༄༅། །བཀའ་ཐང་སྡེ་ལྔ།
༣༦ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྐྱོ་དུན་རྩེའི་ལེའུ།
Previous Chapter
Next Chapter

(༣༦ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྐྱོ་དུན་རྩེའི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ སྐྱོ་དུན་རྩེའི་གཙུག་ལག་ཁང་ན་རྡོ་རིང་གི་ཞའི་འོག༔ ཤར་ལྡེབས་ན་མར་ལ་མཐོ་གང་གི་ས་ན༔ རྡོ་ཆོལ་ཞིག་ཡོད༔ དེ་བཀོག་པའི་འོག་ན་དྲག་པོ་དྲག་མོ་ཐམས་ཅད་ཀྱི་རྒྱུད་དང་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཡོད་དོ༔ འདི་གཉིས་ནི་ཤིན་ཏུ་གཉན་པས༔ གཏོར་ཚོགས་བཏང་ལ་

2-128b

འདོན་པར་བྱའོ༔ ཆོ་འཕྲུལ་ཤིན་ཏུ་ཆེ་བ་བྱུང་ཡང་མ་བྲེད་པར་བྱ་བ་གལ་ཆེའོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྐྱོ་དུན་རྩེའི་ལེའུ་སྟེ་སོ་དྲུག་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔