(ལེའུ་བཅོ་ལྔ་པ། བྱང་སེམས་ཐེག་པའི་ཕུན་ཚོགས་བསྟན་པ།)
བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་ལྔ་ནི༔ སྤྲུལ་སྐུའི་ཆོས་སྐུ་ཤཱཀྱ་ཐུབ་པའི་ཚུལ༔ བྱ་རྒོད་ཕུང་པོ་ཡངས་པ་ནཱ་ལེནྡྲར༔ འཁོར་ནི་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ༔ དུས་ནི་བར་པ་བཞི་བཅུ་གཉིས་ནས་ནི༔ བདུན་ཅུའི་བར་དང་ཐ་མ་བརྒྱད་བཅུ་གཉིས༔ མདོ་སྡེ་ཉི་ཁྲི་ཆིག་སྟོང་རྒྱས་པ་ལ༔ མཚན་ཉིད་མེད་དང་དོན་དམ་
རྣམ་པར་ངེས༔ ཆོས་དེའི་བརྗོད་བྱ་ཡུམ་སྲས་བཅུ་བདུན་ཏེ༔ རྒྱས་འབྲིང་རྣམ་གསུམ་བྱམས་ཞུས་ཁྲི་བརྒྱད་སྟོང༔ ཤེས་རབ་ཁྲི་པ་ཤེས་རབ་སྣ་ཚོགས་པ༔ ཚུལ་བརྒྱ་ལྔ་བཅུ་ཆོས་སྒོ་ཉེར་ལྔ་པ༔ རྡོ་རྗེ་གཅོད་པ་དང་ནི་བདུན་བརྒྱ་པ༔ རབ་རྩལ་ཞུས་པ་དང་ནི་ལྔ་བཅུ་པ༔ ཀོའུ་ཤི་ཀས་ཞུས་དང་སྡུད་པ་དང་༔ ཤེས་རབ་སྙིང་པོ་ཡི་གེ་གཅིག་མའོ༔ ཤེས་རབ་ཕྱོགས་དང་ཕལ་ཆེན་དཀོན་ཅོག་བརྩེགས༔ ལང་ཀར་གཤེགས་དང་མྱ་ངན་འདས་མདོ་དང་༔ མདོ་སྡེ་ངེས་འགྲེལ་ལ་སོགས་བཅུ་གཉིས་སོ༔ བསྡུ་བ་པོ་ནི་ཀུན་དགའ་བོ་ཡིས་བཏུས༔ རང་དོན་ལ་ནི་མ་ལྟོས་ཚད་མེད་བཞི༔ དེ་ཡང་སེམས་བསྐྱེད་རྩ་བ་བྱམས་པ་ཡིན༔ གང་ཡིན་འདྲི་ན་བྱམས་པ་ཡིན་གྱིས་ཤིག༔ སྡིག་པ་ཅན་ནི་བྱམས་པ་སྐྱེ་བའི་ཡུལ༔ དྲིས་ལན་ཚུལ་དུ་བྱམས་པ་ནི༔ ཕྱི་དང་ནང་དང་གསང་བ་དང་༔ ངོ་བོ་ཉིད་དང་རྡོ་རྗེ་ལྟར༔ ཁོང་ཁྲོ་མེད་པའི་བྱམས་པའོ༔ རང་བཞིན་གྱི་ནི་བྱམས་པ་ནི༔ ཕྱི་དང་ནང་དང་
༄༅༔ ༔གསང་བ་དང་༔ འདོད་སྲེད་མེད་པའི་བྱམས་པའོ༔ རྐྱེན་གྱིས་བསྐུལ་བའི་བྱམས་པ་ནི༔ ཕྱི་དང་ནང་དང་གསང་བ་དང་༔ གཏི་མུག་མེད་པའི་བྱམས་པའོ༔ ཕན་འདོགས་སྒྲུབ་པའི་བྱམས་པ་ནི༔ ཕྱི་དང་ནང་དང་གསང་བ་དང་༔ ང་རྒྱལ་མེད་པའི་བྱམས་པའོ༔ སེམས་ཅན་དོན་བྱེད་བྱམས་པ་ནི༔ ཕྱི་དང་ནང་དང་གསང་བ་དང་༔ ཕྲག་དོག་མེད་པའི་བྱམས་པའོ༔ རིགས་དྲུག་སྡུག་བསྔལ་བདག་བླངས་བྱམས་པ་ལྔ༔ དཔེ་ནི་བུ་གཅིག་མ་ལྟ་བུ༔ སེམས་ཅན་ཕ་མའི་རང་བཞིན་ཅན༔ དགེ་བའི་རྩ་བ་སྙིང་རྗེ་ཡིན༔ གང་ཡིན་འདྲི་ན་སྙིང་རྗེ་ཡིན་གྱིས་ཤིག༔ རང་བཞིན་སྐྱེས་པའི་སྙིང་རྗེ་དང་༔ ཕྱི་དང་ནང་དང་གསང་བའོ༔ སེམས་ཅན་དམིཊ་པའི་སྙིང་རྗེ་དང་༔ ཕྱི་དང་ནང་དང་གསང་བའོ༔ ཆོས་ལ་དམིགས་པའི་སྙིང་རྗེ་དང་༔ ཕྱི་དང་ནང་དང་གསང་བའོ༔ དམིགས་པ་མེད་པའི་སྙིང་རྗེ་དང་༔ ཕྱི་དང་ནང་དང་གསང་བའོ༔ མི་སྐྱོ་བ་ཡི་སྙིང་རྗེ་དང་༔ ཕྱི་དང་ནང་དང་གསང་བའོ༔ སྡུག་བསྔལ་ཅན་ནི་སྙིང་རྗེའི་ཡུལ༔ དཔེ་ནི་ཁྲི་སྙན་ས་ལེ་འདྲ༔ གནོད་པ་སྐྱེལ་ལན་ཕན་འདོགས་སོ༔ བདག་གི་བདེ་བ་གཞན་སྨིན་དགའ༔
ཕ་མ་མཁན་སློབ་བླ་མ་ནི༔ སྤྲོ་བ་དང་བཅས་དགའ་བའི་ཡུལ༔ བསྟན་པའི་རྩ་བ་དགའ་བ་ཡིན༔ གང་ཡིན་འདྲི་ན་དགའ་བ་ཡིན་གྱིས་ཤིག༔ འཕགས་པ་རབ་ཏུ་དགའ་བ་དང་༔ ཕྱི་དང་ནང་དང་གསང་བའོ༔ མོས་གུས་དང་བཅས་དགའ་བ་དང་༔ ཕྱི་དང་ནང་དང་གསང་བའོ༔ བཙལ་བཀའ་རྙེད་པའི་དགའ་བ་དང་༔ ཕྱི་དང་ནང་དང་གསང་བའོ༔ ཞི་བར་གནས་པའི་དགའ་བ་དང་༔ ཕྱི་དང་ནང་དང་གསང་བའོ༔ མི་ཐུབ་པ་ཡི་དགའ་བ་དང་༔ ཕྱི་དང་ནང་དང་གསང་བའོ༔ དཔེ་ནི་རྒྱལ་པོ་རབས་ཆད་བུ་བཞིན་དུ༔ རབ་ཏུ་སྤྲོ་ཞིང་དགའ་བའོ༔ ཆོས་ཀྱི་རྩ་བ་བཏང་སྙོམས་ཡིན༔ གང་ཡིན་འདྲི་ན་བཏང་སྙོམས་ཡིན་གྱིས་ཤིག༔ རང་དགར་གནས་པ་བཏང་སྙོམས་སྐྱེ་བའི་ཡུལ༔ ཕྱི་དང་ནང་དང་གསང་བའོ༔ རང་གཞན་བསྲུང་བའི་བཏང་སྙོམས་དང་༔ ཕྱི་དང་ནང་དང་གསང་བའོ༔ དུས་དང་དུས་མིན་བཏང་སྙོམས་དང་༔ ཕྱི་དང་ནང་དང་གསང་བའོ༔ དགག་སྒྲུབ་མེད་པའི་བཏང་སྙོམས་དང་༔
༄༅༔ ༔ཕྱི་དང་ནང་དང་གསང་བའོ༔ ལས་སུ་རུང་བའི་བཏང་སྙོམས་དང་༔ ཕྱི་དང་ནང་དང་གསང་བའོ༔ དཔེ་ནི་འབའ་ལ་ཏར་ན་འདྲ༔ སེམས་ཅན་ཉེ་རིང་མེད་པའོ༔ གདུག་པའི་སེམས་ལ་བྱམས་པ་ལྔ༔ འཚེ་བ་རྣམས་ལ་སྙིང་རྗེ་ལྔ༔ ཞུམ་པ་རྣམས་ལ་དགའ་བ་ལྔ༔ འཁོར་བའི་སེམས་ལ་བཏང་སྙོམས་ལྔ༔ ངོ་བོ་སངས་རྒྱས་ཆོས་རྣམས་ཀྱི༔ རིམ་པ་དེ་ལྟར་བྱུང་བ་ཡིན༔ ངེས་ཚིག་སྡིག་པ་ཅན་ལ་དགོངས༔ དབྱེ་བ་རྣམ་པ་ཉི་ཤུར་བརྗོད༔ རྒྱས་པར་བཤད་ན་བརྒྱ་རུ་ངེས༔ སྨོན་པ་སེམས་བསྐྱེད་སྡོམ་པས་ཟིན༔ འཇུག་པ་དམ་བཅའ་ཀུན་ནས་བླང་༔ དངོས་གཞི་ས་གསེར་ཟླ་བ་མེ༔ གཏེར་དང་རིན་ཅེན་འབྱུང་གནས་མཚོ༔ རྡོ་རྗེ་རི་སྨན་བཤེས་གཉེན་དང་༔ ཡིད་བཞིན་ནོར་བུ་ཉི་མ་གླུ༔ རྒྱལ་པོ་མཛོད་དང་ལམ་པོ་ཆེ༔ བཞོན་པ་བཀོད་པའི་ཆུ་དང་ནི༔ སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས༔ རྣམ་པ་ཉི་ཤུ་རྩ་གཉིས་སོ༔ དེ་ནས་འཇུག་པའི་སྡོམ་པ་བཅུ་
བླངས་ནས༔ མཁས་པ་ཅོག་བུར་རས་ཀྱི་སྟེང་དུ་ནི༔ ཐལ་སྦྱར་གུས་པས་གླེགས་བམ་བཞག་ནས་སུ༔ སྙིང་རྗེ་དང་ནི་སྤྲོ་བ་རྒྱ་ཆེན་བསྐྱེད༔ སུས་ཐོས་གྲོལ་བར་བྱ་ཕྱིར་བཀླག་པར་བྱ༔ ཁྲུས་བྱས་གོས་གཙང་གྱོན་ཏེ་དཀར་གསུམ་ཟོས༔ མྱོས་པའི་བཏུང་བ་སྒོག་བཙོང་ཟས་ལྔ་སྤང་༔ གཡེང་དང་གཏམ་གྱི་བར་ཆད་སྤངས་ནས་བསྒྲིམ༔ སྐད་གསངས་མཐེན་པོར་བཞག་སྟེ་དབུགས་གློད་བཀླག༔ ཤབ་ཤུབ་དང་ནི་སྐད་ཆེན་རྣམ་པར་སྤང་༔ མྱུར་ཞིང་མི་གསལ་ཀུན་ཏུ་བུལ་བ་དང་༔ གཉིད་དང་འཇོག་ངལ་རྟབ་རྔམ་བསྡུས་པོ་དག༔ སྤངས་ཏེ་འཇམ་ཞིང་ཟུར་ཕྱིན་བཀླག་པར་བྱ༔ ཐོག་མར་བརྟབ་སྟེ་ཧ་ཅང་སྒྲ་ཆེན་མིན༔ བར་དུ་གནོད་མེད་ནུས་པ་དང་སྦྱར་ནས༔ དབྱངས་ནི་སྡེ་དང་ཁམས་སུ་བཅས་པ་སྟེ༔ ཐ་མལ་དལ་ཞིང་གསལ་བར་བཀླག་པར་བྱ༔ བ་དན་ཕུར་སྣ་ཐ་མར་ཞི་བ་དང་༔ མཚམས་ལ་གླེང་གླེང་ཐ་མ་ཞི་བཞིན་དུ༔ ཇི་སྲིད་མི་སྐྱོའི་བར་དུ་བཀླགས་ནས་ནི༔ ཐལ་མོ་སྦྱར་ཏེ་དྲིལ་ཞིང་གུས་པས་
༄༅༔ ༔བཞག༔ དེ་ནས་སྨོན་ལམ་དགེ་བ་བསྔོ་བྱས་ཏེ༔ རྡུལ་མེད་ལངས་ནས་དགོས་པའི་གཏམ་བྱ་ཞིང་༔ མི་དགོས་སྣ་ཚོགས་གཏམ་གྱི་གཡེང་བ་སྤང་༔ བདག་གཞན་ཉོན་མོངས་བསྐྱེད་པར་མི་བྱའོ༔ གླེགས་བམ་དེ་ནི་དུས་གསུམ་རྒྱལ་བ་ཡིས༔ མི་ཡིས་ཐོག་མར་མཆོད་བྱར་གསུངས་པ་སྟེ༔ བཀླགས་ནས་སྔར་བཞིན་གུས་བྱ་ཞིང་༔ ཡང་ཡང་གླེགས་བམ་ཀློག་པར་བྱ༔ ད་ལྟ་སྦྱོར་བ་ཚོགས་པ་ཡིས༔ གང་ཞིག་གླེགས་བམ་ཀློག་བྱེད་ན༔ དེ་ལ་ཞལ་ནས་གསུངས་པ་ཡི༔ དགོས་པ་འགྲུབ་པར་ཐེ་ཚོམ་མེད༔ གླེགས་བམ་ཀློག་པའི་བྱ་བ་ནི༔ མདོ་ཙམ་རིགས་བརྒྱུད་འབྲེལ་བ་ཡིན༔ ལོ་པཎ་ཀུན་གྱི་མཛད་པ་ནི༔ ཡོངས་རྫོགས་ཆོས་རྣམས་བཀླག་པར་བྱ༔ གསུང་གི་དབང་ཕྱུག་ཐོབ་པར་འགྱུར༔ ངོ་བོ་མཆོད་གནས་ཞེས་བྱའོ༔ ངེས་ཚིག་ཀློག་མཁན་ཞེས་བྱའོ༔ དབྱེ་ན་ལུས་ངག་ཡིད་གསུམ་པོ༔ སྐྱོན་དང་ལྡན་ན་མཆོད་གནས་མིན༔ སྒྲ་མེད་སྙན་པ་
སླུ་བར་བྱེད་པ་དང་༔ མི་གསལ་མ་དག་ཀློག་མཁན་མ་ཡིན་ནོ༔ ཁྲི་སྟན་དམའ་ཞིང་མི་གཙང་བ་དག་དང་༔ ཁྲུས་དང་གཙང་སྦྲ་བྲལ་ཞིང་ལེ་ལོར་གནས༔ མཚན་བར་རེག་ཅིང་གླེགས་བམ་དག་ལ་འཛིན༔ དེ་དག་ཕྱུགས་མ་འདྲ་བའི་སྤྱོད་ལམ་གནས༔ རྒྱལ་བའི་འབྱུང་གནས་གླེགས་བམ་རིན་ཅེན་ལ༔ མ་གུས་སྟོངས་ཀྱིས་འཕྲོག་པ་ལྟར་བྱས་ནས༔ རྡེབ་ཅིང་ལྷུང་བ་ལྟ་བུར་བཞག་ནས་ནི༔ ཕོ་དུང་ལྕག་གིས་བྲབས་པ་ལྟ་བུ་དང་༔ ཞལ་ཕྱེ་བལྡད་པ་ལྟ་བུས་ཀློག་བྱས་ཏེ༔ དྲི་ངན་མཆིལ་མའི་ཟིལ་པ་དང་ལྡན་པའི༔ མཁའ་ཡི་དབུགས་ཀྱིས་རྡུལ་གཡབ་བྱེད་པ་དང་༔ མི་གཙང་མཆིལ་མས་གོས་པའི་སོར་མོ་ཡིས༔ འཛིན་ཅིང་ཀློག་པས་རྩིག་པར་བྱེད་པ་དང་༔ ཀློག་པར་སྐྱོ་བས་པོ་ཏི་པང་པས་བཏེག༔ དེ་ནས་ཚོད་ཙམ་ཞིག་ཀྱང་དཔགས་ཏེ་འཇོག༔ བལྟས་ཤིང་དཔགས་པས་ཐོན་ལ་མི་ཕན་ནོ༔ དེ་ནི་དམ་ཆོས་སྤངས་པའི་ཉེས་པར་གསུངས༔ ཐ་མ་ཁྱིའུ་ལྟེབ་ལྟར་ཕུལ་བ་སྟེ༔ ལུས་ཀྱི་
༄༅༔ ༔སྟོབས་རྔམ་བྱེད་ཕྱིར་མ་གུས་པ༔ འདི་དག་ལུས་ཀྱི་ཉེས་པར་བརྗོད་པ་ཡིན༔ དེས་ནི་དམ་ཆོས་སྤངས་པའི་ཉེས་པ་འབྱུང་༔ བདག་ནི་ཀློག་པར་བྱེད་ཅེས་སྒྲོག་པའི་ཕྱིར༔ ཐོག་མར་འོ་དོད་སྐད་ཀྱིས་བཀླགས་བྱས་ཏེ༔ དེ་ནི་དམ་ཆོས་སྤངས་པའི་ཉེས་པར་གསུངས༔ དེ་ནས་མྱུར་ཞིང་མི་གསལ་ཤབ་ཤབ་དང་༔ སྒྲ་མེད་མགོ་ལུས་མཆུ་དག་བསྐྱོད་པ་སྟེ༔ དེས་ནི་གླེགས་བམ་བཀླག་པ་མ་ཡིན་ནོ༔ ཀློག་སྐད་ཤུབ་ནས་གཞན་གྱི་སྒྲ་ལ་ཉན༔ གཏམ་ལན་འདོན་པའི་ཀློག་མཁན་གསལ་པོའམ༔ ཀློག་རྣམས་མཁས་ན་དོན་གྱི་ཆོད་ཀྱང་ཆེ༔ འོན་ཀྱང་རང་གི་དགོས་པ་ཤོར་བར་སྣང་༔ ཤ་ཆང་སྒོག་པ་ཆོས་འགལ་ཟས་ལ་སྲེད༔ བརྟུལ་ཞུགས་ཆུང་བས་བགེགས་ཀྱིས་ཚུགས་པར་སླ༔ འདི་དག་ངག་གི་ཉེས་པར་བརྗོད་པའོ༔ སྲེད་པ་རེ་དོགས་རྟག་ཏུ་དྲན་པ་དང་༔ བུད་མེད་ལ་སོགས་ཡིད་གཏོད་ཡིད་ཀྱི་སྐྱོན༔ དེ་བས་ཉེས་པ་འདི་དག་སྤངས་ནས་ནི༔ མི་དང་མི་མིན་ཉན་པོ་ཚོགས་ཀྱི་རྣར༔
གསལ་བར་བཀླགས་ན་རྣམ་གྲོལ་ཐོབ་འགྱུར་བས༔ སྐད་གསངས་མཐོན་པོས་ཟུར་ཕྱིན་བཀླག་པར་བྱ༔ རྫུན་དུ་སྨྲས་པའི་ངག་གི་ཉེས་པ་ནི༔ རྒྱ་ཆེར་གྱུར་པའི་ལྕེ་ནི་བརྒྱངས་བྱས་ཏེ༔ མཐོང་གཤོལ་འབར་བ་དུ་མས་རྨོས་པ་ཡི༔ སྡུག་བསྔལ་བཟོད་དཀའ་ཡུན་རིང་གནས་པར་གསུངས༔ ཚུལ་ཁྲིམས་ལ་སོགས་བདག་ལ་ཡོད་མིན་ཀྱང་༔ ཚུལ་ཁྲིམས་ཚོགས་དང་ལྡན་པའི་ཆོས་པ་གང་༔ དེ་ནི་ཀུན་ཏུ་སླུ་བར་བྱེད་པ་སྟེ༔ བྱིས་པའི་ལོངས་སྤྱོད་དག་ཀྱང་འབར་བར་འགྱུར༔ གང་ལ་དམ་ཚིག་སྡོམ་པ་རིམ་མི་ལྡན༔ དེ་ལ་འཕགས་པ་མཉེས་པར་དཀའ་བས་ཏེ༔ བདག་དང་གཞན་གྱི་དོན་རྣམས་མི་འགྲུབ་པས༔ དམ་ཚིག་སྡོམ་པ་དག་ལ་གནས་པར་བྱ༔ ཀློག་མཁན་ངན་པའི་སྐྱོན་གྱི་རྣམ་གྲངས་རྣམས༔ སྤངས་ཏེ་ཞར་ལ་གདམས་པ་དང་བཅས་ཏེ༔ ཨཱ་ལི་དབྱངས་དང་གསལ་བྱེད་བརྗོད་པར་བྱ༔ ཆོས་རྣམས་རྩ་བ་མྱུར་བ་ཚུལ་ཁྲིམས་སོ༔ བསླབ་པ་གསུམ་བཤགས་སྡོམ་ནན་བྱ་བ་གཅེས༔ ངོ་བོ་ཤེས་རབ་ཕྱོགས་ཀྱི་
༄༅༔ ༔དཀར་ཆག་ལ༔ རྒྱས་པ་འབུམ་ལ་བམ་པོ་ཤློ་ཀ༔ ཚེག་བར་དགུ་ཡིས་བཅད་པའི་ཚིག་རྐང་ནི༔ ཤད་བར་བཞི་ལ་ཤློ་ཀ་གཅིག་ཟེར༔ དེ་བས་ཤློ་ཀ་འབུམ་ཡོད་པའི་ཕྱིར༔ བརྗོད་བྱ་རྒྱས་པ་འབུམ་ཞེས་བྱ༔ སྟོང་ཕྲག་བརྒྱ་ནི་ཡོད་པའི་ཕྱིར༔ སྟོང་ཕྲག་བརྒྱ་པ་ཞེས་བྱའོ༔ ལེའུ་བདུན་ཅུ་རྩ་གཉིས་ཡོད༔ བམ་པོ་སུམ་བརྒྱ་ཤད་ནི་བཞི་འབུམ་ཡོད༔ ཚེག་ནི་བྱེ་བ་བཞི་དང་འབུམ་ཡོད་དོ༔ དེ་ནི་ཆོས་ཀྱི་ངེས་ཚིག་གོ་བ་ལོང་༔ ཞུས་པའི་དོན་ནི་ཉིས་བརྒྱ་ལྔ་བཅུ་ཡོད༔ དབྱེ་ན་རྣམ་གྲངས་བཅུ་གཉིས་ཡོད༔ ཞུ་བ་པོ་ནི་བརྒྱད་ཡོད་དོ༔ ཤེས་རབ་ཅན་གྱི་མཆོག་གྱུར་པ༔ ཤཱ་རིའི་བུ་ཡིས་གཉིས་ཞུས་སོ༔ འདྲི་ཞིང་ལན་འདེབས་མཆོག་གྱུར་པ༔ རབ་འབྱོར་གྱིས་ནི་བཞི་ཞུས་སོ༔ བྱམས་བུ་གང་པོས་གཅིག་ཞུས་སོ༔ འཕགས་པ་བྱམས་པས་གཅིག་ཞུས་སོ༔ ལྷ་དབང་བརྒྱ་བྱིན་གཉིས་ཞུས་སོ༔ ཆོས་འཕགས་དང་ནི་རྟག་ཏུ་ངུ་༔ གཉིས་
ཀྱིས་སྤྱི་ལ་གཅིག་ཞུས་སོ༔ མང་དུ་ཐོས་པའི་མཆོག་གྱུར་བ༔ འཕགས་པ་ཀུན་དགའ་བོས་ནི་གཅིག་ཞུས་སོ༔ དེ་ལྟར་རྐང་གྲངས་བཅུ་གཉིས་སོ༔ ཤློ་ཀ་འབུམ་ཡོད་པ་ནི༔ འཁོར་བ་མྱང་འདས་འདྲེས་ཏེ་གཉིས་འདུས་སོ༔ འཁོར་བའི་འདྲེས་ནི་ཕུང་པོ་ལྔ་པོ་ནས༔ རྒ་ཤི་ཡན་ཆད་བཞི་ལ་ཟེར་བ་ཡིན༔ མྱ་ངན་འདས་པའི་འདྲེས་བཤད་པ༔ སྦྱིན་པའི་ཕ་རོལ་ཕྱིན་པ་ནས༔ རྣམ་པ་ཐམས་ཅད་མཁྱེན་པ་ཉིད༔ ཡན་ཆད་ལ་ནི་ཟེར་བ་ཡིན༔ འབྲས་བུ་སངས་རྒྱས་བཅོམ་ལྡན་འདས༔ ཆེ་བའི་ཡོན་ཏན་གྱིས་ལྡན་ནོ༔ ཉི་ཁྲི་ལྔ་སྟོང་དཀར་ཆག་ལ༔ ཤོ་ལོ་སྟོང་ཕྲག་ཉི་ཤུ་ལྔ༔ ལེའུ་བདུན་ཅུ་རྩ་གཉིས་ཡོད༔ བམ་པོ་བརྒྱད་ཅུ་སྨྲས་ཀྱང་ནི༔ དོན་ལ་བདུན་ཅུ་དོན་བརྒྱད་ཡོད༔ དེ་ལ་ཤད་ནི་འབུམ་ཡོད་དོ༔ ཚེག་ནི་བྱེ་བ་གཅིག་དང་འབུམ༔ ཞུ་བ་པོ་ནི་འབུམ་དང་འདྲ༔ ཁྲི་བརྒྱད་སྟོང་པའི་དཀར་ཆག་ལ༔ ཤློ་སྟོང་ཕྲག་བཅོ་བརྒྱད་ཡོད༔ ལེའུ་བརྒྱད་ཅུ་རྩ་བདུན་ཡོད༔ བམ་
༄༅༔ ༔པོ་དྲུག་ཅུ་ཐམ་པ་ཡོད༔ ཤད་ནི་བདུན་ཁྲི་ཉིས་སྟོང་ཡོད༔ ཚེག་ནི་བདུན་འབུམ་དགུ་ཁྲི་ཡོད༔ ཤེས་རབ་ཁྲི་པའི་དཀར་ཆག་ལ༔ ཤློ་སྟོང་ཕྲག་བཅུ་གཉིས་ཡོད༔ ལེའུ་བདུན་ཅུ་རྩ་བདུན་ཡོད༔ ཤད་ནི་བཞི་ཁྲི་ཐམ་པ་ཡོད༔ ཚེག་ནི་བཞི་ཁྲི་བཞི་འབུམ་ཡོད༔ བརྒྱད་སྟོང་པ་ཡི་དཀར་ཆག་ལ༔ ཤློ་ཀ་ནི་སྟོང་ཕྲག་བརྒྱད༔ ལེའུ་སུམ་ཅུ་ཐམ་པ་ཡོད༔ བམ་པོ་ཉི་ཤུ་རྩ་བཞི་ཡོད༔ ཤད་ནི་འབུམ་དང་ཁྲི་ཡོད་དོ༔ ཚེག་ནི་འབུམ་དང་ལྔ་ཁྲི་ཡོད༔ འོ་ན་སྟོང་ཕྲག་བརྒྱ་པ་ནི༔ དང་པོ་གང་ནས་བྱུང་བ་ནི༔ བར་དུ་གང་ན་གནས་པ་ཡིན༔ ཐ་མར་གང་དུ་དར་བ་ཡིན༔ བླང་མི་སུ་ཡིས་བྱས་པ་ཡིན༔ ཕས་སུ་དེ་ཡི་ལན་བཏབ་པ༔ དང་པོ་སྟོན་པའི་ཐུགས་ལ་གནས༔ རྒྱ་ཤོག་ལ་བྲིས་ཀླུས་ཐོབ་སྟེ༔ ཀླུ་ཡི་ཡུལ་ན་གནས་པ་ཡིན༔ དེ་ནས་ཀླུ་སྒྲུབ་སྙིང་པོས་ཐོབ༔ རྒྱ་གར་ཡུལ་གྱི་དབུས་སུ་ནི༔ རྡོ་རྗེ་གདན་དུ་རྒྱས་པར་བསྟན༔ དེ་ནས་ལྷོ་ཕྱོགས་སིངྒ་ལར༔ ཀླུ་སྒྲུབ་ཀྱིས་ནི་རྒྱས་པར་བསྟན༔
དེ་ནས་གླེགས་བམ་རྒྱ་གར་ཡུལ་དུ་ཕྱིན༔ དུས་འཁོར་བཻ་རོ་ཙ་ནས་སྤྱན་དྲངས་ནས༔ རྒྱལ་མོ་ཚ་བ་རོང་དུ་བཞུགས་སོ་སྐད༔ དེ་ནས་བོད་ཀྱི་ཡུལ་དུ་སྤྱན་འདྲེན་མཁན༔ སློབ་དཔོན་ཁམས་པ་གོ་ཆ་ཞེས་བྱ་བ༔ མི་བརྗེད་པ་ཡི་གཟུངས་ཐོབ་ཅེས་པ་དེས༔ ཐུགས་ལ་བཟུང་ནས་གླེགས་ཤིང་མདུན་རྒྱབ་སྦྱར༔ བྱོན་པས་གླེགས་བམ་མེད་པ་ཅི་ཉེས་ཟེར༔ སློབ་དཔོན་ཞལ་ནས་འདི་སྐད་གསུངས༔ དྷརྨཱ་ཀག་ཀག་རང་ལེགས་ཞེས༔ སྟོང་ཕྲག་བརྒྱ་པ་ཞལ་ནས་གསུངས༔ ཐུགས་ལ་བཟུང་ནས་བཤད་པར་གདའ༔ སློབ་དཔོན་ཁམས་པ་གོ་ཆ་ནི༔ དྷརྨཱའི་ངོར་བཞུགས་དེ་ལྟར་ལགས༔ ཐུགས་ལ་འབུམ་སྡེ་མངའ་བ་ལགས༔ གོ་ཆའི་ཐུགས་ལས་བྱུང་བ་ཡི༔ དྷརྨཱ་སྟོང་ཕྲག་བརྒྱ་པ་ནི༔ ལྷ་སའི་མིག་མངས་ཚལ་ན་བཞུགས༔ སླད་ཀྱིས་སྤྱན་དྲངས་དྷརྨཱ་ནི༔ བསམ་ཡས་དབུ་རྩེ་ན་བཞུགས་སོ༔ ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱིས༔ གཙུག་ལག་ཁང་ནི་རྒྱ་ཆེན་བཞེངས༔ དྷརྨཱ་བོད་ཡུལ་དར་ཞིང་རྒྱས༔ མདོ་སྔགས་གཉིས་
༄༅༔ ༔སོ་གསོལ་ལོ་སྐད༔ དེ་ནི་འགྱུར་བྱང་དཀར་ཆག་གོ༔ གལ་ཏེ་ཀུན་ལ་ཡོད་ན་ངོ་མཚར་ཆུང་༔ ཀུན་གྱིས་ཤེས་ན་མཁས་པ་སུ་ཡིས་བྱེད༔ འོ་ན་འབུམ་སྡེ་ལྔ་ལ༔ རྒྱས་པ་འབུམ་ནི༔ ཤློ་ཀ་འབུམ་ཡོད་པའི་ཕྱིར་ན་འབུམ་ཞེས་བྱའོ༔ དཀོན་ཅོག་བརྩེགས་པའི་འབུམ་ནི༔ སངས་རྒྱས་ཀྱི་མཚན་མི་མཐུན་པ་འབུམ་ཡོད་པས་ན་འབུམ་ཞེས་བྱའོ༔ ཕལ་པོ་ཆེ་ལ་སྨོན་ལམ་འབུམ་ཡོད་པས་ན་འབུམ་ཞེས་བྱའོ༔ དེ་ལ་མཚན་དགུ་བརྒྱ་ཚང་བ་ནི༔ འཕགས་པ་གླིང་མོ་ལ་ལམ་བསྟན་གྱི་ནང་ན་བཞུགས་སོ༔ མྱ་ངན་འདས་པའི་འབུམ་ནི༔ སྟོན་པ་སྐུ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་བཞག་པའི་ཕྱིར་ན་འབུམ་མོ༔ འཕགས་པ་ལང་ཀར་གཤེགས་པའི་འབུམ་ནི༔ སྲིན་པོའི་ཡུལ་ལང་ཀ་པུ་རངས་སུ༔ མདོ་སྡེ་ལང་ཀར་གཤེགས་པ་བཞེངས་སུ་གསོལ་ནས༔ སྲིན་པོ་འབུམ་བཏུལ་བ་དང་༔ རྣམ་གྲངས་འབུམ་ཡོད་པས་ན་འབུམ་ཞེས་བྱའོ༔ ལོ་པཎ་བཀའི་ཐང་ཡིག་ལས་བྱང་
སེམས་ཐེག་པའི་ཕུན་ཚོགས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔