༄༅། །བཀའ་ཐང་སྡེ་ལྔ།
༤༢ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཁར་ཆུ་ཕུག་རིང་གི་ལེའུ།
Previous Chapter
(༤༢ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཁར་ཆུ་ཕུག་རིང་གི་ལེའུ།)
དེ་ནས་ཡང་དག་བཤད་བྱ་བ༔ མཁར་ཆུ་དཔལ་གྱི་ཕུག་རིང་ན༔ དཀྱིལ་འཁོར་ཆེན་པོ་གྲུ་བཞི་པ་ཅིག་དང་ཟླ་གམ་པ་ཅིག་ཡོད༔ ཟླ་གམ་པ་དེའི་སྟེང་ན༔ བྲག་ལ་གཡུང་དྲུང་རིས་བྲིས་པའི་ནང་ན་མཚལ་བྱུགས་ནས་ཡོད༔ དེ་
2-130b
ནས་འདོམ་གང་ཕུགས་སུ་བཅལ་བ་ན༔ བྲག་ལ་རྡོ་འབུ་རེ་བ་རིགས་མི་གཅིག་པ་ཡོད༔ དེ་བཅག་པའི་འོག་ན་ཟངས་ཀྱི་སྦུ་གུའི་ནང་༔ ཀླུ་བདུད་ནཱ་ག་རཀྴའི་རང་གཤེད་རང་ལ་དབབ་པ་དུག་གི་སྤུ་གྲིའི་སྒྲུབ་ཐབས་དང་༔ རྒྱ་མཚོ་དུག་རི་ཀ་བཞུགས་སོ༔ སྔགས་སྲུངས་སྨུག་ནག་སྙིང་ཐུན་གྱི་དྲག་སྔགས་ཀྱི་རྒྱུད་དང་སྒྲུབ་ཐབས་དང་༔ སྨུག་མོ་ཡོངས་ཀྱི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་དང་༔ ཆིག་རྐྱང་དུ་སྒྲུབ་པ་རྣམས་བཞུགས་སོ༔ སྔགས་སྲུངས་མཆོད་ལ་འདོན་པར་བྱའོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཁར་ཆུ་ཕུག་རིང་གི་ལེའུ་སྟེ་ཞེ་གཉིས་པའོ༔ ༔ཐྲཐཉྲརྦྱ།རྦྱ།༔ ༔