༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་བདུན་པ། སྤྱོད་པའི་རྒྱུད་ཀྱི་ཕུན་ཚོགས་བསྟན་པ།
Previous Chapter
(ལེའུ་བཅུ་བདུན་པ། སྤྱོད་པའི་རྒྱུད་ཀྱི་ཕུན་ཚོགས་བསྟན་པ།)
སྤྱོད་པའི་རྒྱུད་ཀྱི་ཕུན་སུམ་ཚོགས་ལྔ་ནི༔ ལོངས་སྐུའི་ལོངས་སྐུ་རིགས་བཞིའི་སངས་རྒྱས་ཚུལ༔ གནས་ནི་དགའ་ལྡན་དང་ནི་གཟུགས་ཁམསོ༔ འཁོར་ནི་འདོད་ཁམས་ལྷ་དང་གཟུགས་ཁམས་ལྷ༔ རྒྱུད་སྡེ་སྟོང་ཕྲག་དྲུག་ལས་འདི་རུ་ནི༔ ཨུ་པ་ཡ་ཡི་རྒྱུད་སྡེ་ཆེན་པོ་བཞི༔ རྣམ་བར་སྣང་མཛད་མངོན་པར་བྱང་ཆུབ་རྒྱུད༔ ཉི་མ་གཟི་བརྗིད་རིག་འཛིན་སྡེ་སྣོད་རྒྱུད༔ ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་སྡེ་རྣམས༔ སྡུད་པ་པོ་ནི་ཕྱག་ནརྡོ་རྗེའོ༔ ལོ་པཎ་བཀའི་ཐང་ཡིག་ལས་སྤྱོད་པའི་རྒྱུད་ཀྱི་ལེའུ་སྟེ་བཅུ་བདུན་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔