༄༅། །བཀའ་ཐང་སྡེ་ལྔ།
༤༡ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཕོ་མ་གླིང་གི་ལེའུ།
Previous Chapter
Next Chapter
2-130a

(༤༡ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཕོ་མ་གླིང་གི་ལེའུ།)

༄༅༔      ༔དེ་ནས་ཡང་དག་བཤད་བྱ་བ༔ ཕོ་མ་གླིང་གི་སྒྲུབ་གནས་ཀྱི་ཕུག་པའི་དཀྱིལ་འཁོར་ནས༔ ཕུགས་སུ་འདོམ་གང་བཙལ་བའི་ས་ན་བྲག་ལ་གཟོང་རྗེས་གསུམ་ཡོད༔ དེ་ནས་སྟེང་གི་ངོས་ལ་ཁྲུ་གང་བཅལ་བའི་འོག་ན༔ རྡོ་ཆོལ་སོར་བཞི་པ་ཚེ་ཆུས་སྦྱར་བ་ཡོད༔ དེའི་འོག་ན་བསེའི་སྒྲོམ་བུ་ཞིག་ན་གསང་བ་ཕུར་གཅིག་སྤུ་ཏྲའི་སྐོར་དང་༔ བསེན་མོའི་སྒྲུབ་ཐབས་ཕྱི་ནང་གསང་གསུམ༔ ཡང་གསང་གཏེར་དུ་སྒྲུབ་པ་རྣམས་ཤོག་སེར་ལ་བྲིས་ནས་བཞུགས༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཕོ་མ་གླིང་གི་ལེའུ་སྟེ་ཞེ་གཅིག་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔