༄༅། །བཀའ་ཐང་སྡེ་ལྔ།
༣༨ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མོན་ཁ་སྣ་རིང་གི་ལེའུ།
Previous Chapter
Next Chapter

(༣༨ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མོན་ཁ་སྣ་རིང་གི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ མོན་ཁ་སྣ་རིང་ན་ཕུག་པ་ཆེན་མོའི་དཀྱིལ་འཁོར་གྱི་ཤར་ལྡབས་ལ་དཀྱིལ་ཐིག་དྲང་པོའི་སྣེར༔ མཐོ་གང་བྲུས་པས་དངུལ་སྒྲོམ་གཅིག་ན་རྫོགས་པ་ཆེན་པོ་སྤྱི་ཏི་ཡོ་ག་དང་༔ ཡང་ཏི་ཡོ་ག་

2-129a

༄༅༔      ༔དང་༔ ཨ་ཏི་ཡོ་ག་དང་༔ ཡང་ཞུན་ནག་པོ་གསེར་གྱི་འབྲུ་གཅིག༔ སྲོག་སེར་གཏད་གསུམ་སྤུ་གྲི་རེག་གཅོད་དང་བཅས་པ་བཞུགས་སོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མོན་ཁ་སྣ་རིང་གི་ལེའུ་སྟེ་སོ་བརྒྱད་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔