༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉི་ཤུ་པ། ཨ་ནུ་ཡོ་གའི་ཕུན་ཚོགས་བསྟན་པ།
Previous Chapter
Next Chapter

(ལེའུ་ཉི་ཤུ་པ། ཨ་ནུ་ཡོ་གའི་ཕུན་ཚོགས་བསྟན་པ།)

ཨ་ནུ་ཡོ་གའི་ཕུན་སུམ་ཚོགས་ལྔ་ནི༔ ཆོས་སྐུའི་ལོངས་སྐུ་རྡོ་རྗེ་

4-60b

འཆང་ཆེན་གྱིས༔ ཁྱད་པར་གནས་ནི་འོག་མིན་སྟུག་པོ་བཀོད༔ ཐུན་མོང་གནས་ནི་རྒྱལ་པོ་པུ་རིའི་ཚལ༔ ཁྱད་པར་འཁོར་ནི་རིགས་ལྔའི་སངས་རྒྱས་ཏེ༔ ཐུན་མོང་འཁོར་ནི་ལང་ཀའི་བདག་པོ་སོགས༔ མ་རྒྱུད་བྱེ་བ་ཕྲག་ནི་བཅུ་དྲུག་ལ༔ མ་ཧཱ་ཡོ་ག་དང་ནི་ཐུན་མོང་དུ༔ སྒྱུ་འཕྲུལ་གསང་སྙིང་སྒྱུ་འཕྲུལ་ལེ་ལག་དང་༔ ཐབས་ཀྱི་ཞགས་པ་པདྨའི་འཕྲེང་བ་སོགས༔ སྒྱུ་འཕྲུལ་སྡེ་དྲུག་ལུང་ཡིག་བདུན་ཅུ་གསུངས༔ སྡུད་པ་པོ་ནི་རྡོ་རྗེ་སེམས་དཔས་བསྡུས༔ ཨ་ནུའི་རྒྱུད་ལུང་ཉི་ཤུ་རྩ་ལྔ་ལ༔ ལུང་གི་རྒྱུད་ལྔ་ལུང་གི་ལུང་དགུ་དང་༔ ལུང་གི་མན་ངག་ཉིད་དང་བཅུ་གཅིག་གོ༔ ལུང་གི་རྒྱུད་ལྔ་ལ༔ ཧེ་རུ་ཀ་གལ་པོ༔ འཇིག་རྟེན་ལས་འདས་པའི་མདོ༔ ཧེ་རུ་ཀ་འདུས་པ༔ སངས་རྒྱས་མཉམ་སྦྱོར༔ ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲའོ༔ ལུང་གི་ལུང་དགུ་ནི༔ བསྐལ་པ་མེ་ལྟར་འབར་བའི་ཏནྟྲ༔ དབང་ཆེན་འདུས་པའི་ཏནྟྲ༔ གཏོར་ཚོགས་རྒྱ་མཚོའི་ཏནྟྲ༔ ལྷ་མོ་མ་གོལ་མའི་ཏནྟྲ༔ རིག་

4-61a

༄༅༔       ༔འཛིན་དུག་གི་ཏནྟྲ༔ གསང་བ་སྟོང་གིས་བརྒྱན་པའི་ཏནྟྲ༔ གསང་བ་གཏན་ཚིགས་ཀྱི་ཏནྟྲ༔ ཡ་མན་ཏ་ཀའི་ཏནྟྲ༔ བམ་པོ་བརྒྱད་པའོ༔ ལུང་གི་མན་ངག་བཅུ་གཅིག་ནི༔ ལུང་གི་མདོ་ལྔ་དང་༔ རྒྱུད་ཀྱི་རྒྱལ་པོ་དྲུག་གོ༔ ལུང་གི་མདོ་ལྔ་ནི༔ ཡང་དག་ཀུན་འདུས་རིག་པའི་མདོ༔ ཕུར་པ་ཁུ་བྱུག་རོལ་པའི་མདོ༔ སྒྱུ་འཕྲུལ་རྔམ་པ་གློག་གི་མདོ༔ སེམས་ཕྱོགས་སེམས་ལུང་ཆེན་མོའི་མདོ༔ སྤྱི་མདོ་དགོངས་པ་འདུས་པའི་མདོའོ༔ ལུང་གི་རྒྱུད་དྲུག་ནི༔ ཀུན་ཏུ་བཟང་པོའི་ཆེ་བ་རང་ལ་གནས་པའི་རྒྱུད༔ དབང་བསྐུར་རྒྱལ་པོའི་རྒྱུད༔ དམ་ཚིག་ས་མ་ཡ་བཀོད་པ་རྒྱལ་པོའི་རྒྱུད༔ ཏིང་ངེ་འཛིན་རིག་པ་མཆོག་གི་རྒྱུད༔ འཕྲིན་ལས་ཁ་སྦྱོར་བདུན་པའི་རྒྱུད༔ སྤྱོད་པ་དོན་དང་ལྡན་པའི་རྒྱུད་དོ༔ ལོ་པཎ་བཀའི་ཐང་ཡིག་ལས་ཨ་ནུ་ཡོ་གའི་ཕུན་ཚོགས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔