༄༅། །བཀའ་ཐང་སྡེ་ལྔ།
༣༤ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྤ་གྲོ་སྟག་ཚང་གི་ལེའུ།
Previous Chapter
Next Chapter
2-127b

(༣༤ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྤ་གྲོ་སྟག་ཚང་གི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ སྤ་གྲོ་སྟག་ཚང་སེང་ཕུག་ན༔ མངོན་པར་རྫོགས་པར་འཚང་རྒྱ་བའི༔ དམ་ཆོས་ཟབ་མོ་མང་པོ་སྦས༔ ཞེས་པས༔ སྤ་གྲོ་སྟག་ཚང་སེང་གེའི་ཕུག་རིང་ན༔ སློབ་དཔོན་པདྨ་འབྱུང་གནས་དང་གླང་དཔལ་གྱི་སེང་གེའི་ཞལ་སྔ་ནས་དངོས་གྲུབ་བརྙེས་པའི་དཀྱིལ་འཁོར་ཨེ་ཁྲམ་ཉི་ཤུ་རྩ་གཅིག་ཡོད༔ དེ་ནས་རྐང་འདོམ་བདུན་ཕུགས་སུ་བཙལ་བའི་ལྡེབས་གཡོན་ཕྱོགས་སུ་མཚལ་གྱི་རྡོ་རྗེ་རྒྱ་གྲམ་ཞིག་ཡོད༔ དེ་ནས་ཁྲུ་དོ་བཅལ་བའི་སར༔ རྡོ་སྤྱིན་ཞལ་བ་ལ་བྱུགས་པ་ཡོད༔ དེའི་འོག་ན་རྡོ་ཆོལ་ཞིག་ཡོད༔ དེ་བཅག་པའི་འོག་ན་བསེ་སྒྲོམ་ཆུ་སྲིན་གྱི་ཁ་ཅན་ཞིག་ཡོད༔ དེ་ན་བཀའ་རྫོགས་པ་ཆེན་པོ་ཀློང་ཆེན་རབ་འབྱམས༔ ལྟ་བ་ཕྱོགས་མེད་རང་གྲོལ༔ སྒོམ་པ་ཡེ་དག་སྟོང་གསལ༔ སྤྱོད་པ་བྱར་མེད་རང་དག༔ འབྲས་བུ་ལྷུན་གྲུབ་ཡེ་དག༔ གཞན་ཡང་སེམས་མདོ་བཅོ་བརྒྱད་ལ༔ ལྟ་བ་ལ་ཟླ་བ༔ སྒོམ་

2-128a

༄༅༔      ༔པ་གསལ་དག་པ༔ སྤྱོད་པ་རྒྱ་ཡན་པ༔ འབྲས་བུ་ཡེ་མེད་ལྷུན་གྲུབ་ཀྱི་མན་ངག་ཆོས་ཚན་དྲུག་དང་བཅས་པ་བཞུགས་སོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྤ་གྲོ་སྟག་ཚང་གི་ལེའུ་སྟེ་སོ་བཞི་པའོ༔        ཐྲཐ྅རྦྱ།རྦྱ།༔       ༔