༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་གཉིས་པ། སྤྱི་ཏི་ཡོ་གའི་ཕུན་ཚོགས་བསྟན་པ།
Previous Chapter
Next Chapter

(ལེའུ་ཉེར་གཉིས་པ། སྤྱི་ཏི་ཡོ་གའི་ཕུན་ཚོགས་བསྟན་པ།)

སྤྱི་ཏི་ཡོ་གའི་ཕུན་སུམ་ཚོགས་ལྔ་ནི༔ སྐུ་གསུམ་དབྱེར་མེད་ཀུན་ཏུ་འཆང་གི་ཚུལ༔ གནས་ནི་བཀོད་པ་ལྷུན་གྲུབ་ཕོ་བྲང་དུ༔ འཁོར་ནི་རིག་འཛིན་རྒྱལ་པོ་ཀུན་ཛ་ར༔ དམ་པའི་རིགས་ཆེན་ལྔ་ལ་སོགས་པའོ༔ ཆོས་ནི་འབྲས་བུ་ལས་རྒྱུད་གཅོད་པ་ལ༔ ཁྱད་པར་ཐེག་པ་རིམ་པ་དགུ་གསུངས་ཏེ༔ སྒོ་དབྱེ་བརྡ་སྒོ་འདུལ་བྱེད་ཐེག་པ་དང་༔ སྣང་བྱེད་སྟོན་པས་འདུལ་བྱེད་ཐེག་པ་དང༔ ཚིམ་བྱེད་བདེ་བས་འདུལ་བྱེད་ཐེག་པ་དང་༔ འདི་གསུམ་རྒྱུ་འཁོར་རྒྱུ་ནི་ཐེག་པའོ༔ དཀའ་ཐུབ་རིགས་བྱེད་ཐེག་པ་དང་༔ ཀུན་འབྱུང་བདེན་པའི་ཐེག་པ་དང་༔ དབང་སྒྱུར་ཐབས་ཀྱི་ཐེག་པ་སྟེ༔ འདི་གསུམ་དོན་དམ་ངེས་པའི་ཐེག་པའོ༔ ཞེན་པ་ལས་

4-63a

༄༅༔       ༔རྒྱུད་གཅོད་པའི་ཐེག་པ་དང་༔ དྲེཊ་པ་ལས་རྒྱུད་གཅོད༴ རྨོངས་པ་ལས་རྒྱུད་གཅོད་པའི་ཐེག་པ་སྟེ༔ འདི་གསུམ་ལས་རྒྱུད་གཅོད་པའི་ཐེག་པའོ༔ རྩོལ་པ་འཇུག་པའི་སྒོ་མོ་བཞི༔ སྒྲུབ་པ་ཐབས་ཀྱི་སྒོ་མོ་བཞི༔ མཐར་ཕྱིན་འབྲས་བུའི་སྒོ་མོ་བཞི༔ ལུང་གི་གསང་སྒོ་གསུམ༔ ཤེས་རབ་ཀྱི་རྟོགས་སྒོ་གསུམ༔ ཏིང་ངེ་འཛིན་གྱི་སྒོམ་སྒོ་གསུམ༔ སྒོ་གསུམ་སྤྱིའི་ལྡེ་མིག་གསུམ༔ སྒོ་གཉིས་ཐུན་མོང་གི་ལྡེ་མིག་གསུམ༔ ཁྱད་པར་གསང་སྒོའི་ལྡེ་མིག་གསུམ༔ འཕྲིན་ལས་ཀྱི་ལུང་བརྒྱད་དོ༔ བཀའ་འདུས་ཟུག་པ་རྩ་བའི་རྒྱུད༔ ཤློ་ཀ་ནི་འབུམ་ཚོ་བདུན༔ ལེའུ་སྟོང་ཕྲག་ཉི་ཤུ་པ༔ འདྲིལ་སྟོང་ལེའུ་བརྒྱ་རྩ་བརྒྱད༔ གྱེས་པ་ཡལ་གའི་རྒྱུད་ལ་ནི༔ ལེའུ་བདུན་ཅུ་རྩ་གཉིས་ཡོད༔ རྒྱས་པ་ལོ་འདབ་རྒྱུད་ལ་ནི༔ ལེའུ་དྲུག་ཅུ་རྩ་གཅིག་ཡོད༔ མཛེས་པ་མེ་ཏོག་རྒྱུད་དང་ནི༔ སྨིན་པ་འབྲས་བུའི་རྒྱུད་ལ་ནི༔ ལེའུ་ལྔ་བཅུ་ཐམ་པ་ཡོད༔ བསྡུས་རྒྱུད་ལེའུ་

4-63b

བཞི་བཅུ་གཅིག༔ ལུང་རྒྱུད་ལེའུ་སོ་བདུན་པ༔ མན་ངག་རྒྱུད་ལ་བཅོ་ལྔའོ༔ བཤད་རྒྱུད་ལེའུ་ཉི་ཤུ་བ༔ སྤྱི་སྤུངས་འདུས་པ་ལྔ་བཅུའོ༔ སྨིན་གྲོལ་རྒྱུད་བཅུ་དེ་ལྟར་རོ༔ ད་ནི་གཞི་བཞག་མདོ་བདུན་གསུངས༔ སྐུ་ཡོངས་རྫོགས་མི་ཕྱེད་པའི་མདོ་ལེའུ་བདུན་པ་ཞིག་གསུངས༔ གསུངས་ཡོངས་རྫོགས་མ་འདྲེས་པའི་མདོ་ལེའུ་བཅོ་ལྔ་པ་ཞིག་གསུངས༔ ཐུགས་ཡོངས་རྫོགས་ཡེ་ཤེས་མདོ་ལེའུ་བཅུ་གསུམ་པ་ཞིག་གསུངས༔ ཡོན་ཏན་གོལ་ས་གཅོད་པའི་མདོ་ལེའུ་བཅུ་གཅིག་པ་ཞིག་གསུངས༔ ཁྲིམས་གསུམ་རྩ་བ་ཡོངས་སུ་བསྟན་པའི་མདོ་ལེའུ་བདུན་པ་གསུངས༔ ལས་འཁོལ་ཆེན་པོ་རྒྱུད་འཁོལ་མ་མདོ་ལེའུ་ལྔ་པ་ཡོངས་སུ་གསུངས༔ འཆི་འབྲལ་བསྟན་པའི་མདོ་ལེའུ་དྲུག༔ སྤྱི་མདོ་གཟུངས་འདུས་ལ་དཀར་ཆག་དགུ་བཅུ་གོ་གཅིག་ཡོད༔ སྤྱན་རས་གཟིགས་ཀྱི་ཡུམ་མདོ་སྡོང་པོ་རྒྱན་གྱི་མཆོག༔ ཡི་གེ་འབྲུ་གཅིག་པ༔ བཻ་ཌཱུཪྻ་ཕྱེད་བདུན༔ རི་རབ་རྩེ་

4-64a

༄༅༔       ༔མོ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས༔ ནོར་བུ་བཟང་པོ༔ གཞན་གྱི་མི་ཐུབ་པ༔ ལག་ན་རྡོ་རྗེ་གསང་བའི་མིང་བརྒྱད་པོ༔ ཡེ་ཤེས་ཏ་ལ་ལ་སངས་རྒྱས་ཀྱི་སྙིང་པོ༔ རྟེན་འབྲེལ་སྙིང་པོ༔ ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ༔ འཇམ་དཔལ་གྱི་ཞལ་ནས་གསུངས་པ༔ རོ་ལངས་བདུན་པ༔ སྟོང་འཁྱིལ་པ༔ ལྷ་མོ་སྒྲ་དབྱངས༔ དཔལ་གྱི་ལྷ་མོ་ཆེན་མོ༔ མཆོད་པའི་སྤྲིན༔ སྟོབས་པོ་ཆེ༔ རྡོ་རྗེ་རྣམ་འཇོམས༔ ཚེ་དཔག་མེད༔ ཚེ་དཔག་མེད་ཀྱི་སྙིང་པོ༔ གཙུག་ཏོར༔ གཙུག་ཏོར་རྣམ་པར་རྒྱལ་བ༔ ཀུན་ནས་སྒོར་འཇུག་པ༔ སངས་རྒྱས་བདུན་པ༔ སྒྲོལ་མ་མཆོག་གི་གཟུངས༔ ཡངས་པའི་གྲོང་ཁྱེར་དུ་འཇུག་པ༔ ནོར་གྱི་རྒྱུན༔ སངས་རྒྱས་བཅུ་གཉིས་པ༔ སྒོ་བཟང་པོ༔ དྲི་མ་མེད་པ༔ ཁྱད་པར་ཅན༔ རྒྱལ་བ་ཅན༔ རྡོ་རྗེ་མི་ཕམ་པ༔ མེ་ལྟར་རབ་ཏུ་རྨོངས་བྱེད༔ མཚན་མོ་བཟང་པོ༔ རྒྱལ་བའི་བླ་མ༔ འོད་

4-64b

དཔག་མེད༔ སྣང་བརྒྱད༔ ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ༔ རིམས་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ༔ སྨན་གཏོང་བའི་སྔགས༔ མདང་ཕྱིར་འཕྲོག་པ༔ ཆོས་ཐམས་ཅད་ཀྱི་ཡུམ༔ ཞལ་བཅུ་གཅིག་པ༔ བཅིངས་པ་འགྲོལ་བ༔ སྙིང་རྗེས་མི་ཆོད་པ༔ དོན་ཡོད་ཞགས་པ༔ ནད་མེད་པར་གྱུར་པ༔ སངས་རྒྱས་བཅུ་གཉིས་པ༔ བློ་རྣོ་བ༔ སངས་རྒྱས་སྙིང་པོ༔ ཀུན་ཏུ་བཟང་པོ༔ སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ༔ རིང་བསྲེལ་གྱི་ཟ་མ་ཏོག་གི་ཕྱག་རྒྱ༔ ཤེས་རབ་བསྐྱེད་པ༔ དབྱིག་དང་ལྡན་པ༔ ཡི་གེ་དྲུག་པ༔ འཕགས་པ་གཟུངས་ཆེན་མོ༔ བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ༔ གཙུག་གི་ནོར་བུ༔ ཕྱིར་བཟློག་རྣམ་པར་རྒྱལ་བ་ཅན༔ ཕྱིར་བཟློག་སྟོབས་ཆེན༔ མེ་ཏོག་བརྩེགས་པ༔ སའི་དབང་པོ་ཆེན་པོ༔ འགྲོ་ལྡིང་བ༔ བུ་མང་པོ་བཏོན་པ༔ རྣམ་པར་སྣང་མཛད་ཀྱི་སྙིང་པོ༔ རྒྱལ་མཚན་རྩེ་མོའི་དཔུང་རྒྱན༔ ལྷ་མོ་ནག་མོ༔

4-65a

༄༅༔       ༔ལྷ་མོ་འོད་ཟེར་ཅན༔ དཔལ་ཆེན་མོའི་མཚན་བཅུ་གཉིས་པ༔ ལྷ་མོ་ནམ་གྲུ༔ དཔལ་ཆེན་མོའི་མདོ༔ བདུད་རྩི་སྨན༔ དཔལ་ཆེན་མོ༔ པརྞ་ཤ་བ་རི༔ ལག་ན་རྡོ་རྗེ་བཅུའི་སྙིང་པོ༔ མིག་ནད་ཞི་བར་བྱེད་པ༔ ཚོགས་ཀྱི་བདག་པོ༔ གཞན་གྱིས་མི་ཐུབ་པ༔ རིན་པོ་ཆེའི་འཕྲེང་བ༔ དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བོ༔ མགྲིན་པ་སྙན་པ༔ རྨ་བྱའི་སྙིང་པོ༔ རིག་པའི་རྒྱལ་མོ༔ སྒོ་མཐའ་ཡས༔ གཟའི་ཡུམ༔ གནམ་ལྕགས་མཆུ་སྟེ་དགུ་བཅུ་གོ་གཅིག་གོ༔ སྤྱི་ཏི་སྙིང་ཏིག་རྒྱུད་ཉི་ཤུའི་སྡུད་པ་པོ་ནི་མཁའ་འགྲོ་མ་ལ་སོགས་པའོ༔ ལོ་པཎ་བཀའི་ཐང་ཡིག་ལས་སྤྱི་ཏི་ཡོ་གའི་ཕུན་ཚོགས་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔