱི་མོ་སྦས༔ བཀའ་སྲུང་དཀོར་བདག་དཔེ་དཀར་དང་༔ མགོན་པོ་ལྕམ་དྲལ་ཀླུ་ལ་གཏད༔ ཅེས་གསུངས་པས༔ དབུ་རྩེའི་་་འོག་ཁང་གི་བྱང་ཆུབ་ཆེན་པོའི་སྐུ་རྒྱབ་ན༔

2-87a

༄༅༔      ༔ཀེའུ་ཚང་ཐོག་གསུམ་སྒོ་དགུ་པ་ཡོད༔ མིག་གོང་མའི་ནང་ན༔ བཀའ་རྫོགས་པ་ཆེན་པོ་བོད་དུ་འགྱུར་དགུ་ཅོག་གི་ཕྱི་མོ་དང་༔ རྒྱ་གར་གྱི་པཎྜི་ཏ་ཆེན་པོ་རྣམས་ཀྱི་ཕྱག་དཔེ་ཏཱ་ལའི་ལོ་མ་ལ་བྲིས་པ་རྣམས་དང་༔ པཎྜི་ཏ་བི་མ་ལ་མི་ཏྲའི་ཀ་པཱ་ལི་སོར་བཞི་པ་དང་༔ སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་རྒྱ་གར་ནས་བླངས་པའི་རྒྱ་དཔེ་མང་པོ་དང་༔ ཁྱད་པར་དུ་ཀློང་ཆེན་རབ་འབྱམས་དང་༔ སེམས་རྒྱུད་རྣམ་པ་ཀ་དག་དང་༔ རྫོགས་པ་ཆེན་པོ་སེམས་མདོ་བཅོ་བརྒྱད་ལ་རྒྱ་དཔེ་དང་བོད་དཔེ་གཉིས་སུ་ཡོད་དོ༔ སློབ་དཔོན་ལ་རྒྱལ་པོས་ཞུས་པའི་ཞུ་ལན་དང་ཉམས་མྱོང་གི་གདམས་པ་དང་༔ ཇོ་མོ་མཁར་ཆེན་བཟའི་ཞུས་ལན་དང་༔ མཁས་པ་མི་བཞིས་མཛད་པའི་ཆོས་རྣམས་བཞུགས་སོ༔ ཀེའུ་ཚང་མིག་བར་པའི་ནང་ན༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་དང་༔ རྒྱལ་པོའི་ཕྱག་དཔེ་རྣམས་བཞུགས་

2-87b

པ་ནི༔ ཞི་ཁྲོའི་རྒྱུད་དང་བྱེ་བྲག་གི་རྒྱུད་གཉིས་སུ་བཞུགས་པ་ལས༔ སྤྱི་རྒྱུད་ལ་རྒྱུད་སྡེ་ཆེན་པོ་ལྔ་བཞུགས་པ་ནི༔ བདེ་བར་གཤེགས་པ་ཐམས་ཅད་འདུས་པ་རྩ་བའི་རྒྱུད་དང་༔ ཕྱི་མ་ངེས་པར་འབྱུང་བའི་རྒྱུད་དང་༔ ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད་དང་༔ མ་ཚང་བ་ཁ་སྐོང་བའི་རྒྱུད་དང་༔ འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད་དང་ལྔའོ༔ བྱེ་བྲག་གི་རྒྱུད་ལའང་༔ རྩ་བའི་རྒྱུད་དང་ཡན་ལག་གི་རྒྱུད་གཉིས་སུ་བཞུགས་པ་ལས༔ རྩ་བའི་རྒྱུད་ལ་དགོངས་རྒྱུད་བཅུ་རུ་བཞུགས་ཏེ༔ ཞི་བ་འདུས་པ་རྩ་བའི་རྒྱུད༔ ཆེ་མཆོག་འདུས་པ་རྩ་བའི་རྒྱུད༔ ཁྲག་འཐུང་འདུས་པ་རྩ་བའི་རྒྱུད༔ གཤིན་རྗེ་འདུས་པ་རྩ་བའི་རྒྱུད༔ རྟ་མགྲིན་འདུས་པ་རྩ་བའི་རྒྱུད༔ འཕྲིན་ལས་འདུས་པ་རྩ་བའི་རྒྱུད༔ མ་མོ་འདུས་པ་རྩ་བའི་རྒྱུད༔ དྲེགས་པ་འདུས་པ་རྩ་བའི་རྒྱུད༔ དྲག་སྔགས་འདུས་པ་རྩ་བའི་རྒྱུད༔ ཞི་ཁྲོ་འདུས་པ་རིགས་

2-88a

༄༅༔      ༔འཛིན་རྩ་བའི་རྒྱུད་རྣམས་བཞུགས་སོ༔ ཡན་ལག་གི་རྒྱུད་སྡེ་ལ་ནི༔ འཇམ་དཔལ་གཤིན་རྗེ་གཤེད་ལ་སྐུའི་རྒྱུད་འཇམ་དཔལ་གསང་རྒྱུད་ལེའུ་ཉེར་གཉིས་པ༔ འཇམ་དཔལ་གསང་བ་སྒྲུབ་པ་ལེའུ་བཅུ་དྲུག་པ༔ མེ་ལྕེའི་འཕྲེང་བ་ལེའུ་བདུན་ཅུ་པ༔ གཞོན་ནུ་གདོང་དྲུག་པའི་རྒྱུད༔ ཁྲོ་བོ་སྨེ་བརྩེགས་ཀྱི་རྒྱུད༔ དཔའ་བོ་དྲུག་པའི་རྒྱུད༔ མཚན་བརྗོད་ངེས་པ་གླུར་བླངས་ཀྱི་རྒྱུད༔ ཟླ་གསང་ནག་པོའི་རྒྱུད༔ ཟླ་གསང་ཐིག་ལེའི་རྒྱུད༔ མན་ངག་རྩ་བའི་རྒྱུད༔ རྡོ་རྗེ་ཐོག་འབེབས་ཀྱི་རྒྱུད༔ རྟོགས་པ་བདུན་པའི་རྒྱུད༔ གསད་པ་ལས་བཅུའི་རྒྱུད༔ དགྲ་ནག་འཁོར་ལོའི་རྒྱུད༔ སྐུ་ལ་གསང་བའི་རྒྱུད༔ གཤིན་རྗེ་ལས་ཀྱི་རྒྱུད༔ ཉི་མ་བཞི་པའི་རྒྱུད༔ གཤིན་རྗེ་དམར་ནག་གི་རྒྱུད༔ གཤིན་རྗེ་ཁྲོས་པའི་རྒྱུད༔ གཙུག་ན་མེ་འབར་གྱི་རྒྱུད༔ འཇམ་དཔལ་རྣོན་པོའི་རྒྱུད༔ བསད་པ་འཁོར་

2-88b

ལོའི་རྒྱུད༔ བཤན་པ་དམར་ནག་གསོད་བྱེད་ཀྱི་རྒྱུད༔ འཁོར་ལོ་ནག་པོ་འཆིང་བྱེད་ཀྱི་རྒྱུད༔ རཀ་ཤ་གླང་མགོ་རྔུབ་བྱེད་ཀྱི་རྒྱུད༔ ཟངས་ཁང་དམར་པོ་སྲེག་བྱེད་ཀྱི་རྒྱུད༔ མནན་པའི་རྒྱུད་འཕྲིན་ལས་རྣམ་བཞིའོ༔ ལས་ཁ་ཚར་གྱི་རྒྱུད་གསད་པའི་ལས་བཅུ་དང་༔ བསྲུང་བའི་རྒྱུད་བླ་མཚོ་ནག་པོ༔ མྱུར་དུ་གསོད་པ་གསད་པ་དྲག་པོའི་རྒྱུད༔ བསྐང་བའི་རྒྱུད་སྐུ་མཆོག་རོལ་པ༔ བྲ་དབབ་པའི་རྒྱུད་པྲ་མོ་ཀ༔ བམ་སྒྲུབ་ཁྲོ་བོ་པུཎྜ་རི་ཀའི་རྒྱུད༔ སྐུ་དགྲ་བསྒྲལ་བ་གཤིན་རྗེ་གསལ་ཤིང་གི་རྒྱུད༔ དེ་རྣམས་ནི་གཤིན་རྗེ་སྐུའི་རྒྱུད་ཡིན་ནོ༔ པདྨ་གསུང་གི་རྒྱུད་ལ༔ རྟ་མཆོག་རོལ་པའི་རྒྱུད༔ རྔོག་མ་ལེ་བརྒན་གྱི་རྒྱུད༔ དབང་རྒྱལ་བཅུད་ཀྱི་རྒྱུད༔ དབང་ཆེན་འདུས་པའི་རྒྱུད༔ རྟ་མགྲིན་ཁྲོས་པའི་རྒྱུད༔ དྲེགས་པ་ཀུན་འདུལ་གྱི་རྒྱུད༔ དྲེགས་པ་ཚར་གཅོད་ཀྱི་རྒྱུད༔ དྲེགས་པ་དབང་སྡུད་

2-89a

༄༅༔      ༔ཀྱི་རྒྱུད༔ རྟ་མགྲིན་རྩ་བའི་རྒྱུད༔ དབང་ཆེན་རྔམ་བརྗིད་ཀྱི་རྒྱུད༔ དབང་ཆེན་ཀུན་འདུལ་གྱི་རྒྱུད༔ དེ་རྣམས་རྟ་མགྲིན་གསུང་གི་རྒྱུད་ཡིན་ནོ༔ བཛྲ་ཧེ་རུ་ཀ་ཐུགས་ཀྱི་རྒྱུད་ལ༔ ཧེ་རུ་ཀ་གལ་པོ་ཆེ་ཆུང་གཉིས་ལ་རྒྱུད་ཕྲན་དང་བཅས་པ༔ འཇིག་རྟེན་འདས་པའི་རྒྱུད་སྔ་མ་དང་ཕྱི་མ་གཉིས༔ ཀུན་འདུས་རིག་པའི་རྒྱུད༔ ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་རྒྱུད༔ སངས་རྒྱས་མཉམ་སྦྱོར་གྱི་རྒྱུད༔ ཟླ་གསང་ཐིག་ལེའི་རྒྱུད༔ གསང་བ་འདུས་པའི་རྒྱུད༔ གསང་བ་སྙིང་བོའི་རྒྱུད༔ ལྷ་མོ་སྒྱུ་འཕྲུལ་གྱི་རྒྱུད༔ སྒྱུ་འཕྲུལ་བརྒྱད་པའི་རྒྱུད༔ བཞི་བཅུ་པའི་རྒྱུད༔ བླ་མའི་རྒྱུད༔ ལེ་ལག་གི་རྒྱུད༔ བཤད་པའི་རྒྱུད་སྡེ་བཞི༔ གཞན་ཡང་ཧེ་རུ་ཀ་སྐུའི་རྒྱུད༔ གསུང་གི་རྒྱུད༔ ཐུགས་ཀྱི་རྒྱུད༔ དེ་རྣམས་བཛྲ་ཧེ་རུ་ཀ་ཐུགས་ཀྱི་རྒྱུད་ཡིན་ནོ༔ ཆེ་མཆོག་ཡོན་ཏན་གྱི་རྒྱུད་ལ༔ ལུང་

2-89b

བདུད་རྩི་བམ་པོ་བརྒྱད་པའི་རྒྱུད༔ ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད༔ དངོས་གྲུབ་ཉེ་བ་སྙིང་པོའི་རྒྱུད༔ བདུད་རྩི་བུམ་པའི་རྒྱུད༔ རྣམ་དག་དྲི་མེད་ཀྱི་རྒྱུད༔ དངོས་གྲུབ་སྟེར་བའི་རྒྱུད༔ ལས་རྒྱ་མཚོའི་རྒྱུད༔ བདེ་པ་བདུད་རྩི་ཐིགས་པའི་རྒྱུད༔ དེ་རྣམས་ནི་ཆེ་མཆོག་ཡོན་ཏན་གྱི་རྒྱུད་ཡིན་ནོ༔ རྡོ་རྗེ་གཞོན་ནུ་འཕྲིན་ལས་ཀྱི་རྒྱུད་ལ༔ བྱི་ཏོ་ཏ་མ་ལ་འབུམ་སྡེའི་རྒྱུད༔ ཕུར་པ་ཕའི་རྒྱུད༔ དམ་པ་གསང་ཆེན་ཕུར་པ་མའི་རྒྱུད༔ ཀཱི་ལ་ཡ་བཅུ་གཉིས་གཉིས་ཀའི་རྒྱུད༔ རྡོ་རྗེ་རྩེ་མོའི་རྒྱུད༔ སངས་རྒྱས་རྩེ་མོའི་རྒྱུད༔ རྣལ་འབྱོར་རྩེ་མོའི་རྒྱུད་དོ༔ ཡན་ལག་གི་རྒྱུད་སྡེ་ལ༔ ཟློག་ཕུར་བཅུ་གཉིས་ཀྱི་རྒྱུད༔ འཕྲིན་ལས་རྣམ་བཞིའི་རྒྱུད༔ སྲུང་མ་བཅུ་གཉིས་ཀྱི་རྒྱུད་དོ༔ བྱི་ཏོ་ཏ་མ་ལའི་རྒྱུད་ལ་རྩ་བའི་རྒྱུད་ལྔ༔ སྙིང་པོའི་རྒྱུད་གསུམ༔ ཡན་ལག་གི་རྒྱུད་བཅུ༔ ལོ་མའི་རྒྱུད་བཞི༔ མེ་ཏོག་གི་རྒྱུད་བཅུ༔ འབྲས་བུའི་

2-90a

༄༅༔      ༔རྒྱུད་བཞི༔ མ་ཚང་བ་ཁ་སྐོང་བའི་རྒྱུད་དོ༔ རྩ་བའི་རྒྱུད་ལྔ་ལ༔ དང་པོ་ཡེ་ཤེས་འཁོར་ལོ་སྐུའི་རྒྱུད༔ པདྨ་གསང་བ་གསུང་གི་རྒྱུད༔ རྣམ་དག་རྡོ་རྗེ་ཐུགས་ཀྱི་རྒྱུད༔ རིན་པོ་ཆེ་འབར་བ་ཐུགས་ཀྱི་རྒྱུད༔ རལ་གྲི་འབར་བ་འཕྲིན་ལས་ཀྱི་རྒྱུད་དོ༔ སྙིང་པོའི་རྒྱུད་གསུམ་ལ༔ མྱ་ངན་འདས་པའི་རྒྱུད༔ སངས་རྒྱས་འདུས་པའི་རྒྱུད༔ རིན་ཅེན་ཕུང་པོའི་རྒྱུད་དོ༔ ཡན་ལག་གི་རྒྱུད་བཅུ་ལ༔ ཧཱུཾ་ཀཱ་ར་སེར་བ་དབབ་པའི་རྒྱུད༔ རྣམ་པར་རྒྱལ་བ་དབང་བསྐུར་བའི་རྒྱུད༔ དབྱུག་པ་སྔོན་པོ་སྦྱིན་སྲེག་གི་རྒྱུད༔ གཤིན་རྗེ་གཤེད་པོ་ལས་ལ་གཟུད་པའི་རྒྱུད༔ མི་གཡོ་མགོན་པོ་ཟློག་པའི་རྒྱབ་རྟེན་གྱི་རྒྱུད༔ རྟ་མགྲིན་ནཱ་ག་ཀླུ་འདུལ་བའི་རྒྱུད༔ འདོད་པའི་རྒྱལ་པོ་ཕོ་མོ་དགུག་པའི་རྒྱུད༔ བདུད་རྩི་འཁྱིལ་བ་བདུད་རྩི་སྒྲུབ་པའི་རྒྱུད༔ ཁམས་གསུམ་རྣམ་རྒྱལ་འཆོང་དྲུག་ལས་ལ་གདགས་པའི་རྒྱུད༔ སྟོབས་

2-90b

པོ་ཆེ་སེར་བ་གཅད་པའི་རྒྱུད་དོ༔ ལོ་མའི་རྒྱུད་བཞི་ནི༔ རྣལ་འབྱོར་བླ་མའི་རྒྱུད༔ བླ་ན་མེད་པའི་རྒྱུད༔ བླ་མའི་བླ་མའི་རྒྱུད༔ འཇིག་རྟེན་སྣང་བྱེད་ཀྱི་རྒྱུད་དོ༔ མེ་ཏོག་གི་རྒྱུད་བཅུ་ནི༔ འཁོར་ལོ་གསང་བའི་རྒྱུད༔ འཇིག་རྟེན་རབ་སྣང་གི་རྒྱུད༔ རྡོ་རྗེ་འཕྲེང་བའི་རྒྱུད༔ རྡོ་རྗེ་བཀོད་པའི་རྒྱུད༔ གསང་བ་སྲོག་ལེན་གྱི་རྒྱུད༔ ཡེ་ཤེས་རྩེ་མོའི་རྒྱུད༔ མྱ་ངན་འདས་པ་ཕྱི་མའི་རྒྱུད༔ སངས་རྒྱས་གསང་བའི་རྒྱུད༔ རྡོ་རྗེ་གསང་བའི་རྒྱུད༔ དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད་དོ༔ འབྲས་བུའི་རྒྱུད་བཞི་ནི༔ སྦས་པ་མ་མོ་དྲུག་བརྩེགས་ཀྱི་རྒྱུད༔ བསེ་རྒྱུད་དམར་མོའི་རྒྱུད༔ ཤྭ་ནག་དམར་ནག་གི་རྒྱུད༔ རྩ་བ་འབུམ་པའི་རྒྱུད་དོ༔ མ་ཚང་བ་ཁ་སྐོང་བའི་རྒྱུད་ལྔ་ནི༔ གསང་བ་གཏེར་གྱི་རྒྱུད༔ གབ་པ་གཏེར་གྱི་རྒྱུད༔ ལྟ་བ་གཏེར་གྱི་རྒྱུད༔ འཕྲིན་ལས་གཏེར་གྱི་རྒྱུད༔ མན་ངག་གཏེར་གྱི་རྒྱུད་རྣམས་སོ༔ ཀཱི་ལ་ཡ་བཅུ་གཉིས་

2-91a

༄༅༔      ༔ཀྱི་རྒྱུད་ལ༔ ཀཱི་ལ་ཡ་དགོངས་པའི་རྒྱུད༔ ཕྱི་མ་རྫོགས་པའི་རྒྱུད༔ ཕྱི་མའི་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་དོ༔ དེ་ལྟར་རྩ་བའི་རྒྱུད་ལ་ཡན་ལག་གི་རྒྱུད་སྡེ་རྣམས་ཀྱིས་བསྐོར་བ་ནི༔ རྡོ་རྗེ་གཞོན་ནུ་ཕྲིན་ལས་ཀྱི་རྒྱུད་དོ༔ མ་མོ་རྦོད་གཏོང་གི་རྒྱུད་ལ༔ མ་མོ་གསང་བ་གཏན་ཚིགས་ཀྱི་རྒྱུད༔ སྲིད་པའི་བེམས་ཆེན་ལེའུ་སྟོང་ཕྲག་གི་རྒྱུད༔ རྩ་བའི་རྒྱུད་ལེའུ་བརྒྱ་རྩ་བརྒྱད་པ༔ རྒྱུད་ཕྱི་མ་ལེའུ་བཅུ་གཅིག་པ་རྣམས་སྤྱི་རྒྱུད་ཆེན་མོའོ༔ བྱེ་བྲག་གི་རྒྱུད་ལ༔ སྐུའི་རྒྱུད་འབུམ་ཏིག༔ གསུང་གི་རྒྱུད་མ་མོ་རྒྱུད་ལུང་༔ ཐུགས་ཀྱི་རྒྱུད་ལྷ་མོ་གསང་བའི་རྒྱུད་མཛོད་དོ༔ ཡན་ལག་གི་རྒྱུད་སྡེ་ནི༔ སྐུ་འདུས་པ་དཀར་པོ་སྤྱིའི་རྒྱུད་སྡེ་ལ༔ ཤེལ་མཚོ་དངས་པའི་རྒྱུད༔ ཉི་མ་བརྩེགས་པའི་རྒྱུད༔ ཟླ་བ་འོད་ཆགས་ཀྱི་རྒྱུད༔ དྲི་མེད་དག་པའི་རྒྱུད༔ དམ་ཚིག་རྩལ་སྤྲུགས་ཀྱི་རྒྱུད༔ སྣང་གསལ་སྒྲོན་

2-91b

མེའི་རྒྱུད་དོ༔ ལས་རྒྱ་མཚོའི་རྒྱུད་གསུམ་ལ༔ སྤྱི་རླུང་ལས་རྒྱ་མཚོའི་རྒྱུད༔ ཕྲ་མེན་ལས་རྒྱ་མཚོའི་རྒྱུད༔ དབང་ཕྱུག་ལས་རྒྱ་མཚོའི་རྒྱུད་དོ༔ གསུང་འདུས་པ་སྨུག་མོ་སྤྱིའི་རྒྱུད་ལ༔ སྨུག་མོ་ཙིཏྟ་སྟོང་ཟློག་མའི་རྒྱུད༔ ཙིཏྟ་དགུ་བརྩེགས་མའི་རྒྱུད༔ ལེ་བརྒན་གུར་འབུམ་མའི་རྒྱུད༔ སྨེ་བརྩེགས་དམར་ནག་མའི་རྒྱུད༔ མེ་ཤན་ནག་མོའི་རྒྱུད་དོ༔ ཐུགས་འདུས་པ་ནག་མོ་སྤྱིའི་རྒྱུད་ལ༔ སྨུག་ནག་འཁྱིལ་པའི་རྒྱུད༔ རྒྱ་མཚོ་གསང་བའི་རྒྱུད༔ ནག་མོ་གཟེར་ནག་གི་རྒྱུད༔ ནག་མོ་མཚོ་སྐེམས་ཀྱི་རྒྱུད༔ ནག་མོ་མཆེ་གཙིགས་མའི་རྒྱུད༔ ཀུན་ཏུ་བཟང་མོ་བྷ་ག་སྐོར་གྱི་རྒྱུད་དོ༔ ཡོན་ཏན་འདུས་པ་སེར་མོ་སྤྱི་རྒྱུད་ལ༔ སེར་ནག་འཁྱིལ་བའི་རྒྱུད་དོ༔ འཕྲིན་ལས་འདུས་པ་ལྗང་མོའི་སྤྱིའི་རྒྱུད་ལ༔ ལྗང་ནག་འཁྱིལ་བའི་རྒྱུད་དོ༔ བྱེ་བྲག་གི་རྒྱུད་དང་བཅས་པ་མ་མོ་རྦོད་གཏོང་གི་རྒྱུད་དོ༔ དྲེགས་པ་

2-92a

༄༅༔      ༔ཀུན་འདུལ་གྱི་རྒྱུད་ལ༔ སྐུའི་རྒྱུད་དྲེགས་པ་འདུས་པ༔ གསུང་གི་རྒྱུད་ངན་སྔགས་ནག་པོ༔ ཐུགས་ཀྱི་རྒྱུད་སྲོག་ཐིག་ནག་པོ༔ ཡོན་ཏན་གྱི་རྒྱུད་དྲེགས་པ་གཏེར་རྒྱུད༔ འཕྲིན་ལས་ཀྱི་རྒྱུད་དྲེགས་པ་ལས་རིམ་མོ༔ སྒོས་རྒྱུད་ནི་དེད་དཔོན་སུམ་ཅུ་ལ༔ སོ་སོའི་རྒྱུད་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་སོ༔ དེ་དག་ནི་དྲེགས་པ་ཀུན་འདུལ་གྱི་རྒྱུད་དོ༔ སྟོབས་ལྡན་ནག་པོའི་རྒྱུད་ལ༔ སྐུའི་རྒྱུད་དྲེགས་པ་ཤེལ་འཕྲེང་༔ གསུང་གི་རྒྱུད་དྲག་སྔགས་འདུས་པ༔ ཐུགས་ཀྱི་རྒྱུད་ཙིཏྟ་དམར་འབྱིན༔ ཡོན་ཏན་གྱི་རྒྱུད་དྲག་སྔགས་གཏེར་རྒྱུད༔ འཕྲིན་ལས་ཀྱི་རྒྱུད་ལས་སྣ་ཚོགས་པ་རྣམས་སོ༔ སྒོས་རྒྱུད་ནི་དྲེགས་པ་བཅོ་བརྒྱད་རེ་རེ་ལ་སྒྲུབ་ཐབས་ལས་ཕྲན་དང་བཅས་པ་བཞུགས་སོ༔ དེའང་རྒྱུད་ཀྱི་སྐོར༔ ལུང་གི་སྐོར༔ མན་ངག་གི་སྐོར་རྣམས་སུ་ཕྱེ་ནས་བཞུགས་ཏེ༔ དེ་འང་

2-92b

རྒྱུད་ཀྱི་སྐོར་ལ༔ བདེ་གཤེགས་འདུས་པ་རྩ་བའི་རྒྱུད༔ ཕྱི་མ་ངེས་པར་འབྱུང་བའི་རྒྱུད༔ ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད༔ མ་ཚང་བ་ཁ་སྐོང་བའི་རྒྱུད༔ འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད་རྣམས་ནི་སྤྱི་རྒྱུད་ལྔ་ཡིན༔ དེའི་སྟེང་དུ་སྒོས་རྒྱུད་བཅུ་སྟེ་བཅོ་ལྔ་བཞུགས་སོ༔ ལུང་གི་སྐོར་ལ་ལྔ་སྟེ༔ ངེས་པ་དོན་གྱི་ལུང་༔ མཛད་པ་ཆོ་འཕྲུལ་ལྷའི་ལུང་༔ འཕྲིན་ལས་མཐར་ཕྱིན་སྒྲུབ་པའི་ལུང་༔ ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་༔ གསལ་བར་བྱེད་པ་སྒྲོན་མེའི་ལུང་༔ དེ་ལྟར་རྒྱུད་ལུང་ཉི་ཤུའོ༔ མན་ངག་གི་སྐོར་ལ་གསུམ་སྟེ༔ ཕྱི་བཤད་ཐབས་གསལ་བར་བྱེད་པའི་མན་ངག༔ གསང་བ་དེ་ཉིད་གསལ་བར་བྱེད་པའི་མན་ངག་རྣམས་སུ་ཕྱེའོ༔ དེ་ལ་ཕྱི་བཤད་ཐབས་གསལ་བར་བྱེད་པའི་མན་ངག་ལ་ལྔར་ཕྱེ་སྟེ༔ སྤྱིའི་སྡོམ་ལྔ༔ རྒྱུད་ཀྱི་ཆིངས་ལྔ༔ ལུང་གི་སྡེབས་ལྔ༔ སྒྲུབ་ཐབས་ཀྱི་སྦྱོར་

2-93a

༄༅༔      ༔སོ་ལྔ་སྟེ་ཉི་ཤུའོ༔ སྤྱིའི་སྡོམ་ལྔ་ནི༔ ལུང་གི་བང་མཛོད༔ བཀའི་ཐ་རཾ༔ ལུང་གི་ལྡེ་མིག༔ ལུང་གི་བཀའ་འོག༔ སྒྲུབ་པ་ལུང་གི་བཀའ་འོག་དང་ལྔར་ཕྱེའོ༔ རྒྱུད་ཀྱི་ཆིངས་ལྔ་ནི༔ ཁོག་དབུབ་སྟོང་ཐུན་གྱི་ཆིངས༔ ས་དཔྱད་རྣམ་འབྱེད་ཀྱི་ཆིངས༔ འགྲེལ་པ་འབྲུ་འགྲེལ་གྱི་ཆིངས༔ ཏི་ཀ་བསྡུས་དོན་གྱི་ཆིངས༔ ལག་ལེན་མན་ངག་གི་ཆིངས་དང་ལྔའོ༔ ལུང་གི་སྡེབས་ལྔ་ནི༔ རྒྱུད་ལུང་དང་སྡེབས༔ ལུང་སྒྲུབ་ཐབས་དང་སྡེབས༔ སྒྲུབ་ཐབས་འཕྲིན་ལས་དང་སྡེབས༔ འཕྲིན་ལས་ལག་ལེན་དང་སྡེབས༔ ལག་ལེན་ཉམས་མྱོང་དང་སྡེབས་པ་དང་ལྔའོ༔ སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ་ནི༔ རྩ་བ་སྒྲུབ་ཐབས་དང་སྦྱོར༔ སྒྲུབ་ཐབས་འཕྲིན་ལས་དང་སྦྱོར༔ འཕྲིན་ལས་སྒོམ་ཁོག་དང་སྦྱོར༔ སྒོམ་ཁོག་ཏིང་ངེ་འཛིན་དང་སྦྱོར༔ ཏིང་ངེ་འཛིན་མན་ངག་དང་སྦྱོར་བ་ལྔའོ༔ དེ་

2-93b

རྣམས་ཕྱི་ལྟར་བཤད་པ་ཉི་ཤུའོ༔ ནང་སྒྲུབ་ཐབས་གསལ་བར་བྱེད་པའི་མན་ངག་ལའང་༔ ཞི་བའི་སྒྲུབ་ཐབས་དང་༔ ཁྲོ་བོའི་སྒྲུབ་ཐབས་གཉིས་སུ་མཛད༔ དང་པོ་ལ་ལྔ༔ དམ་པ་རིགས་བརྒྱའི་སྒྲུབ་པ༔ བཞི་བཅུ་རྩ་གཉིས་ཀྱི་སྒྲུབ་པ༔ དེ་ཁོ་ན་ཉིད་རིགས་ལྔའི་སྒྲུབ་པ༔ གསང་ཆེན་རིགས་གཅིག་གི་སྒྲུབ་པ༔ ཞི་བ་ཕྱག་རྒྱ་བརྐྱང་པར་སྒྲུབ་པ་དང་ལྔའོ༔ དང་པོ་དམ་པ་རིགས་བརྒྱ་ལ་ལས་ཆེན་ལྔ༔ ལས་ཆུང་ལྔ་སྟེ་ཆོས་ཚན་བཅུའི་ལས་ཆེན་ལྔ་ནི༔ གཟུང་བ་དཀྱིལ་འཁོར་གྱི་ཆོ་ག༔ རིམ་པ་དབང་གི་ཆོ་ག༔ བྱིན་རླབས་རབ་གནས་ཀྱི་ཆོ་ག༔ ཚེ་འདས་རོ་སྲེག་གི་ཆོ་ག༔ ལྷོ་སྒོ་སྦྱོངས་ཀྱི་ཆོ་ག་དང་ལྔའོ༔ ལས་ཆུང་ལྔ་ནི༔ མཉེས་བྱེད་མཆོད་པའི་ཆོ་ག༔ མགྲོན་མཆོད་གཏོར་མའི་ཆོ་ག༔ མཆོད་སྦྱིན་ཆུ་གཏོར་གྱི་ཆོ་ག༔ སྐུ་གཟུགས་སཱ་ཙྪའི་ཆོ་ག༔ བཀྲ་ཤིས་ཚེའི་ཆོ་ག་དང་ལྔའོ༔ ཞི་བ་

2-94a

༄༅༔      ༔བཞི་བཅུ་རྩ་གཉིས་ལའང་སྒྲུབ་ཐབས་ལྔ་སྟེ༔ ཕྱི་བསྐྱེད་རིམ་དུ་བསྒྲུབ་པ༔ ནང་རྫོགས་རིམ་དུ་བསྒྲུབ་པ༔ གསང་བ་དེ་ཁོ་ན་ཉིད་དུ་བསྒྲུབ་པ༔ འཕྲིན་ལས་དངོས་གྲུབ་ཏུ་བསྒྲུབ་པ༔ ལས་ཁ་ཚར་དུ་བསྒྲུབ་པ་དང་ལྔའོ༔ དེ་ཁོ་ན་ཉིད་རིགས་ལྔར་བསྒྲུབ་པ་ལ་ལྔ་སྟེ༔ ཕྱི་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་བསྒྲུབ་པ༔ ནང་ཕུང་པོའི་དཀྱིལ་འཁོར་དུ་བསྒྲུབ་པ༔ གསང་བ་དུག་ལྔའི་དཀྱིལ་འཁོར་དུ་བསྒྲུབ་པ༔ དེ་ཁོ་ན་ཉིད་ཡེ་ཤེས་ལྔར་བསྒྲུབ་པ༔ ཡོངས་སུ་རྫོགས་པ་སྐུ་ལྔར་བསྒྲུབ་པ་དང་ལྔའོ༔ ཞི་བ་ཕྱག་རྒྱ་རྐྱང་པ་དང་༔ གསང་ཆེན་རིགས་གཅིག་ལའང་བསྒྲུབ་ལུགས་ལྔ་ལྔ་སྟེ༔ གནད་ལྔ་བཅུ་རྩ་ལྔ་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་གཏན་ལ་ཕབ་སྟེ་བསྒྲུབ་པ་དང་༔ ཆོས་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་འདུ་བ་ལ་བརྟེན་ནས་རྒྱུན་གྱི་ཡི་དམ་ནར་མར་བསྒྲུབ་པ་དང་༔ འཕྲིན་

2-94b

ལས་ཁ་ཚར་ལ་བརྟེན་ནས་ཆོས་སྤྱོད་ལམ་རིམ་དུ་བསྒྲུབ་པ་དང་༔ རྣམ་ཤེས་རྩལ་སྦྱོང་ལ་བརྟེན་ནས་གསང་སྔགས་གཞུང་ཚུལ་དུ་བསྒྲུབ་པ་དང་༔ བསྐྱེད་རྫོགས་ཟུང་འབྲེལ་ལ་བརྟེན་ནས་རྒྱུན་གྱི་ཡི་དམ་ནར་མར་བསྒྲུབ་པའོ༔ དེ་ལྟར་ཞི་བ་ལ་ཆོས་ཚན་སུམ་ཅུའོ༔ ཁྲོ་བོ་ལ་རྩ་བའི་སྒྲུབ་ཐབས་དང་༔ ཡན་ལག་གི་སྒྲུབ་ཐབས་གཉིས་ལས༔ རྩ་བའི་སྒྲུབ་ཐབས་ལ་ལྔ༔ བསྐྱེད་རྫོགས་ཆེན་པོ་རྣམ་པར་སྤྲོས་པ་དང་༔ བསྡུས་པ་ལ་དགའ་བར་བསྐྱེད་རྫོགས་འབྲིང་པོ་དང་༔ ཤིན་ཏུ་བསྡུས་པ་ལ་དགའ་བར་བསྐྱེད་རྫོགས་ཆུང་ངུ་དང་༔ གང་ཟག་རྒྱུན་དུ་བསྒྲུབ་པར་འདོད་པ་ལ་སྔགས་སྒྲུབ་ནར་མ་དང་༔ བློ་ཆུང་བ་རྣམས་ལ་ཕྱག་རྒྱ་རྐྱང་པར་བསྒྲུབ་པ་དང་ལྔའོ༔ དེ་དག་ཀུན་ལའང་བསྒྲུབ་ལུགས་ལྔ་ལྔར་བཀོད་དོ༔ ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་པ་མ་ཧཱ་ཡོ་གར་བསྒྲུབ་པ་དང་༔ ནང་ཕུང་པོ་ལྷའི་དཀྱིལ་འཁོར་ལ་བརྟེན་

2-95a

༄༅༔      ༔ནས་རྫོགས་པ་ཨ་ནུ་ཡོ་གར་བསྒྲུབ་པ་དང་༔ གསང་བ་རིག་པ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གར་བསྒྲུབ་པ་དང་༔ དེ་ཁོ་ན་ཉིད་ལམ་གྱི་རིམ་པ་ལ་བརྟེན་ནས་བསྐྱེད་རྫོགས་ཟུང་འབྲེལ་དུ་བསྒྲུབ་པ་དང་༔ འཕྲིན་ལས་ཡོངས་སུ་རྫོགས་པ་ལ་བརྟེན་ནས་སྒྱུ་ལུས་ལྷ་རུ་ངོ་སྤྲོད་པའོ༔ ཡན་ལག་གི་སྒྲུབ་ཐབས་ཉི་ཤུ་རྩ་ལྔ་ལ༔ བྱིན་རླབས་ཀྱི་སྒྲུབ་ཆེན་ལྔ༔ ཕན་གདགས་ཀྱི་ལས་ཆེན་ལྔ༔ འཕྲིན་ལས་ཀྱི་གཟེར་ཆེན་ལྔ༔ ཉམས་ཆག་གི་སྐོངས་ལྔ༔ བསྟོད་བསྐུལ་གྱི་བྱེ་བྲག་ལྔའོ༔ དང་པོ་བྱིན་རླབས་ཀྱི་སྒྲུབ་ཆེན་ལྔ་ནི༔ དུས་ཀྱི་བསྙེན་པའི་སྒྲུབ་པ༔ མཆོད་རྫས་བདུད་རྩིའི་སྒྲུབ་པ༔ རིམ་པ་དབང་གི་སྒྲུབ་པ༔ བཀྲ་ཤིས་ཚེའི་སྒྲུབ་པ༔ བྱིན་རླབས་ཕུར་པའི་སྒྲུབ་པ་དང་ལྔའོ༔ ཕན་གདགས་ཀྱི་ལས་ཆེན་ལྔ་ལ༔ དམ་རྫས་བམ་གྱི་ལས༔ སྲེག་སྦྱོང་རོའི་ལས༔ ཚེ་འདས་

2-95b

གཤིན་གྱི་ལས༔ འདུལ་བ་གྲིའི་ལས༔ སྒྲོལ་བ་རྒྱུའི་ལས་སོ༔ འཕྲིན་ལས་ཀྱི་གཟེར་ཆེན་ལྔ་ནི༔ འཁོར་ལོ་ལ་བརྟེན་ནས་བསྲུང་བ༔ གཏོར་མ་ལ་བརྟེན་ནས་བཟློག་པ༔ ཐུན་ལ་བརྟེན་ནས་གསད་པ༔ ཧོམ་ལ་བརྟེན་ནས་སྲེག་པ༔ ཐོད་པ་ལ་བརྟེན་ནས་མནན་པ་དང་ལྔའོ༔ ཉམས་ཆགས་ཀྱི་སྐོངས་ལྔ་ལ༔ མཆོད་པ་ཕུད་ཀྱི་སྐོང་༔ དམ་རྫས་མདངས་ཀྱི་སྐོངས༔ སྲོག་ཆགས་རྒྱུའི་སྐོངས༔ འགྱོད་ཚངས་བཤགས་པའི་སྐོངས༔ གླིང་བཞི་མདོས་ཀྱི་སྐོངས་སོ༔ བསྟོད་བསྐུལ་གྱི་རྒྱས་འབྲིང་ལྔ་ལ༔ གཞི་བསྟོད་ཆེན་མོ་ཆོས་ཉིད་དོན་གྱིས་ཐུགས་ལ་བསྟོད་པ༔ གཞི་བསྟོད་བསྡུས་པ་ལྷའི་ཚོམ་བུ་ལ་བསྟོད་པ༔ སྤྱི་བསྐུལ་ཆེན་མོ་སྐུ་མདོག་ཕྱག་མཚན་ནས་བསྐུལ་བ༔ འབྲིང་པོ་ལྷའི་གྲངས་ནས་བསྐུལ་བ༔ ཆུང་ངུ་དཀྱིལ་འཁོར་གྱི་ཕོ་བྲང་ནས་བསྐུལ་བའོ༔ དེ་ལྟར་ཁྲོ་བོ་ལ་ཆོས་ཚན་སུམ་ཅུ་སོ་ལྔ་སྟེ༔ སྒྲུབ་

2-96a

༄༅༔      ༔ཐབས་ཀྱི་ཆོས་ཚན་དྲུག་ཅུ་རྩ་ལྔའོ༔ གསང་བ་ཉམས་ལེན་གསལ་བར་བྱེད་པའི་མན་ངག་ལ་ཆོས་ཚན་ཉི་ཤུ་རྩ་ལྔ་སྟེ༔ བསྐྱེད་རྫོགས་ཀྱི་བསྒྲུབ་ལུགས་ལྔ༔ སྔགས་ཀྱི་ཡན་ལག་ལྔ༔ ཐུན་མོང་གི་རྣལ་འབྱོར་ལྔ༔ ཁྱད་པར་གྱི་རྫོགས་རིམ་ལྔ༔ སྐུ་གསུམ་གྱི་གཟེར་ལྔའོ༔ དེ་ལ་བསྐྱེད་རྫོགས་ཀྱི་བསྒྲུབ་ལུགས་ལྔ་ནི༔ བསྐྱེད་པ་མ་ཧཱ་ཡོ་གར་བསྒྲུབ་པ་༔ རྫོགས་པ་ཨ་ནུ་ཡོ་གར་བསྒྲུབ་པ༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་གར་བསྒྲུབ་པ༔ འདོད་ཆགས་ཅན་ཞི་བ་ལ་བརྟེན་ནས་བསྒྲུབ་པ༔ ཞེ་སྡང་ཅན་ཁྲོ་བོ་ལ་བརྟེན་ནས་བསྒྲུབ་པའོ༔ སྔགས་ཀྱི་ཡན་ལག་ལྔ་ནི༔ སྔགས་ཀྱི་སྒྲུབ་ཐབས་རིན་ཅེན་འཕྲེང་བ༔ སྔགས་ཀྱི་བཟླས་པ་བྱེ་བྲག་དང་བཅས་པ༔ སྔགས་ཀྱི་སྒྲའི་སྐྱོན་ཡོན་དང་བཅས་པ༔ གསང་སྔགས་སྤྱིའི་སྔགས་ཀྱི་དོན་བསྟན་པ༔ བསྐྱེད་རིམ་སྔགས་ཀྱི་གེགས་སེལ་བ་དང་ལྔའོ༔

2-96b

ཐུན་མོང་གི་རྣལ་འབྱོར་ལྔ་ནི༔ ནང་ནུབ་ཆོས་སྤྱོད་ཀྱི་རྣལ་འབྱོར༔ སྔོན་འགྲོ་གཏོར་མའི་རྣལ་འབྱོར༔ བཟའ་བ་ཟས་ཀྱི་རྣལ་འབྱོར༔ བཏུང་བ་སྐོམ་གྱི་རྣལ་འབྱོར༔ སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་དང་ལྔའོ༔ ཁྱད་པར་གྱི་རྫོགས་རིམ་ལྔ་ནི༔ བསྐྱེད་རིམ་ལ་བརྟེན་ནས་ལྷའི་རྫོགས་རིམ༔ སེམས་ཉིད་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་རྫོགས་རིམ༔ ལུས་ལ་བརྟེན་ནས་རྩའི་རྫོགས་རིམ༔ དབུགས་ལ་བརྟེན་ནས་རླུང་གི་རྫོགས་རིམ༔ བཅུད་ལ་བརྟེན་ནས་ཐིག་ལེའི་རྫོགས་རིམ་དང་ལྔའོ༔ སྐུ་གསུམ་གྱི་གཟེར་ལྔ་ལ༔ ཡི་དམ་གྱི་ལྷ་ལ་སྐུ་གསུམ་གྱི་གཟེར་གདབ་པ༔ བར་ཆོད་ཀྱི་བདུད་ལ་སྐུ་གསུམ་གྱི་གཟེར་གདབ་པ༔ སྡང་བའི་དགྲ་ལ་སྐུ་གསུམ་གྱི་གཟེར་གདབ་པ༔ འགྲོ་དྲུག་གི་གཡང་ས་ལ་སྐུ་གསུམ་གྱི་གཟེར་གདབ་པ༔ འབྱུང་བའི་གནད་ལ་སྐུ་གསུམ་གྱི་གཟེར་གདབ་བའོ༔ དེ་ལྟར་གསང་སྔགས་ཀྱི་

2-97a

༄༅༔      ༔རྒྱལ་པོ་བདེ་གཤེགས་འདུས་པ་འདི་ལ༔ སྤྱི་རྒྱུད་ལྔ༔ སྒོས་རྒྱུད་བཅུ༔ ལུང་ལྔ་སྟེ་ཉི་ཤུ༔ བཤད་ཐབས་ཀྱི་ཆོས་ཚན་ཉི་ཤུ་སྟེ་ཆོས་ཚན་བཞི་བཅུའོ༔ ཞི་བའི་སྒྲུབ་ཐབས་ཆོས་ཚན་སུམ་ཅུ༔ ཁྲོ་བོ་ལ་ཆོས་ཚན་སུམ་ཅུ་རྩ་ལྔ༔ ཉམས་ལེན་ལ་ཆོས་ཚན་ཉི་ཤུ་རྩ་ལྔ༔ བསྒྲུབ་བྱ་ཞི་ཁྲོ་གཉིས༔ རྒྱུད་ལུང་མན་ངག་གི་སྐོར་གསུམ་སྟེ༔ ཆོས་ཚན་བརྒྱ་སུམ་ཅུ་རྩ་ལྔས་བསྐོར་ནས་བཞུགས་སོ༔ གཞན་ཡང་སློབ་དཔོན་གྱི་ངན་སྔགས་མཐའ་དག་སྟེ༔ དྲག་པོ་མཐུའི་ལས་ལ་རྒྱུད་བརྒྱ་དང་རྩ་བརྒྱད༔ སྒྲུབ་ཐབས་བརྒྱ་རྩ་བརྒྱད༔ དྲག་སྔགས་བརྒྱ་རྩ་བརྒྱད༔ གདུག་པ་གཏད་ཀྱི་ལས་ལ་རྒྱུད་བརྒྱ་རྩ་བརྒྱད༔ སྒྲུབ་ཐབས་བརྒྱ་རྩ་བརྒྱད༔ དྲག་སྔགས་བརྒྱ་རྩ་བརྒྱད༔ བསྙེན་པ་སྲུང་བཟློག་གི་ལས་ལ་རྒྱུད་བརྒྱ་རྩ་བརྒྱད༔ སྒྲུབ་ཐབས་བརྒྱ་རྩ་བརྒྱད༔ དྲག་སྔགས་བརྒྱ་རྩ་

2-97b

བརྒྱད༔ ངན་ཐབས་སེར་བ་དང་ལྟས་ངན་ཆོ་འཕྲུལ་ལ་རྒྱུད་བརྒྱ་རྩ་བརྒྱད༔ སྒྲུབ་ཐབས་བརྒྱ་རྩ་བརྒྱད༔ ལས་ཕྲན་དང་བཅས་པ༔ སྲོག་སེར་གཏད་གསུམ་ལ༔ ལག་ལེན་གྱི་གེགས་དང་༔ འཕྲེང་སེལ་ཚེའི་ཞུས་ལན༔ ཀུན་ལ་དགོས་པའི་གཏེར་ཁྱིམ༔ སྲོག་ཁྱིམ༔ གཏད་ཁྱིམ༔ གནད་ཁྱིམ༔ ཐུག་མཐའ༔ མཐར་ཐུག་དང་བཅས་པ་བཞུགས་སོ༔ རྐྱེན་དང་བར་ཆད་སེལ་བ་ལ་སྐད་ཟློག༔ མདོས་ཀྱི་རྒྱུད་ལག་ལེན་སྟོང་ཕྲག་གཅིག་བཞུགས་སོ༔ ཕྱི་ནང་གི་འབྱུང་བའི་གཙུག་ལག་ཀྱང་མང་པོ་བཞུགས་སོ༔ ལུས་ཀྱི་ནད་གསོ་བའི་སྨན་དཔྱད་ཀྱང་མང་པོ་བཞུགས་སོ༔ རིག་བྱེད་བཟོའི་ཡན་ལག་བཟོ་རིག་མང་པོའང་བཞུགས་སོ༔ བཀའ་ཟབ་མོ་མཁའ་འགྲོ་གནད་ཀྱི་སྐོར༔ ལུང་གི་སྐོར༔ སྒྲུབ་ཐབས་ཀྱི་སྐོར་མང་པོའང་བཞུགས་སོ༔ གཞན་ཡང་སློབ་དཔོན་པདྨ་འབྱུང་གནས༔ བི་མ་ལ་མི་ཏྲ༔

2-98a

༄༅༔      ༔ཧྭ་ཤང་མ་ཧཱ་ཡཱ་ན་རྣམས་ཀྱི་ཐུགས་མཛོད་བརྟོལ་བའི་རྒྱུད་སྒྲུབ་ཐབས༔ ཞལ་གྱི་གདམས་པ༔ ཐེ་ཚོམ་སེལ་བའི་ཞུས་ལན༔ མན་ངག་ཕྲ་མོ་མང་པོ་དང་བཅས་པ་ཀེའུ་ཚང་བར་མ་ན་བཞུགསོ༔ གཞན་ཡང་ཁྱད་པར་དུ་སློབ་དཔོན་པདྨས་རྡོ་རྗེ་འཆང་གི་ཆ་ལུགས་སུ་ཞུགས་ནས་རྒྱལ་པོ་ལ་གསུངས་པའི་བདེ་གཤེགས་འདུས་པ༔ དྲིལ་ཞིང་བསྡུས་པ་རྒྱལ་པོའི་ཐུགས་དམ་སྤྱི་རྒྱུད་ལྔ༔ སྒོས་རྒྱུད་བཅུ༔ ལུང་ཆེན་ལྔ༔ བཤད་ཐབས་ལ་རྒྱུད་ཆིངས་ལྔ༔ ལུང་སྡེབས་ལྔ༔ སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ༔ སྤྱི་དོམ་ལྔ༔ ཁྲོ་བོའི་སྒྲུབ་ཐབས་བསྐྱེད་རྫོགས་ཆེ་འབྲིང་གསུམ༔ དེ་རྣམས་ཆུ་དར་ལ་གྲིལ་ནས་འདྲིལ་ཤིང་གསེར་ལས་བྱས༔ དངུལ་གྱི་སྦུ་གུར་བཅུག་སྟེ༔ ཀེའུ་ཚང་བར་མའི་དབུས་ཀ་བ་ལ་ཁོལ་དུ་ཕྱུང་ནས་ཤིང་ཆོལ་ལ་ལྕགས་ཀྱི་གཟེར་བཏབ་ནས་བཞུགས་སོ༔ ཀེའུ་ཚང་འོག་མ་ན་

2-98b

སློབ་དཔོན་བོ་དྷི་ས་ཏྭའི་ཞལ་སྔ་ནས་གསུངས་པ༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ༔ ཀྲྀ་ཡ་དང་༔ ཨུ་པ༔ ཡོ་ག༔ འདུལ་བ༔ མདོ་སྡེ༔ མངོན་པ༔ ཕ་རོལ་ཕྱིན་པ་ལ་སོགས་པ་བོད་དུ་བསྒྱུར་ཚད་ཀྱི་ཕྱི་མོ་རྣམས་བཞུགས་སོ༔ དེ་རྣམས་ནི་རྒྱལ་པོའི་བླ་གཏེར་ཆེན་མོ་ཞེས་བྱའོ༔ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཆོས་གཏེར་དང་རྒྱལ་པོའི་བླ་གཏེར་གྱི་ལེའུ་སྟེ་བཅུ་གཉིས་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔