༄༅། །བཀའ་ཐང་སྡེ་ལྔ།
༣༧ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་རྩིས་ཀྱི་ལྷ་ཁང་གི་ལེའུ།
Previous Chapter
(༣༧ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་རྩིས་ཀྱི་ལྷ་ཁང་གི་ལེའུ།)
དེ་ནས་ཡང་དག་བཤད་བྱ་བ༔ ཉང་རོ་རྩིས་ཀྱི་ལྷ་ཁང་གི་གཙོ་བོའི་དབུའི་ནང་ན༔ ཟངས་ཀྱི་གའུ་ཞིག་གི་ནང་ན་ཤོག་སེར་དྲིལ་མ་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྒྲིལ་བའི་རྒྱུད་དང་༔ སེམས་ལུང་ཆེན་མོ་ནམ་མཁའི་ཀློང་རུམ་དང་༔ ལྟ་སྒོམ་སྤྱོད་གསུམ་ཉི་ཟླ་མཐོངས་གསལ་གྱི་གདམས་ངག་དང་བཅས་པ་བཞུགས་སོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་རྩིས་ཀྱི་ལྷ་ཁང་གི་ལེའུ་སྟེ་སོ་བདུན་པའོ༔ ཐྲཐ྅རྦྱ།རྦྱ།༔ ༔