༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དགུ་པ། བཻ་རོ་ཙ་ན་དང་མགར་བ་འཕྲད་པའི་ལེའུ།
Previous Chapter
Next Chapter

(ལེའུ་དགུ་པ། བཻ་རོ་ཙ་ན་དང་མགར་བ་འཕྲད་པའི་ལེའུ།)

དེ་ནས་ལ་བརྒལ་ལུང་ལ་བབས་ནས་བྱོན༔ ལམ་ཁ་ཞིག་ལ་བ་ཞིག་ཤི་ནས་འདུག༔ ཁང་པ་ཞིག་ལ་མགར་བ་བཟོ་བྱེད་སྣང་༔ ཤིན་ཏུ་བཀྲེས་ནས་མགར་བའི་སྒོར་ཕྱིན་ཏེ༔ རྡོ་ལ་རིན་ཅེན་མཁྱེན་བའི་མགར་བ་ལགས༔ བཟོ་རིག་ཀུན་མཁྱེན་ཡོ་མཉེས་དཔོན་བཟང་ལགས༔ ནང་དྲོ་མ་མྱོང་གདུགས་ཀྱི་ཕྱེད་ལ་ཐུག༔ གསུས་ལྟོགས་ང་ལ་ནང་གི་དྲོ་ཞིག་དྲོངས༔ མགར་བས་ཐོས་ནས་ཆུང་མ་ལ་སྨྲས་པ༔ སྒོ་ཕུབ་འདི་ན་ཤིན་ཏུ་ངག་འཇམ་ཞིག༔ དྲོ་སློང་བ་ནི་སུ་ཡིན་ལྟོས་ལ་ཤོག༔ ཆུང་མས་བལྟས་ནས་མགར་བ་ལ་སྨྲས་པ༔ གསུང་ངག་འཇམ་པ་བས་ཀྱང་ཞལ་རས་ལེགས༔ བནྡེ་སྤྱི་ཟླུམ་ཆོས་ཁུར་བ་ཞིག་གདའ༔ དེ་སྐད་གླེངས་པས་བཟོ་འཕྲོ་བཅད་ནས་

3-19b

བལྟས༔ ཞེས་ལུགས་བཞིན་ཕུལ་ནས་ནང་སྤྱན་དྲངས༔ མགར་མོ་སྐྲ་འཁྲུ་རྒྱན་ཆ་རང་འཐག་བཞག༔ གསོལ་ཟས་དྲངས་ནས་སློབ་དཔོན་དྲོ་བཏབ་བོ༔ མདོ་བསྔོ་སྨོན་ལམ་བཏབ་ནས་འདི་སྐད་གསུངས༔ ལམ་ཁ་ཡིན་བ་ཞིག་ཤི་ནས་འདུག༔ ཡོན་བདག་ཁྱེད་ཀྱི་མིན་ནམ་གསུངས་ནས་གཤེགས༔ ལུང་བ་དེ་ལ་བ་ལམ་ཞེས་སུ་བཏགས༔ སློབ་དཔོན་གཤེགས་རྟིང་མགར་བ་བ་བཤར་སོང་༔ མ་གར་མོའི་རྒྱན་ཆས་སྟོར་ནས་མ་རྙེད་དེ༔ མགར་མོ་ན་རེ་གཞན་ནི་སུ་ཡང་མེད༔ ད་ནང་བནྡེ་དེ་ཡིས་བརྐུས་པ་ཡིན༔ དོ་ནུབ་མི་སླེབ་ལ་འུར་རྒྱུག་ཅིག་ཟེར༔ བཟོ་བྱེད་མགར་བ་ཤིན་ཏུ་སྙིང་ན་ནས༔ མདའ་གཞུ་ཁྱེར་ནས་ཕྱི་ལ་རྒྱུགས་སོང་སྟེ༔ ལུང་པའི་མདའ་ལ་རྗེས་ཟིན་ཁྲིལ་གྱིས་སླེབས༔ མགར་བས་སློབ་དཔོན་ཉིད་ལ་འདི་སྐད་སྨྲས༔ ད་ནང་ཕུགས་སུ་བཅུག་ནས་ཞིམ་དགུ་བྱིན༔ དེ་ཡི་ལན་དུ་ཆུང་མའི་ལུས་རྒྱན་བརྐུས༔ ཁྲེལ་མེད་པོ་ཁྱོད་ལིངས་ཀྱིས་བཏང་ངོ་ཟེར༔ མདའ་

3-20a

༄༅༔       ༔ལྟོང་བཅུག་ནས་མེར་གྱིས་བཀང་ནས་བྱུང་༔ སློབ་དཔོན་གཤེགས་པའི་ལོང་ནི་མད་པས་ཏེ༔ སློབ་དཔོན་ཟིངས་ཀྱིས་བཏང་ནས་འཇིངས་པ་ཡིས༔ མདའ་ནི་དཔེ་ཆ་བཟེད་པའི་སྟེང་དུ་ཕོག༔ སློབ་དཔོན་མ་རྨས་མདའ་སྟོང་འཇུག་ལོང་མེད༔ མགར་བའི་ལག་པ་གཡས་གཡོན་བཟུང་ནས་སུ༔ དེ་ནས་སློབ་དཔོན་བདེན་ཚིག་མགར་བར་གསུངས༔ ང་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ ཐུགས་ཆོས་མཆོད་གནས་དམ་པ་བྱེད་ཙ་ན༔ བཙུན་མོ་ཚེ་སྤོང་བཟའ་བ་དམར་རྒྱན་ལ༔ སྡོམ་གསུམ་རྩ་བ་དམ་ཚིག་མ་ཉམས་པར༔ ང་ཡིས་མི་ཚངས་པར་ཡང་མ་སྤྱད་ལ༔ ང་ཡིས་ཁྱེད་ཀྱི་ཁྱིམ་དུ་ཕྱིན་པའི་དུས༔ ནང་དྲོ་སྦྱར་བ་རྣམས་ནི་ཟོས་པ་ལས༔ ཁྱོད་ཀྱི་ཆུང་མའི་ལུས་ཀྱི་རྒྱན་ཆ་ལ༔ སྡོམ་གསུམ་རྩ་བ་དམ་ཚིག་མ་ཉམས་ཤིང་༔ ངས་ནི་མ་སྦྱིན་པར་ཡང་མ་བླངས་སོ༔ སེམས་ཅན་ཁྱེད་ཀྱི་འདོད་པ་བསྐང་བའི་ཕྱིར༔ བདག་གི་སྲོག་ལ་ཚད་པའི་མདའ་དང་གཞུ༔ གཞུ་ཉིད་གསེར་ལ་

3-20b

མདའ་ཉིད་གཡུ་རུ་གྱུར༔ དེ་སྐད་གསུངས་ནས་རྩེ་མོ་གཏུག་བྱས་པས༔ མགར་བ་མདའ་གཞུ་གསེར་གཡུར་ལིངས་ཀྱིས་སོང་༔ མགར་བ་སྐྱེངས་ནས་བཞིན་ལོག་ཏུག་གེར་སྣང་༔ ཁྱོད་ཀྱི་ཆུང་མའི་ལུས་རྒྱན་བྱིས་པས་ཁྱེར༔ ཐོག་ཁའི་ཉལ་ཉིལ་གསེབ་ནས་ཆུང་མས་རྙེད༔ ང་ནི་མ་སྦྱིན་མི་ལེན་བནྡེ་ཡིན༔ ཁྱོད་ཀྱི་ཆུང་མའི་རྒྱན་ཆ་བརྐུ་སྲིད་དམ༔ དེ་སྐད་གསུངས་ནས་སློབ་དཔོན་ཕར་ལ་གཤེགས༔ ཡུལ་དེ་ལ་ནི་བ་གླང་བརླག་མདར་བཏགས༔ དེ་ནས་མགར་བ་ཡང་ནི་ཕྱིར་ལོག་གོ༔ ལེའུ་དགུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔