(ལེའུ་བཅུ་བཞི་པ། རང་རྒྱལ་ཐེག་པའི་ཕུན་སུམ་ཚོགས་པ་བསྟན་པ།)
རང་རྒྱལ་ཐེག་པའི་ཕུན་སུམ་
ཚོགས་ལྔ་ནི༔ སྤྲུལ་སྐུའི་ལོངས་སྐུ་ཤཱཀ་ཐུབ་རང་རྒྱལ་ཚུལ༔ མ་གྷ་དྷ་རུ་འོད་སྲུངས་ལ་སོགས་པ༔ ཉན་ཐོས་ཆེན་པོ་མཆོག་བརྒྱད་དེ༔ ཤེས་རབ་ཅན་མཆོག་ཤཱ་རིའི་བུ༔ རྫུ་འཕྲུལ་ཅན་མཆོག་མཽ་གལ་བུ༔ ཟབ་མོ་ཆོས་མཆོག་རབ་འབྱོར་དང་༔ ལྷ་མིག་ལྡན་མཆོག་མ་འགགས་པ༔ མལ་སྟན་བཀོད་མཆོག་གྱད་ནོར་བུ༔ ཁྱིམ་བདག་དད་མཆོག་འཆར་ཀ་དང་༔ མང་དུ་ཐོས་མཆོག་ཀུན་དགའ་བོ༔ བསླབ་ལ་གུས་མཆོག་སྒྲ་གཅན་འཛིན༔ རྟེན་འབྲེལ་བཅུ་གཉིས་ཆོས་ཀྱི་འཁོར་ལོ་བསྐོར༔ ལུགས་འབྱུང་ལུགས་ལྡོག་གཉིས་སུ་ངེས་པ་ལ༔ མ་རིག་འདུ་བྱེད་རྣམ་ཤེས་མིང་དང་གཟུགས༔ སྐྱེ་མཆེད་དྲུག་དང་རེག་པ་ཚོར་བ་སྲེད༔ ལེན་པ་སྲིད་པ་སྐྱེ་བ་རྒ་ཤིའོ༔ དེ་ཡང་རྒྱུ་འབྲས་འབྲས་བུས་འཁོར་བར་འཁྱམས༔ དེ་ཡང་ལུགས་ལྡོག་ཚུལ་དུ་བསྒོམས་པས་ཏེ༔ མ་རིག་ཕུགས་རྡིབ་འདུ་བྱེད་རྩ་བ་ཆད༔ དེ་ཡིས་རྣམ་ཤེས་ཡུལ་ལ་མི་འཇུག་པ༔ དེ་ཡིས་མིང་དང་གཟུགས་ཀྱི་དེར་འཛིན་ཞིག༔ དེ་ཡིས་རེག་པ་
༄༅༔ ༔འདོད་པའི་དུག་ཞི་བས༔ སྲེད་པའི་ཆུ་སྐེམས་ལེན་པའི་ཡུལ་མི་འཇུག༔ དེ་ཡིས་སྲིད་པའི་དྲ་བ་ཞིག་པ་ཡིས༔ སྐྱེ་བའི་སྒོ་འགགས་རྒ་ཤིའི་སྡུག་བསྔལ་བྲལ༔ དེ་ལྟར་རྟེན་འབྲེལ་ཚུལ་དུ་བསྒོམ་པའི་ཆོས༔ མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་ལས༔ གཏན་ལ་ཕབ་པའི་སྡེ་སོགས་བཅུ་གཉིས་སོ༔ བསྡུ་ན་སྔོན་དང་ཕྱི་དང་ཡང་དག་དང་༔ ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས༔ བཀའ་ཡི་བསྡུ་བ་འོད་སྲུངས་སོ༔ ལོ་པཎ་བཀའི་ཐང་ཡིག་ལས་རང་རྒྱལ་ཐེག་པའི་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔