༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་བཞི་པ། རང་རྒྱལ་ཐེག་པ་བསྟན་པ།
Previous Chapter
Next Chapter

(ལེའུ་ཉེར་བཞི་པ། རང་རྒྱལ་ཐེག་པ་བསྟན་པ།)

རང་རྒྱལ་ཐེག་པ་ལ་ཡང་བཞི༔ ངོ་བོ་ངེས་ཚིག་དབྱེ་བ་ཁྱད༔ ངོ་བོ་རང་རྒྱལ་ལྟ་སྤྱོད་བསྡོངས༔ ངེས་ཚིག་རང་ཉིད་གཅིག་པུ་རུ༔ སློབ་དཔོན་མེད་པར་སངས་རྒྱས་པ༔ དབྱེ་ན་དབང་པོ་རྣོ་རྟུལ་གཉིས༔ ཁྱད་པར་འཕགས་ཚུལ་བསྟན་པ་ནི༔ ཉན་ཐོས་ལྟ་སྒོམ་སྤྱོད་འབྲས་ལས༔ རང་རྒྱལ་ཁྱད་པར་བཞིས་འཕགས་ཏེ༔ ལྟ་བ་བདག་མེད་ཆེ་བ་དང་༔ སྒོམ་པ་རྟེན་འབྲེལ་བཅུ་གཉིས་བསྒོམ༔ སྤྱོད་པ་རྫུ་འཕྲུལ་ཡ་མ་ཟུང་༔ གཞན་དོན་བག་རེ་བྱེད་པའོ༔ འབྲས་བུ་ཡིད་བཞིན་བདེ་བའི་ས༔ ལོ་པཎ་བཀའི་ཐང་ཡིག་ལས་རང་རྒྱལ་ཐེག་པ་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔